སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༄༅ །། ཡར་འབྲོག་གཡུ་མཚོ།
སྤེལ་དུས། 2008-07-23   ཡོང་ཁུངས། 《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད》   རྩོམ་པ་པོ།  བིས་མདོ་བ་རྡོ་རྗེ་རིན་ཆེན།

 

      ཡར་འབྲོག་གཡུ་མཚོ་ནི། ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁུལ་སྣ་དཀར་རྩེ་རྫོང་གི་བྱང་རྒྱུད་དུ་གནས། ལྷ་ས་གྲོང་ཁྱེར་ནས་ལེ་དབར་སུམ་བརྒྱ་དང་བཞི་བཅུས་ཆོད་པའི་ཡར་འབྲོག་གཡུ་མཚོ་དེ་དང་། མ་ཕམ་གཡུ་མཚོ། བྱང་གན་མཚོ་བཅས་ནི་བོད་ཀྱི་བླ་མཚོ་གྲགས་ཅན་གསུམ་ཡིན། མཚོ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་དྲུག་བརྒྱ་བདུན་ཅུ་དོན་བརྒྱད་དང་། རྒྱ་མཚོའི་ངོས་ལས་རྨིད་བཞི་སྟོང་བཞི་བརྒྱ་བཞི་བཅུ་ཞེ་གཅིག་གིས་མཐོ་ཞིང་། མཚོ་གཏིང་རིང་སར་ཟབ་ཚད་རྨིད་ལྔ་བཅུ་ང་དགུ་ཡོད། མཚོ་དེའི་ནུབ་བྱང་གི་མཚོ་སྣེར་མཚོ་ཆུ་ཡར་ཀླུང་གཙང་པོར་རྒྱུག་ཐུབ་པའི་ཆུ་ལམ་ཞིག་ཡོད་རུང་། ད་ལྟ་བྱེ་འདམ་གྱིས་བཀག་ནས་རྦད་དེ་ཆུ་རྒྱུགས་མེད་པའི་སྐམ་སའི་ནང་ཁུལ་གྱི་མཚོ་རུ་གྱུར།

འཁོར་རྒྱ་ཧ་ལ་ལེ་དབར་ཆིག་སྟོང་ཙམ་ཡོད་པའི་ཡར་འབྲོག་གཡུ་མཚོར་ངང་སེར་སོགས་འདབ་ཆགས་དང་། གསེར་མིག་ཉ་མོ་མང་པོ་རྩེན་ཞིང་། མཚོ་དྭངས་ལ་ཁོར་ཡུག་ཀུན་ནས་མཛེས་པ་མ་ཟད། སྒོ་ཟོག་དང་རི་དྭགས་སྣ་ཚོགས་གང་འདོད་བག་ཡངས་སུ་རྒྱུ་བ་སོགས་འཇིག་རྟེན་འདིའི་ཕྱིའི་སྣོད་དུ་གྲུབ་པའི་མཛེས་སྡུག་ཐམས་ཅད་གཅིག་ཏུ་སྤུངས་པ་ལྟ་བུའི་དཔལ་སྤུངས་ཞིང་ཁམས་ཤིག་སྟེ། བོད་ལྗོངས་སུ་རྒྱུ་འགྲུལ་བྱེད་མཁན་མི་ཉུང་བས་ལམ་བར་ནས་མཐོང་ཡུལ་དུ་སྤྱོད་ཐུབ་པའི་མཚོ་གྲགས་ཆེ་བ་ཞིག་ཡིན་ནོ།།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060