སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གནའ་རྫས་རྟོག་ཞིབ་རིག་པའི་མཁས་པས་ཡུལ་ཤུལ་ནས་བོད་ཁུལ་གྱི་ཆེས་སྔ་བའི་བྲག་བརྐོས་སྐུ་འདྲ་རྙེད་པ།
སྤེལ་དུས། 2011-06-08   ཡོང་ཁུངས། བོད་པའི་རིག་གནས་དྲ་བ།    རྩོམ་པ་པོ།  ལྗོན་སྨྱུག་ནས་བསྒྱུར།

     

  སློབ་དཔོན་ཆེན་མོ་ཝུན་ཡུས་ཁྲེང་གིས་ལེགས་པ་ལུང་པའི་བྲག་བརྐོས་སྐུ་འདྲ་ལ་རྟོག་ཞིབ་གནང་བཞིན་པ།

          ༢༠༡༡ལོའི་ཟླ༦པའི་ཚེས༣ཉིན་རང་རྒྱལ་གྱི་ནང་བསྟན་གནའ་རྫས་རྟོག་ཞིབ་རིག་པའི་མཁས་པ་གྲགས་ཅན། ཀྲུང་གོའི་ནང་བསྟན་གནའ་རྫས་རྟོག་ཞིབ་ལས་རིགས་ཀྱི་རྒྱལ་ཆེན་བཞིཞེས་འབོད་པའི་ཡ་གྱལ། སློབ་དཔོན་ཆེན་མོ་ཝུན་ཡུས་ཁྲེང་གིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལེགས་པ་ལུང་པར་རྟོག་ཞིབ་བྱེད་སྐབས་བྲག་བརྐོས་སྐུ་འདྲ་གཉིས་རྙེད་པ་དང་། ཁོང་གིས་བྲག་བརྐོས་སྐུ་འདྲ་འདི་གཉིས་ཀྱི་ལོ་རབས་ནི་དར་རྒྱས་ཧ་ཅང་ཆེ་བའི་ཐང་རྒྱལ་རབས་ཀྱི་དུས་ཡིན་ཞིང་། ཕལ་ཆེར་སྤྱི་ལོ་དུས་རབས་༨པའི་སྟོད་ཀྱི་ཧ་ལམ་ཐང་ཞུན་ཙུང་གི་དུས་སྐབས་བརྩམས་ཆོས་ཡིན་པས།  བོད་ཁུལ་གྱི་ད་ཡོད་བྲག་བརྐོས་སྐུ་འདྲ་ཆེས་སྔ་ཤོས་དེར་བརྩི་ཆོག་ཅེས་བརྗོད་བྱུང་།

       ད་ལོའི་ཟླ༥བའི་ཚེས༦ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་གདན་འདྲེན་ཞུས་པ་ལྟར། ཝུན་ཡུས་ཁྲེང་གིས་དཀར་མཛེས་ཁུལ་གྱི་རྫོང་ཁག་གི་ནང་བསྟན་གནའ་རྫས་དང་། སོག་པོའི་ལོ་རྒྱུས་ཀྱི་རྗེས་ཤུལ་བཅས་ལ་རྟོག་ཞིབ་གནང་། དཀར་མཛེས་དང་ཡུལ་ཤུལ་གྱི་ནང་བསྟན་གནའ་ཤུལ་གཉིས་ཞིབ་བསྡུར་གྱི་ཚུལ་དུ་ཞིབ་འཇུག་བྱ་ཆེད། ཟླ༦པའི་ཚེས༣ཉིན་ཝུན་ཡུས་ཁྲེང་གིས་ཉེན་ཁ་དང་དཀའ་ཚེགས་ལ་མ་འཛེམས་པར་འབྲི་ཆུའི་གྲོང་རོང་དུ་བསྐྱོད་རྒྱུ་ཐག་བཅད་ཅིང་། སྤྱི་ལེ་༡༣༠ཡི་ལམ་ཐག་བརྒྱུད་ནས་ཆེད་དུ་ཡུལ་ཤུལ་ཁུལ་གྱི་ནང་བསྟན་གྱི་གནའ་ཤུལ་ལ་རྟོག་ཞིབ་གནང་བ་རེད།

 

ལེགས་པ་ལུང་པའི་དུས་རབས༡༢པར་བཞེངས་པའི་མཆོད་རྟེན།

     ལེགས་པ་ལུང་པའི་ལམ་སུམ་བསྣོལ་མདོའི་མངོན་གསལ་དོད་པོའི་གནས་སུ་རྡོ་གཙིགས་ཀྱིས་གྲུབ་པའི་བཀའ་གདམས་ཇོ་སྟོན་གྱི་ལུགས་ལྟར་བཞེངས་པའི་མཆོད་རྟེན་ཞིག་ཡོད་ཅིང་། ཁོང་གིས་དེ་ནི་རྒྱལ་ཡོངས་སུ་མཐོང་དཀོན་པའི་བསྟན་པ་ཕྱི་དར་དུས་ཀྱི་མཆོད་རྟེན་ཞིག་ཡིན་པ་དང་། ཕལ་ཆེར་དུས་རབས་༡༢པའི་སྐབས་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་དང་སྲུང་སྐྱོང་ལེགས་པོ་བྱས་ན་ལེགས་ཞེས་བརྗོད་བྱུང་། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060