༄༅།། བོད་ལྗོངས་ནི་ཆེས་མཛེས་སྡུག་ལྡན་པའི་གནས་མཆོག་ཅིག་ཡིན། གནས་དེ་རུ་ང་ཚོའི་སེམས་པ་བཅོས་མིན་རང་བྱུང་གི་མཛེས་ལྗོངས་དང་ཉེ་བར་བཅུར་ཐུབ་ལ། སྡུག་ཡུས་ཀྱིས་ཁེངས་པའི་འཚོ་བའི་འདུ་འཛི་དེ་རིང་དུ་དོར་ནས་ཚེ་སྲོག་ལ་གུང་བཀུར་དང་། འཚོ་བའི་དོན་སྙིང་ཅི་ཞིག་ཡིན་པ་ཡང་སྔར་ལས་ཀྱང་གཏིང་ཟབ་པ་ཞིག་རྟོགས་ཐུབ།
༄༅།། ཟིང་ཟང་གི་འདུ་འཛི་རིང་དུ་བྲལ་བའི་གནས་ནི་བོད་ལྗོངས་མ་གཏོགས་མེད།
༄༅།། གནས་དེ་རུ་ནམ་མཁའ་ནི་མཐིང་གའི་མདངས་ལ་མཁུ་ཞིང་། ནམ་མཁའ་དང་ཐག་ཇེ་ཉེ་རུ་སོང་བའི་ཚོར་བ་ཞིག་ངང་གིས་སྟེར་འོང་།གནས་དེ་ནས་སུན་སྣང་དང་འཚོ་བའི་གནོན་ཤུགས་ཀྱིས་ཁེངས་པའི་སེམས་པ་ལྷོད་ལ་འབབ་ཐུབ་པ་དང་།ཟིང་ཟིང་གི་འདུ་འཛི་དབེན་པའི་སྐྱེལ་ཚལ་ཞིག་ཏུ་སླེབས་པའི་ཚོར་སྣང་སྐྱིད་པོ་ཞིག་སྟེར་འོང་།
༄༅།། ངའི་སེམས་པའི་སྣང་ངོར་བོད་ལྗོངས་ནི་ངོ་མཚར་ཞིང་ཡིད་དུ་འོང་བའི་གནས་མཆོག་ཡན་གར་བ་ཞིག་ཡིན་ལ།འཇིག་རྟེན་འདི་ན་ཆེས་དཀོན་པའི་དག་ཞིང་ཞིག་དང་།ལྟ་བས་མི་ངོམ་པའི་ཡུལ་ཁྱད་པར་ཞིག་ཡིན།
༄༅།། བོད་ལྗོངས་ནི་ཆེས་མཛེས་སྡུག་ལྡན་པའི་ཡུལ་གྲུ་ཞིག་རེད།
༄༅།། སེམས་པ་དེ་དྭངས་ཤིང་གཙང་བའི་མཁའ་དབྱིངས་སུ་གང་དགར་རྩེན།
* ནོར་བུ། བོད་ལྗོངས་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ལ་ཟིལ་ཤུགས་ཆེ་བ། རྩོལ་བྱུང་གི་རིག་གནས་འོད་སྟོང་འབར་བ། མཛེས་སྡུག་གི་ཡུལ་ལྗོངས་ལྟ་ན་སྡུག་པ། ར་རོའི་དྲི་མས་མ་ལྷད་པའི་དག་པའི་ཞིང་ཁམས་ཞིག་སྟེ་ང་ཚོ་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་གནས་མཆོག་ཅིག་གོ།
* མཚོ་མོ། གནས་དེ་ན་ང་ཚོའི་འོད་སྟོང་བའི་འབར་བའི་ལོ་རྒྱུས་དང་རིག་གནས་ཀྱི་དཔང་བོ་ཡོད་ལ། གནས་དེ་ན་བོད་མི་རིགས་ཀྱི་བློ་གྲོས་་ཀྱི་ཉིང་བཅུད་ལས་འཁྲུངས་པའི་འདོད་འཇོའི་གླེགས་བམ་ཉར་ཡོད། གནས་དེ་ན་སེམས་ཅན་ཐམས་ཅད་ཅེས་མི་འཚེ་བའི་རྣམ་དག་མན་ངག་གི་གསུང་སྙན་གྱིས་ཁེངས་ཡོད་ལ། གནས་དེ་ན་འཇིག་རྟེན་འདིའི་ཆེས་མཐའ་མཇུག་གི་དག་ཞིང་སྟེ་ཤམ་བྷ་ལའི་དཀྱིལ་འཁོར་བཞེངས་ཡོད།
* ལི་ཝུན་ལུང་། མཛེས་སྡུག་ལྡན་ལ་བརྗིད་ཉམས་ཆེ། མི་གཤིས་དྲང་ལ་ལྷག་བསམ་ཆེ། དར་སྲོལ་ཡག་ལ་ཕུན་སུམ་ཚོགས།
* 527288yay:བོད་ལྗོངས་ནི་འཛམ་གླིང་སྟེང་ཟིང་ཟང་གི་འདུ་འཛི་རིང་དུ་བྲལ་བའི་གནས་ཁོ་ན་ཡིན།
* babulo:བཀོད་པ་ཁྱད་དུ་འཕགས་པའི་ཕོ་བྲང་པོ་ཏ་ལ། མུ་མཐའ་མེད་པའི་ནག་ཆུའི་རྩྭ་ཐང་དང་། ལྷུན་ཞིང་བརྗིད་པའི་ཇོ་མོ་གླིང་མ་ཡོད་ཚད་བོད་ལྗོངས་སུ་མ་གཏོགས་མེད།