སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༄༅ །། རྩེད་ཐང་མགོན་པོ་རི།
སྤེལ་དུས། 2008-07-22   ཡོང་ཁུངས། 《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད》   རྩོམ་པ་པོ།  བིས་མདོ་བ་རྡོ་རྗེ་རིན་ཆེན།
 

  རྩེད་ཐང་མགོན་པོ་རི་ནི། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་ལྟེ་གནས་རྩེད་ཐང་གྲོང་རྡལ་དང་ཐག་མི་རིང་བའི་སར་ཆགས་ཡོད་ཅིང་། དེ་ལ་ཟོ་དང་གངས་གོང་པོ་རི་ཞེས་གྲགས། དེ་ནི་བོད་མི་ཀུན་གྱི་ངག་སྒྲོས་སུ་བོད་མི་ཕ་སྤྲེའུ་དང་མ་བྲག་སྲིན་མོ་ལས་ཆད་པར་བཤད་པའི་སྐབས་ཀྱི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་སྒྲུབ་གནས་ཡིན།

བོད་ཀྱི་འགྲོ་བ་མིའི་རིགས་ཇི་ལྟར་བྱུང་ཚུལ་སྐོར་ནི་སྔོན་དུ་ལོ་རྒྱུས་བརྗོད་པའི་སྐབས་སོང་ཟིན་ལ། བོད་མིས་བོད་རང་གི་མེས་པོ་སྤྲ་དང་སྤྲེལ་འདུས་པ་ལས་བྱུང་བར་འཆད་པའི་གཏམ་དེ་ནི་སྤྱིར་མིའི་རིགས་ཇི་ལྟར་བྱུང་བའི་བཤད་ཚུལ་སྣ་ཚོགས་ཁྲོད་འོད་སྟོང་འཚེར་བའི་ཚན་རིག་གི་ལྟ་བ་ཡང་དག་ཅིག་ཡིན་པས། ད་ལྟ་ལོ་རྒྱུས་རྟོག་ཞིབ་པ་དང་བོད་མི་གནས་འདིར་མཇལ་སྐོར་དུ་ཕེབས་མཁན་མི་ཉུང་བ་ཞིག་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060