སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༄༅ །། རྒྱལ་མོ་དམུ་རྡོ།
སྤེལ་དུས། 2008-07-28   ཡོང་ཁུངས། 《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད》   རྩོམ་པ་པོ།  བིས་མདོ་བ་རྡོ་རྗེ་རིན་ཆེན།

རྒྱལ་མོ་དམུ་རྡོ་ནི། ཤར་རྒྱལ་མོ་རོང་དུ་ཡོད་པའི་གཡུང་དྲུང་བོན་གྱི་གནས་རི་གྲགས་ཅན་བོན་གཏེར་མང་དུ་ཐོན་ས་སྟེ། བོན་གྱི་བསྟན་འབྱུང་ལེགས་བཤད་སྐལ་བཟང་མགྲིན་རྒྱན་ལས། ཡང་གཅིག་རྒྱལ་རོང་སེ་གཉན་ཞིག་པོ་ཡིས།།དམུ་རྡོ་གཡུང་དྲུང་སྤུངས་རྩེའི་གཡས་ཟུར་ནས།། བསེ་སྒྲོམ་གསུམ་བཏོན་གཅིག་ལ་འདུལ་འབུམ་སོགས།། འབུམ་སྡེ་ཁུ་བྱུག་མདོ་སོགས་མདོ་སོགས་མདོ་ཡི་སྡེ།། རྫོགས་ཆེན་མུ་མེད་གདལ་སོགས་རྒྱུད་སུམ་ཅུ།། བསེ་སྒྲོམ་གཅིག་ལ་བསེ་མཁར་འབྱུང་ཁུངས་སོགས།། བོན་སྡེ་བཅོ་ལྔ་གཅིག་ལ་གཏོ་འདུར་སེལ།། སྦྱངས་རྒྱུད་བདུན་སྐོར་ལ་སོགས་སྣ་ཚོགས་ཀྱིས།། བོན་སྡེ་ཉི་ཤུ་རྩ་གསུམ་བྱུང་བར་བཤད།། ཅེས་གསལ་བར་འབྱུང་བ་ལས་གོ་ཐུབ་བོ།།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060