སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་སྨན་ཆེད་མཁས་པ་ཆེན་མོ་རྒན་བཀྲ་རྒྱལ་ལགས།
སྤེལ་དུས། 2014-07-13   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

   ཁྱིམ་རྒྱུད་ཆེན་མོར་སྨན་པའང་སྐད་གྲགས་ཅན་འཁྲུངས་པ།

དེ་ཡང་༡༩༤༩ལོའི་ལོ་གསར་ཟླ་བ་དང་པོར་བཀྲ་རྒྱལ་ལགས་ནི་བྲག་གཡབ་བྱམས་མདུན་གྲོང་རེ་ཚང་གི་མི་རྒྱུད་དུ་འཁྲུངས་ཤིང་། ཁོང་གི་ཡུམ་ཆེན་ནི་སྙིང་རྗེ་གཤིས་འཇམ་མངའ་བ་ཞིག་རེད། སྐབས་དེར་སྐད་གྲགས་ཆགས་ཡོད།

རང་ལོ་བདུན་བརྒྱད་ནས་བཀྲ་རྒྱལ་ལགས་ཀྱི་ཕ་དང་ཨ་ཁུའི་དྲུང་དུ་བོད་ཡིག་སྦྱངས་ཤིང་རྨང་གཞི་ལེགས་པོ་བཏིང་། རྗེས་སུ་ས་གནས་དེའི་སྨན་པ་གཡུ་ལྷ་ལགས་བསྟེན་ཅིང་བོད་སྨན་དཔྱིས་ཕྱིན་པར་སྦྱངས། བབ་ཆགས་ཀྱི་སྒོ་བསྟེན་ཁང་ཆུང་ཆུང་དེ་རུ་ཁོང་གི་སྨན་རྫས་རེ་རེའི་ཕན་ནུས་ངོ་ཤེས་ཤིང་ཡ་མཚན་གྱིས་དད་པ་བྱུང་། གནམ་འོག་གི་མི་བདེ་སེལ་འདོད་ན་གཡང་གཟར་གྱི་བདུད་རྩི་བུམ་པ་བླངས་དགོས་པའི་དཔེ་དང་མཚུངས།

དེ་ལྟར་ལོ་ཤས་རྗེས་སུ་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ཁོང་གིས་གསོ་རིག་སྦྱངས་མཚམས་འཇོག་དགོས་པ་བྱུང་། རང་སེམས་སུ་ནམ་ཡང་གསོ་རིག་ལ་དུང་བའི་མདུན་པ་འགོག་ཏུ་མེད། ༡༩༧༢ལོར་ཡང་བསྐྱར་གསོ་རིག་གཉེར་བའི་གོ་སྐབས་བྱུང་ཞིང་།སྐབས་དེར་དཔེ་ཆ་དང་སྣག་ཚ་ཤིན་ཏུ་དཀོན་ནའང་ཁོང་གིས་གོ་རྟོགས་དང་འཇོན་ནུས་ལ་བརྟེན་ནས་ལམ་གསེང་ཤེས་བྱ་གསར་པ་མང་པོ་ཞིག་ཤེས་རྟོགས་བྱུང་སྟེ་སྐད་གྲགས་ཅན་གྱི་སྨན་པ་ཞིག་ཏུ་གྱུར།

དེ་ལྟར་ལོ་མང་ནང་དུ་ཁོང་ལས་བྲེལ་ཤིན་ཏུ་ཆེ་ནའང་འོན་ཏེ་རང་ཉིད་ཀྱི་ཁོམ་སྐབས་བཙལ་ཏེ་རི་ཀླུང་ཐང་གསུམ་དུ་བསྐྱོད་སྨན་རྒྱུ་འཚོལ་བ་དང་། གང་རི་དང་རྫ་ལུང།བྲག་རི་དང་གཡང་གཟར་གང་སར་བསྐྱོད་དེ་བོད་སྨན་ཚད་ལྡན་བསྟན་བཅོས་ལས་བསྟན་པའི་སྨན་ངོ་དབྱེ་འབྱེད་དང་ཁ་མདོག མཆོག་སྨན་ཕན་ནུས་སོགས་བྱང་ཆུབ་པར་བྱས།འདི་ལྟར་དོན་དངོས་ལག་ལེན་ཁྲོད་དུ་ཁེངས་སྐྱུངས་ཞི་དུལ་བག་ཡོད་སྒོས་བོད་སྨན་ལ་བག་ཆགས་བླ་ན་མེད་པ་བཞག

 

ཆེད་ལས་ལ་ཧུར་བརྩོན་དང་ལས་ཀ་ཞིབ་འཇུག་ཟབ་མོས་སྐབས་དེར་ཁོང་གིས་གསོ་རིག་རྒྱུད་བཞི་དང་དངུལ་ཆུ་ལག་ལེན་བཅས་ལ་སྦྱངས་པ་གནང་བ་མ་ཟད། ཀྲུང་ལུགས་ཀྱི་སྐམ་ཁབ་གཙགས་བུ་སོགས་ལག་ཤེས་ཡང་བསླབ་པ་རེད། དེ་ལྟར་ཉམས་མྱོང་ཕུན་སུམ་ཇེ་ཚོགས་དང་ལག་རྩལ་བླ་ནས་བླ་རུ་འཕེལ་ཏེ་ལོ་ཤས་ནང་དུ་ཁོང་གི་མདུན་དུ་ཉིན་རེར་ནད་པ་༥༠སླེབས་བཞིན་ཡོད།བྱམས་བརྩེ་བློ་གཅིག་གིས་བདུད་རྩི་འབུལ་བ།

 

༡༩༨༧ལོར་ས་གནས་སྲིད་གཞུང་གིས་རྒྱབ་སྐྱོར་དཔེ་མེད་སྒོས་ཁོང་གིས་བོད་སྨན་བྱ་བཞག་འཕེལ་རྒྱས་ལ་ཤུགས་སྣོན་དང་།བཀྲ་རྒྱལ་ལགས་སྨན་པར་གནད་འདྲེན་གནང་བའི་གྲས་རེད། འདི་ལྟར་བཀྲ་རྒྱལ་ལགས་ཀྱི་རང་ཉིད་ཀྱི་འཇོན་ཐང་ངོ་མ་ངོམས་པར་གར་སྟེགས་ཞིག་བསྐྲུན་པ་ཤིན་ཏུ་མཚུངས།

ནད་པ་ནི་སྨན་པའི་ཆེས་རྩ་བར་གྱུར་བ་ཞིག་སྟེ། ཁོང་གིས་འདི་ལྟར་གསུངས་ཞིང་འདི་ལྟར་སྒྲུབ་བཞིན་ཡོད། ལས་ཀའི་འགན་འཁྲི་ལྕི་ནའང་ཆ་རྐྱེན་ཡང་ཧ་ཅང་ཐབས་ཆག་ལྟ་བུར་ལགས་མོད། འོན་ཏེ་ཁོང་གིས་ནད་པར་རྩེ་གཅིག་གིས་ལྟོས་ཤིང་ཞིབ་ཚགས་ཀྱིས་ནད་པ་སྙིང་རྗེས་བསྐྱངས་བས་ནད་པ་གང་མང་ཞིག་དད་པའི་སེམས་པ་གཡོས།ལས་གྲོགས་་ཐམས་ཅད་ཀྱང་སེམས་འགུལ་ཐེབས་པ་རེད།ཁོང་ནི་ལས་ཀ་གཅིག་པུར་བྲེལ་བའི་རང་ཉིད་ཀྱི་ཆེད་ལས་ལ་དུང་ཞེན་གྱིས་སྨྱོས་པའི་ནད་པའི་ཟུག་རྔུ་འབྱིན་པ་ནམ་ཡང་ལྷོད་མེད་ཀྱིས་བརྩོན་མཁན་དཔེ་མེད་ཅིག་རེད།

ཐེངས་རེར་དབུལ་ཁྱིམ་ནས་འོངས་བའི་ནད་པར་ཤིན་ཏུ་གཅེས་པར་བསྐྱངས་ཤིང་། ༡༩༨༧ལོར་ཁོང་གི་བུ་དང་མཉམ་དུ་སྒོ་བསྟེན་ཁང་ཞིག་བཙུགས་ཤིང་རྒྱ་ཆེ་བའི་ནད་པར་ཞབས་འདེགས་ཞུས་པ་རེད། འདི་ལྟར་གླིང་རྒྱས་བོད་སྨན་སྒོ་བསྟེན་ཁང་གསར་དུ་ཚུགས་པ་རེད། དེ་ལྟར་ཁོང་སྔར་ལས་བྲེལ་བ་ཆེ་ཞིང་གཞུང་ལས་སྐབས་དང་ངལ་གསོའི་སྐབས་སུ་དེ་རུ་སྨན་བཅོས་ལ་བྲེལ་བཞིན་འདུག ལོ་ངོ་མང་པོར་ནད་པ་ཟམ་མི་ཆད་པ་དང་ཁོང་གི་ལས་ཀ་ནི་མཚན་མོའི་དུས་སུའང་ངལ་གསོ་བྱེད་ཁོམ་བྲལ་འདུག

བོད་སྨན་སྒོ་བསྟེན་ཁང་དུ་ཁྲག་གཏར་བ་དང་མེ་བུམ། གཙགས་ཁབ་སོགས་ཐམས་ཅད་རིན་མེད་དུ་སྒྲུབ་ཅིང་། གཞན་ཡང་ཡ་མཚར་བ་ཞིག་ལ་ཁོང་གི་སྨན་རིན་ལ་གཏན་འབེབས་ཚད་གཞི་མེད་པར་སྨན་རིན་ག་ཚོད་འཇལ་ནའང་ཆོག་ལ་དབུལ་བོའི་ནད་པར་སྨན་རིན་སྐར་གང་ཡང་མི་བསྡུ་བ་རེད།ཁོང་གི་སྐད་གྲགས་ནི་སྐད་ཅིག་མར་བྱ་འཕུར་བ་བཞིན་ཆབ་མདོ་ཡོངས་སུ་ཁྱབ།ནད་པ་མི་ཉུང་བ་ཞིག་སྤྱི་ལེ་བརྒྱ་ཕྲག་་བརྒལ་ཏེ་ཁོང་བཙལ་བར་འོངས་པ་རེད། ལག་སྟོང་ཆན་སྟོང་དུ་འོངས་ནའང་བཀྲ་རྒྱལ་ལགས་ནས་རང་་ཁྱིམ་དུ་ཉར་ཞིང་འཚོ་བའི་མཐུན་རྐྱེན་གང་ལེགས་བསྐྲུན་བཞིན་འདུག ལྷག་པར་དུ་ཉེ་ཆར་བཀྲ་རྒྱལ་ལགས་ནས་མང་ཚོགས་ལ་མ་དངུལ་སྒོར་ཁྲི་བརྒྱ་ལྷག་གིས་སྨན་སྦྱིན་གཏོང་བཞིན་འདུག

ད་ལྟ་བཀྲ་རྒྱལ་དགུང་ལོ་༧༠ཟིན་པ་དང་ཉིན་རེར་ཐོ་རེངས་ནས་མལ་ལས་ལངས་ཤིང་ཉིན་གང་པོར་ལས་ཀར་བྲེལ་ཅིང་མཚན་གུང་བར་དུ་ངལ་གསོ་བྱེད་མི་ཐུབ།སྡོམ་རྩིས་ལྟར་ན་ཉིན་རེར་ཁོང་གིས་ནད་པ་༢༠༠ལྷག་ལ་བལྟ་བ་དང་ཉུང་མཐའ་ཡང་༡༠༠ལྷག་ལ་ཆད་མེད་དུ་གྱུར་འདུག

བཀྲ་རྒྱལ་ལགས་ཀྱི་ལག་རྩལ་ལ་ཤིན་ཏུ་བྱང་ཞིང་ཉམས་མྱོང་ཕུན་སུམ་ཚོགས་པས་སྐད་གྲགས་ཀྱང་གང་ཆར་ཁྱབ། ལྷག་པར་དུ་ཁྲག་གཏར་བ་ལ་མཆོག་ཏུ་མཁས་པས་མིག་སྔར་གཏར་རྩ་དོན་བདུན་ཆ་ཚང་གཏར་ཐུབ་མཁན་གྱི་ཆེད་ལས་མཁས་དབང་གཅིག་པུ་དེ་རེད།

དེང་སྐབས་བཀྲ་རྒྱལ་ལགས་བོད་སྨན་ཆེད་མཁས་པར་གྱུར་ཡང་ཁོང་གིས་སློབ་གཉེར་ནི་ནམ་ཡང་མཚངས་བཞག་ཏུ་མེད། སྔ་གཞུག་དུ་རྒྱལ་ཁབ་སྨན་པ་ཆེན་མོ་རྒན་བྱམས་པ་འཕྲིན་ལས་དང་པན་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེའི་སོགས་ཀྱི་མདུན་ནས་བོད་ཀྱི་གསོ་རིག་ལ་སྦྱངས་བ་བྱས།

ཁོང་གིས་ཉམས་ཐག་ནད་པའི་ལས་ལ་བརྩོན་བཞིན་ལི་ཐོ་སྒྲིགས་པ་སོགས་བོད་ཀྱི་གསོ་རིག་བྱ་བསྐྱར་དར་ལ་འཕེལ་རྒྱས་བརྩོན་བཞིན་མཆིས། ༡༩༩༠ནས་བརྩམས་བོད་ལྗོངས་ཀྱི་ས་གནས་སོ་སོའི་སྲིད་གཞུང་གིས་རྒྱབ་སྐྱོར་དང་ལོ་ངོ་༧ལ་བཀྲ་རྒྱལ་ལགས་བོད་ལྗོངས་དང་ཟི་ཁྲོན། མཚོ་སྔོན་བཅས་སུ་བོད་སྨན་སློབ་མ་༢༢༥ཙམ་བསྡུས་ཏེ་བོད་སྨན་མཁས་དབང་དགེ་རྒན་ཆེན་མོ་དང་སློབ་གཙོའི་འགན་བཞེས་པ་རེད། སྐབས་དེར་ཡང་ཉིན་རེར་ལས་ཀ་ཆག་མེད་དང་གསོ་རིག་འཆད་་ཁྲིད། གཞན་རིག་གཞུང་གཞན་དག་ཡང་སློབ་ཁྲིད་བྱས། ཁོང་གིས་ཀུན་སློང་གཙང་མས་བསྐྱངས་བའི་བོད་སྨན་མི་སྣ་དག་སྔ་གཞུག་ཏུ་ལས་གནས་སུ་ཞུགས་ཏེ་འཇོན་ཐང་ངོམས་བཞིན་ཡོད། ཉེ་ཆར་་ཁོང་གིས་བོད་སྨན་མི་སྣ་བསྐྱངས་བ་དང་འབྲེལ་ཡོད་སློབ་ཁྲིད་གནང་བ་དག་ལས་མང་ཆེ་བ་ཞིག་ནི་བོད་སྨན་ཁང་གི་དག་གི་གདུང་འདེགས་ཀ་བ་ལྟ་བུར་གྱུར་འདུག

ལོ་ངོ་༤༠ལྷག་གི་རིང་དུ་བཀྲ་རྒྱལ་ལགས་ནས་མུ་མཐུད་དེ་གསར་གཏོད་དང་མདུན་སྙེགས་ཀྱིས་བོད་ཀྱི་གསོ་སྨན་རྫས་ལ་ཞིབ་འཇུག་མཛད་རྗེས་མི་དམན་པ་གནང་། གཏར་རྩ་༧༧དང་གབ་རྩ་༦༥སོགས་པ་གསལ་ཁ་བཏོན་པ་དང་། མཆིན་ནད་དང་། ཁྲག་གར་པོ། མིད་འཆུས། མཁལ་སྟོབས་ཉམས་པ་བཅས་ལ་གཏིང་ཟབ་མོས་ཞིབ་འཇུག་དང་སྨན་རྫས་གསར་གཏོད་ཀྱང་ཨ་གར་རིལ་བུ་དང་། ཉི་མ་སོ་གཉིས། གླིང་རྒྱས་རིལ་བུ་སོགས་བོད་སྨན་༢༠༠ཙམ་བཟོས་ཤིང་། བོད་སྨན་བྱ་བཞག་འཕེལ་རྒྱས་ལ་མཛད་རྗེས་གང་ལེགས་གནང་། གཞན་ཡང་ཞིབ་འཇུག་ཆེད་རྩོམ་ཡང་སྔ་གཞུག་ཏུ་མཆིན་ནད་བཅོས་ཐབས་ཀྱི་ལག་ལེན་ཟིན་ཐོ་དང་། མ་ཞུ་བའི་སྐོར། རྩ་ཏྲེམ་བཅོས་ཐབས་ཀྱི་མྱོང་ཚོར་སོགས་དཔྱད་གཞི་རིན་ཐང་ལྡན་པ་དག་གསར་རྩོམ་གནང་། དེ་ལས་ཀྱང་གབ་རྩ་ངོས་འཛིན་གྱི་ཆེད་རྩོམ་ལ་བོད་ཀྱི་གསོ་རིག་སློབ་གསོའི་ཕུལ་བྱུང་གཟེངས་རྟགས་ཐོབ།༢༠༡༣ལོར་ཁྲེན་ཏུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་གདན་ཞུ་འབུམ་རམས་པའི་དགེ་རྒན་ཆེན་མོའི་གོ་གནས་ཐོབ།

ད་ལྟའི་བར་དུ་བཀྲ་རྒྱལ་ལགས་ནས་བྲག་གཡབ་བོད་སྨན་ཁང་དང་རང་ཉིད་ཀྱི་སྒོ་བསྟེན་ཁང་གི་བྱ་བ་ཆག་མེད་དང་།གཞན་བོད་སྨན་བྱ་བཞག་ལ་ཞིབ་འཇུག་ལས་ཀ་གང་མང་གནང་བ་རེད། ཆབ་ཅིག་ཁོང་རེང་ཉིད་ཆེད་མཁས་གཞོན་པ་དང་རྒྱལ་ཁབ་རིམ་པའི་མཁས་དབང་།རང་སྐྱོང་ལྗོངས་འཕྲོད་བསྟེན་མ་ལག་གི་ཕུལ་བྱུང་མི་སྣ། མཐོ་སྒང་གི་སྔོན་ཐོན་མི་སྣ། རང་ལྗོངས་སྨན་རྩིས་ཁང་།མཚོ་སྔོན་བོད་སྨན་ཁང་དང་གསོ་རིག་སློབ་གྲྭ་ཆེན་མོ་སོགས་ཀྱི་གདན་ཞུ་ཆེད་མཁས་པའི་མཚན་སྙན་བཞེས། ༢༠༡༣ལོར་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གིས་རྩ་འཛུགས་ཀྱིས་ཁོང་གིས་ཞིབ་འཇུག་ཆེད་རྩོམ་གཏར་ཀའི་སྐོར་གྱི་ཞིབ་འཇུག་སྟེ། འདི་ནི་བོད་སྨན་གྱི་གཏར་གའི་སྐོར་ལ་སྨིན་པའི་ཆེས་རིན་ཐང་ལྡན་པ་ཞིག་རེད།

ཁོང་གི་གཟུགས་པོ་ཅུང་རྒས་ནའང་ཉམས་ཐག་ནད་པའི་ལས་ལ་གཞོལ་བ་ནི་ནམ་ཡང་མཚམས་བཞག་ཏུ་མེད་ལ། མི་ཚེ་གང་སྙིང་རྗེ་སེམས་རྒྱུད་དྲང་མོའི་ཉམས་ཐག་ནད་པ་སྐྱོང་བའི་རླབས་ཆེན་བྱང་འཕགས་ཀྱི་སྤྱོད་པ་བཏང་དུ་བླངས་འདུག

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060