༄༅། །མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད་ཐོག་མ་པར་དུ་སྐྲུན་པ།
སྤེལ་དུས། 2009-09-15   ཡོང་ཁུངས།  གངས་རྒྱན་ན་ཆུང་ཚགས་པར།   རྩོམ་པ་པོ།  རྩོམ་སྒྲིག་པ་སྒྲོལ་མ།


 

     རྒྱ་ཆེ་བའི་ན་ཆུང་སློབ་མ་རྣམས་ལ་ཤེས་བྱའི་འོ་ཞོ་གྱ་ནོམ་པ་ཞིག་མཁོ་སྤྲོད་བྱེད་པ་དང་གཞུངས་བཟང་ནུས་ལྡན་གྱི་མི་འཇོན་ཐང་ཅན་ཞིག་ཏུ་གསོ་སྐྱོང་བྱ་སླད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིསཆུང་འབྲིང་སློབ་མའི་ལེགས་རྩོམ་དཔྱད་བརྗོདདང་། ཚིག་རྒྱན་ལ་འཇུག་ཚུལ་བྱིས་བློ་སྒོ་འབྱེད》《རྩོམ་ཡིག་ལ་འཇུག་པའི་སྒོ》《ཆུང་འབྲིང་སློབ་མའི་ལེགས་རྩོམ་གཅེས་བསྡུསཞེས་པའི་དཔེ་དེབ་ལྔགངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོདཅེས་པའི་དཔེ་ཚོགས་ཆེན་མོའི་རྟེན་འབྲེལ་གྱི་ཐོག་མ་རུ་དཔེ་སྐྲུན་བྱས་ཡོད། དཔེ་དེབ་འདི་དག་ནིགངས་རྒྱན་ན་ཆུང་ཚགས་པརསྟེང་བཀོད་ཟིན་པའི་རྩོམ་ཡིག་རྣམས་རིགས་བཀར་ཏེ་ལེགས་རྩོམ་གཅེས་བསྡུས་ཀྱི་ཚུལ་དུ་འགྲེམ་སྤེལ་བྱས་པ་ཡིན།

སྐོམ་པའི་ཆུ་འདོད་ཇི་བཞིན་ཤེས་བྱའི་གནས་ལ་བརྩོན་པ་བྱེད་བཞིན་པའི་ན་ཆུང་སློབ་མ་དག་གིས་དཔེ་དེབ་འདི་དག་མིག་གི་དགའ་སྟོན་དུ་འདྲེན་བསམ་ན། ས་གནས་སོ་སོའི་དཔེ་ཁང་དུ་སོང་དང་དེ་རུ་འཚོང་རྒྱུ་ཡོད་དོ།།

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060