སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༄༅།། མཛེས་སྡུག་ལྡན་པའི་ཀོང་པོའི་བྲག་གསུམ་མཚོ།
སྤེལ་དུས། 2009-03-30   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།    རྩོམ་པ་པོ།  བདེ་ལྷ་མོས་བསྒྱུར། ཟླ་གཞོན་ནས་ཞུས།

དཀར་གཙང་གངས་རིས་ཡོངས་སུ་བསྐོར་ཞིང་། གཡའ་དག་པའི་ནམ་མཁའི་འོག་གཡུ་ཞུན་མཚོ་མོ་ཐང་ལ་འཁྱིལ་འདྲའི་བྲག་གསུམ་མཚོ་ནི་མིའི་ཡིད་སེམས་དབང་མེད་དུ་འཕྲོག་པའི་ལྷ་ཡུལ་གཉིས་པ་དང་ཀུན་ནས་མཚུངས།

 

བྲག་གསུམ་མཚོའི་མིང་གཞན་ལ་མཚོ་མགོ་ཞེས་འབོད་ཅིང་། ཉིང་ཁྲིའི་ཀོང་པོ་རྒྱ་མདའ་རྫོང་དང་སྤྱི་ལེ་༥༠ལྷག་ཡོད་པའི་རི་གསེབ་ཅིག་ཏུ་ཆགས་ཡོད། དེའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༣༧.༥དང་མཐོ་ཚད་ལ་མཚོ་ངོས་ལས་སྨི་༣༤༦༤ཡོད་པ་དང་།  བོད་བརྒྱུད་ནང་བསྟན་གྱི་ཀརྨ་པའི་གནས་ཆེན་ཞིག་ཡིན།   

   ཉེ་བའི་ལོ་ཤས་རིང་།མཚོ་ཁར་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པ་དང་བསྟུན།ཡུལ་སྐོར་ཁུལ་གྱིས་ཞབས་ཞུ་འཐུས་ཚང་དུ་གཏོང་བའི་དུས་མཚུངས་སུ་ཁོར་ཡུག་སྲུང་སྐྱོབ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་།མཚོ་ཁར་རིགས་དབྱེའི་གད་སྙིགས་སྒམ་ཡང་བཞག་ཡོད་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060