སྤེན་པ་དབང་འདུས།
 
  
བོད་རིགས། ༡༩༦༩ལོའི་ཟླ༢པའི་ཚེས་༢ཉིན་བོད་ལྗོངས་གཞིས་ཀ་རྩེ་ནས་སྐྱེས། ༡༩༨༣ལོ་ནས་༡༩༨༦ལོའི་ཟླ་བདུན་པའི་བར་གཞིས་ཀ་རྩེ་ས་ཁུལ་སློབ་འབྲིང་དུ་སློབ་གཉེར་མཛད། ༡༩༨༦ལོའི་ཟླ༩བ་ནས་༡༩༩༡ལོའི་ཟླ༧པའི་བར་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་མཛེས་རྩལ་འཛིན་གྲྭ་ནས་སློབ་སྦྱོང་མཛད། ༡༩༩༡ལོའི་ཟླ༧པ་ནས་༡༩༩༤ལོའི་ཟླ༡༢པའི་བར་ལྷ་ས་གྲོང་ཁྱེར་དགེ་འོས་སློབ་གྲྭ་ནས་མཛེས་རིས་དགེ་རྒན་གྱི་ཕྱག་ལས་གནང་། ༡༩༩༤ལོའི་ཟླ༡༢ཉིན་ནས་༡༩༩༩ལོའི་ཟླ༧པའི་བར་བོད་ལྗོངས་སློབ་ཆེན་དྲིལ་སྒྲོག་པུའུ་ནས་པར་ལེན་སོགས་ཀྱི་བྱ་བ་བསྒྲུབས། ༡༩༩༩ལོའི་ཟླ༧པ་ནས་ད་བར་དུ་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་མཛེས་རིས་སྡེ་ཁག་གི་བོད་ཀྱི་མཛེས་རིས་སློབ་གསོ་དང་ཞིབ་འཇུག་ཁང་ནས་དགེ་རྒན་གྱི་ཕྱག་ལས་མཛད།
  སྒྱུ་རྩལ་གསར་རྩོམ་གྱི་སྐོར།  ༡༩༨༨ལོར་བརྩམས་ཆོས་《བྱེ་སྒང》ཞེས་པ་པེ་ཅིང་ནས་སྤེལ་བའི་བོད་ཀྱི་དེང་རབས་རི་མོ་འགྲེམ་སྟོན་དུ་ཞུགས། ༡༡༩༡ལོར་བརྩམས་ཆོས་《བར་སྟོང་དང་མི་ཚེ》ཞེས་པ་《བོད་ཀྱི་དེང་རབས་སྒྱུ་རྩལ》དུ་བདམས
 
>>>།  

ཤ་བོ་ཚེ་རིང་།

       མཛེས་རིས་མཁན་པོ་ཤ་བོ་ཚེ་རིང་། ཧོར་རིགས།   ༡༩༢༡ལོར་རེབ་གོང་སེང་གེ་གཤོང་ནས་སྐྱེས། ལོ་༡༨སྟེང་ནས་བཟུང་ཀྲུང་གོའི་སྲོལ་རྒྱུན་རི་མོ་གྲགས་ཅན་ཀྲང་ཏ་ཆན་གྱི་རྗེས་སུ་འབྲངས་ནས་ཀན་སུའུ་ཏུན་ཧོང་ནས་ལོ་གཉིས་ལ་རི་མོ་འབྲི་བཞེངས་མཛད། ཀན་སུའུ་བསང་ཆུའི་བླ་བྲང་དགོན་སོགས་བོད་ཁམས་ཀྱི་དགོན་སྡེ་དུ་མར་ཞབས་ཀྱིས་བཅག་ནས་རི་མོ་མང་དུ་བཞེངས།ཕྱིས་སུ་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་། རྒྱ་གར་རྡོ་རྗེ་གདན། བལ་བོ་སོགས་སུ་ཕེབས་ནས་ཡུལ་དེ་གའི་རི་མོ་འབྲི་བཞེངས་ལ་ལྟ་སྦྱོང་མཛད། 

   མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ཁང་གི་ལྷ་རིས་པ་ཆེན་མོ་དང་།མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་མཚོ་སྔོན་ཡན་ལག་མཐུན་ཚོགས་རྒྱུན་ལས་ལས་འཛིན་དང་།  མཚོ་སྔོན་ཞིང་ཆེན་བཟོ་རྩལ་མཛེས་རྩལ་སློབ་ཚོགས་ཀྱི་བློ་འདྲི་མཁན་བཅས་ཀྱི་གོ་གནས་བཞེས། ༡༩༨༨ལོའི་ཟླ༤བར་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་གྱི་སློབ་དཔོན་ཆེན་པོ་ཞེས་པའི་མཚན་སྙན་གསོལ་བ་དང་།ཐེངས་དུ་མར་ལི་ཕེང་དང་།ཡེ་ཅན་དབྱིན། ལི་ཞིན་ཉན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་མཇལ་འཕྲད་གནང་མྱོང་།>>>

རྩོམ་སྒྲིག་པ། ཁོན་ཐར། སྒྲིག་བཟོ་བ། ཀོ་ཀེན།