སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་གྲགས་ཅན་སྨན་པ་དགྲ་འདུལ་ལ་རང་རྒྱལ་གསོ་རིག་གི་ལྷ་རྗེ་ཆེ་མོའི་མཚན་སྙན་ཐོབ་པ།
སྤེལ་དུས། 2014-07-22   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་པ་པོ།  ཚེ་རྡོར།

    ཉེ་ཆར། སྐབས་གཉིས་པའི་རང་རྒྱལ་གསོ་རིག་གི་ལྷ་རྗེ་ཆེ་མོའི་དཔྱད་འདེམས་ཚོགས་ཆེན་ཐོག  བོད་ལྗོངས་གསོ་རིག་སློབ་གླིང་གི་གྲགས་ཅན་ཡོན་ཀྲང་དང་། སྨན་རམས་པ་དགྲ་འདུལ་ལགས་འདེམས་མི ༡༡༦ ཁྲོད་ནས་འབུར་དུ་ཐོན་ཏེ།   རང་རྒྱལ་གསོ་རིག་གི་ལྷ་རྗེ་ཆེ་མོར་བདམས་ཐོན་བྱུང་བ་དང་དེ་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱི་རྗེས་སུ་མཚན་སྙན་དེ་ཐོབ་མཁན་བོད་ཀྱི་གསོ་རིག་གི་སྨན་པ་མཁས་དབང་གཉིས་པ་དེ་ཡིན་པ་རེད།

  ཟླ ༧ ཚེས ༡༨ ཉིན།  བོད་རང་སྐྱོངས་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་འཚམས་འདྲི་ཚོགས་ཆུང་གི་སྣེ་ཁྲིད་ནས།  རང་རྒྱལ་གསོ་རིག་གི་ལྷ་རྗེ་ཆེ་མོ་དགྲ་འདུལ་ལ་འཚམས་འདྲི་གནང་བ་མ་ཟད།  ཧྲུའུ་ཅི་ཁྲེན་ཆོན་གོས་ཁོང་ལ་མཚན་སྙན་དེ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་ལུགས་བརྒྱུད་སྒྲགས་གནང་བ་རེད།།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060