༢༠༡༣ལོའི་འཇར་མན་གྱི་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་གེགས་མེད་བདེ་བླག་ངང་མཇུག་རྫོགས་པ།

༢༠༡༣ལོའི་འཇར་མན་གྱི་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་གྱི་བོད་ལྗོངས་འཐུས་ཚབ་ཚོགས་པའི་ཁོངས་མི་རྣམས་ཟླ༡༠བའི་ཚེས༣༠ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་གུང་དཀར་གནམ་གྲུ་ཐང་ >>>

>>>

གླུ་གར་ཚོགས་པ་ངོ་སྤྲོད། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་སྒྱུ་རྩལ་ཚོགས་པ་ནི་༡༩༦༥ལོར་བཙུགས་ཤིང་། ལྷོ་ཁ་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་རྩེད་ཐང་གྲོང་རྡལ་དུ་ཆགས་ཡོད། ད་ཆ་འཁྲབ་སྟོན་པ་༦༤ཡོད། གཙོ་བོ་བོད་ཀྱི་སྲོལ་རྒྱུན་རོལ་མོ་དང་། ཞབས་བྲོ། བོད་ཀྱི་ཟློས་གར་སོགས་ཀྱི་འཁྲབ་སྟོན་གཙོར་བཟུང་ཡོད་ལ། ཞབས་བྲོ་རུ་ཁག་དང་། རོལ་ཚོགས། གསར་རྩོམ་ཚོགས་པ་ལ་སོགས་པའི་སྒྱུ་རྩལ་ཚོགས་པ་དུ་མས་གྲུབ།

བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། དམངས་སྲོལ་རིག་དངོས་ཁོ་ནའི་ནང་དུ་ཡང་རྒྱན་གོས་དང་། བཟའ་བཏུང་། སྡོད་ཁང་། གཉེན་སྟོན་དང་འདས་མཆོད། དུས་ཆེན་གྱི་རོལ་རྩེད་ལ་སོགས་ཡོད། ང་ཚོས་དེ་དག་སྒྱུ་རྩལ་ལ་སྦྱར་ནས་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་སྟེང་དུ་འཇར་མན་གྱི་གཟིགས་མོ་བ་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་བྱང་ཆ་དོད་པས་ངོམ་སྟོན་བྱས་ཏེ། ཡུལ་དངོས་སུ་རོ་མྱོང་བྱེད་དུ་བཅུག །