སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གཞིས་ཀ་རྩེའི་རྫོང་རིའི་མཁར་རྫོང་དུ་བསྐྱོད་པ།
སྤེལ་དུས། 2010-08-04   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  ལྗོན་སྨྱུག་ནས་བསྒྱུར།
 

གཞིས་ཀ་རྩེའི་རྫོང་རིའི་མཁར་རྫོང་དུ་བསྐྱོད་པ།

  ལོ་རྒྱུས་སྟེང་དུ་གཞིས་ཀ་རྩེའི་རྫོང་རིའི་མཁར་རྫོང་ལ་པོ་ཏ་ལ་ཆུང་བ་ཞེས་སུ་གྲགས་ཤིང་། དེ་ནི་གཞིས་ཀ་རྩེ་ས་ཁུལ་གྱི་ལོ་རྒྱུས་སྟེང་གི་ཆབ་སྲིད་ལྟེ་བ་དང་ཡ་མོན་གནས་ཡུལ་ཡིན། རིག་གསར་དུས་སྐབས་སུ་གཏོར་བརླགས་ཐེབས་པ་རེད།  ༢༠༠༦ལོར་ཧྲང་ཧའེ་གྲོང་ཁྱེར་གྱིས་བོད་སྐྱོར་ཐད་མ་དངུལ་སྒོར་ཁྲི༤༠༠༠བཏང་སྟེ། རྫོང་རིའི་བཙན་རྫོང་གི་རྣམ་པ་སླར་གསོ་མཛད། སླར་གསོ་བྱས་རྗེས་ཀྱི་རྫོང་རིའི་རིག་དངོས་བཤམས་སྟོན་ཁང་ནི་གཞིས་ཀ་རྩེའི་མཚོན་བྱེད་རང་བཞིན་ལྡན་པའི་ཁང་པ་ཞིག་ཡིན།

           ཟུར་ལྟའི་ཤེས་བྱ།

  མཁར་རྫོང་འདི་ནི་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ཁོངས་སུ་ཆགས་ཡོད་ཅིང་གཞིས་རྩེ་གྲོང་ཁྱེར་ནས་དེའི་བར་སྤྱི་ལེ་༩༠ལྷག་ཙམ་བསྐྱོད་དགོས་ཀྱི་ཡོད། དེ་ནི་བོད་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ་༡༣༦༤ལོར་ནང་ཆེན་འཕགས་པ་དཔལ་བཟང་གིས་རྫོང་བཙན་མང་པོ་བརྩིགས་པའི་ནང་གི་གཅིག་ཡིན། འདིར་རྒྱལ་རྩེ་ཆོས་རྒྱལ་རིམ་བྱོན་རྣམས་བཞུགས་མྱོང་བ་དང་། ཕོ་ལྷ་མི་དབང་གིས་ང་ལུམ་སྦྱར་གསུམ་ལ་ཕར་རྒོལ་བྱེད་སྐབས་ཀྱི་རྟེན་གཞི་བྱས་པ། དེ་བཞིན་བོད་ཤིང་འབྲུག་སྤྱི་ལོ་༡༩༠༤ལོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དབྱིན་ཇི་བཙན་འཛུལ་དམག་ལ་འགོག་རྒོལ་བྱེད་སྐབས་ཀྱི་གཡུལ་ས་བཅས་བྱས་པའི་རྫོང་བཙན་འདི་ནི་དུས་རབས་ཀྱི་དངོས་དཔང་རྩ་ཆེན་ཞིག་ཡིན། མཁར་ཤུལ་དེ་དག་ནི་རྩིག་ཞེང་ཆེ་ལ་ངོས་འཇམ་པ་སྲ་ཞིང་བརྟན་པ་བཅས་ལ་གཞིགས་ན་བོད་རིགས་མེས་པོ་རྣམས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ། མཁར་ལས་ཀྱི་ལག་རྩལ་བྱང་ཆུབ་པ་ཡོད་པའི་ར་འཕྲོད་ཐུབ། ལོ་རྒྱུས་ཐོག་བོད་རིགས་མི་དམངས་ཀྱི་དཔའ་རྒོད་ཚོས་མཁར་རྫོང་འདིའི་གཡུལ་སའི་ཐོག་དབྱིན་ཇི་བཙན་འཛུལ་པར་རྒོལ་རྡུང་ཚ་ནན་སྤྲད་དེ་ཕ་ཡུལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ནང་ཇི་སྲིད་བར་ནུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060