སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཨ་རི་བ་ལུང་ཨན་ཀྲི་ཡི་བོད་ལུགས་ཨར་ཁང་།
སྤེལ་དུས། 2010-11-26   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  ལྗོན་སྨྱུག་ནས་བསྒྱུར།
      པེ་ཅིང་དང་། ཞང་ཀང་། བོད་ལྗོངས་བཅས་སུ་ལོ་༢༠ལྷག་རིང་ལ་བྱེས་སྡོད་བྱས་པའི་ཨ་རི་བ་ཞིག་གིས་བོད་ཀྱི་རིག་གནས་ལ་དགའ་ཞེན་བཅོས་མིན་ཞིག་སྐྱེས་ཏེ། བློ་གཅིག་སེམས་གཅིག་གིསཤམ་བྷ་ལའི བདེན་དོན་འཚོལ།  ཁོང་གི་ལྷ་སར་ཡོད་པའི་བོད་ལུགས་ཨར་ཁང་ཐོག་མ་དེའི་དམིགས་ཡུལ་ནི། གནས་དེར་ཕེབས་པའི་སྐུ་མགྲོན་རྣམས་ལ་རང་ཉིད་ཀྱི་ལོ་དུ་མའི་རིང་གི་རྟོགས་པ་ཁྱད་པར་བ་ཞིག་སྟེ། ཤམ་བྷ་ལ་དངོས་ནི་ས་གནས་ཤིག་མ་ཡིན་པར་མིའི་སེམས་ཁམས་ཤིག་དང་། འདུ་ཤེས་ཤིག   འཚོ་བ་རོལ་སྟངས་ཤིག་ཡིན་པ་ཤེས་སུ་འཇུག་ཕྱིར་ཡིན་ནོ། །  

     ༡༩༨༡ལོར་ལུང་ཨན་ཀྲི་ཡིས་ནན་ཁའེ་སློབ་ཆེན་ནས་སློབ་སྦྱོང་བྱས་པ་ནས་བཟུང་། པེ་ཅིང་དང་། ཞང་ཀང་། བོད་ལྗོངས་བཅས་སུ་ལོ་ངོ༢༠རིང་ལ་འཚོ་བ་བསྐྱལ་ཞིང་། དེའི་རིང་དུ་ཁོ་ཏཱ་(kodak)དང་། ཨའེ་ལི་ཞིན་(Ericsson)སོགས་འཛམ་གླིང་གི་ཁེ་ལས་བཟང་པོ་ལྔ་བརྒྱའི་གྲས་སུ་ཚུད་པའི་ཁེ་ལས་མི་ཉུང་བ་ཞིག་གི་ཁྲིམས་དོན་བློ་འདོན་པའི་འགན་བཞེས་བ་མ་ཟད། སོག་པོའི་སྲིད་འཛིན་གྱི་བློ་འདོན་པའི་འགན་ཡང་བཞེས་མྱོང་། ཁོང་ནི་ས་སྤར་མོ་གང་ཡང་གསེར་ལས་ལྷག་པའི་པེ་ཅིང་ཤར་གྲོང་ཁུལ་གྱི་ཁང་པ་གླིང་བཞི་ཅན་གསུམ་གྱི་བདག་པོ་ཡིན། དེ་ནང་ནས་མིང་དུ་གྲགས་པ་ནི་ཞིན་ཧུང་ཙི་རོལ་རྩེད་ཁངཡིན་ལ། ཕྱི་གླིང་བ་རྣམས་ཀྱིས་པེ་ཅིང་གི་ཆེས་མཆོག་ཏུ་གྱུར་བའི་ཟ་ཁང་ནང་གི་གཅིག་ཏུ་བགྲང་སྲོལ་ཡོད། དེ་མི་ཚད་ཁོང་ནི་རྩོམ་པ་པོ་དང་ཟིན་འགོད་བརྙན་འཕྲིན་གྱི་འཁྲབ་སྟོན་པ་ཞིག་ཀྱང་ཡིན། ཀྲུའུ་རུང་ཅིའི་རྟོགས་བརྗོདསོགས་ཀྲུང་གོའི་སྐོར་གྱི་དཔེ་ཆ་༢༠ལྷག་བརྩམས་པ་དང་། དེར་ནུབ་ཕྱོགས་ཀྱིས་དོ་སྣང་ཆེན་པོ་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་དུ། ལུང་ཨན་ཀྲི་ཡིས་རང་གི་ནུས་པ་ཡོད་ཚད་བོད་ཀྱི་རིག་གནས་སྲུང་སྐྱོབ་བྱེད་པའི་བྱ་གཞག་སྟེང་ལ་བཏོན་སྟེ། བོད་ཀྱི་རིག་གནས་སྐོར་གྱི་གསུང་འབུམ་དུ་མ་པར་དུ་བསྐྲུན་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་རྒྱལ་ཕྱིའི་སློབ་མ་ཨང་དང་པོ་ཡིན། ༢༠༠༥ལོ་དང་༢༠༠༦ལོར་ལུང་ཨན་ཀྲི་ཡིས་ལྷ་སའི་བར་སྐོར་གླིང་དུ་དུས་རབས༡༩བའི་བོད་ས་གནས་ཀྱི་སྐུ་དྲག་གི་བཞུགས་ཤག་གཉིས་ལ་མ་དངུལ་བཏང་སྟེ། ཤམ་བྷ་ལའི་ཕོ་བྲངཞེས་པའི་ཨར་ཁང་ཞིག་བཟོ་བསྐྲུན་བྱས་པ་རེད། 

ཤམ་བྷ་ལའི་ཕོ་བྲང་།

ས་གནས་ནི་ལྷ་ས་གྲོང་ཁྱེར་སྐྱིད་རས་ལམ་གཉིས་པའི་ཨང་༧པ།

ཁ་པར་ཨང་གྲངས༠༨༩༡-༦༣༢༦༥༣༣

དྲ་གནས།www.houseofshambhala.com

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060