༄༅།།《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་པ་ལྷན་རྒྱས་ཀྱི་སྙན་ལམ་དུ་ཞུ་འབྲས།
སྤེལ་དུས། 2010-11-10   ཡོང་ཁུངས།    རྩོམ་པ་པོ།  བསོད་ཚེ། རྩོམ་སྒྲིག་པ་སྒྲོལ་མ།

    བདག་ནི་རི་བོ་ཇོ་མོ་གླང་མའི་གནས་ཡུལ་ཏེ་བོད་ལྗོངས་དིང་རི་རྫོང་སློབ་འབྲིང་ཁུལ་གཉིས་པའི་དགེ་རྒན་ཞིག་ཡིན་ཏེ། ཕྲན་གྱི་མིང་ལ་བསོད་ཚེ་ཟེར། ད་རེས་ཁྱེད་རྩོམ་སྒྲིག་ཁང་ལ་འཕྲིན་ཡིག་འདི་འབྲི་དོན་གཙོ་བོ་ནི་ཁྱེད་གརཇོ་རིའི་སྨྱུག་གསརདུ་འབོད་པའི་དེབ་ཆུང་ཞིག་བསྐུར་ཡོད་པ་དེ་ཡིན། དེབ་ཆུང་འདི་ནི་ངེད་སློབ་གྲྭའི་སློབ་མའི་སྦྱངས་རྩོམ་ཧྲག་བསྡུས་ཀྱི་ལོ་དེབ་ཐོག་མ་ཡིན་ལ། ལོ་དེབ་དེ་ནི་གུས་པ་དང་དགེ་རྒན་འགྱུར་མེད་ཚེ་དབང་། ཕུན་ཚོགས་དབང་ལྷ་གསུམ་གྱིས་སློབ་ཁྲིད་ཀྱི་ཞོར་དུ་སློབ་མའི་སྦྱངས་རྩོམ་འགར་བཟོ་བཅོས་ཕྲན་བུ་བྱས་ཐོག་སློབ་གྲྭ་གཞུང་ནས་མ་དངུལ་གྱི་འགན་ལེན་བྱས་ཏེ་པར་སྐྲུན་བྱས་ནས་སློབ་གྲྭ་ནང་ཁུལ་དུ་འགྲེམ་སྤེལ་བྱས་པ་ཞིག་ཡིན།
   
ང་ཚོའི་གནས་ཡུལ་ནི་གཙང་ལ་སྟོད་ལྷོ་ཡི་ས་ཆ་སྟེ་རྒྱ་བལ་གཉིས་ཀྱི་ས་མཚམས་ན་ཡོད་པའི་རྫོང་གྲོང་ཆུང་ཆུང་ཞིག་ཡིན་སྟབས། སློབ་གསོའི་རྨང་གཞི་ཞན་ལ་རྫོང་ཐོག་ཏུ་དམའ་རིམ་སློབ་འབྲིང་གཉེར་བའི་ཆ་རྐྱེན་ལས་མེད། སྤྱིར་སློབ་མའི་མཐོང་རྒྱ་དང་ཤེས་རྒྱ་ཆུང་བར་མ་ཟད། ལྷག་པར་དུ་རྩོམ་ཡིག་འབྲི་བའི་ཆུ་ཚད་ཞན་པ་དང་རྩོམ་དཔེ་ལ་བལྟ་ས་མེད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། བྱ་མེད་སར་བོད་བུའི་ནམ་ཚོད་འཛིན་པའི་དཔེ་ལྟར་ང་ཚོ་དགེ་རྒན་གསུམ་པོས་སྟོང་ཆ་དེ་བསྐང་བའི་ཚུལ་གྱིསཇོ་རིའི་སྨྱུག་གསརཞེས་པའི་དེབ་ཆུང་ཞིག་རྩོམ་སྒྲིག་བྱས་པ་ཡིན།
     
ད་རེས་ཁྱེད་རྩོམ་སྒྲིག་ཁང་ལ་དེབ་ཆུང་འདི་བསྐུར་དོན་རྡོག་རྡོག་ནི་དེབ་ཆུང་འདིའི་ནང་ཁྱེད་རྩོམ་སྒྲིག་ཁང་ལ་མཁོ་བ་དང་སྤུས་ཚད་ལོན་པའི་རྩོམ་ཐུང་རེ་ཡོད་ན་སྐུལ་མའི་ཆེད་དུ་ཚགས་པར་དུ་དགོས་རྒྱུ་དང་། རྩོམ་ཡོན་སྒོར་རྡོག་རེ་གཉིས་དང་ང་ཚོའི་སློབ་མའི་རྩོམ་ཡིག་བཀོད་པའི་ཚགས་པར་ངེད་ཕྱོགས་ལ་བསྐུར་ཐུབ་པ་བྱུང་ན་སློབ་མའི་རྩོམ་འབྲིའི་སེམས་ཤུགས་སྐྱེད་སྲིང་བྱེད་པར་ནུས་པ་བླ་མེད་འདོན་ཐུབ་པས། ཅིས་ཀྱང་ངེད་ཚོར་གང་ཐུབ་ཅི་ཐུབ་ཀྱིས་ཕྱག་རོགས་གནང་རྒྱུའི་རེ་འདུན་ཆེན་པོ་ཡོད།
    
ང་རང་ངོས་ནས་བཤད་ན་སློབ་གྲྭར་འགྲིམ་པའི་དུས་ནསགངས་རྒྱན་ན་ཆུང་ཚགས་པརལ་ལྷ་ཀློག་བྱེད་རྒྱུར་ཧ་ཅང་དགའ་བོ་ཡོད། རྒྱུ་མཚན་ནི་ཚགས་པར་འདི་ནི་ནང་དོན་རྒྱ་ཆེ་ལ་ཕུན་སུམ་ཚོགས་པ་དང་། ན་ཆུང་སློབ་མའི་བློ་ཁ་དང་འཚམ་པ་སོགས་ཀྱི་དགེ་མཚན་མང་བོ་ཡོད་པས། བོད་རིགས་སློབ་མར་མཚོན་ན་མེད་ཐབས་མེད་པའི་སློབ་ཕྱིའི་ཀློག་དེབ་ལེགས་པོ་ཞིག་རེད། སློབ་མཐར་ཕྱིན་ནས་ད་རག་བར་དུ་ཁོ་བོས་ཚགས་པར་མངག་ཉོ་བྱས་ནས་ལྟ་བཞིན་ཡོད་ལ། ང་རང་གིས་བལྟས་ཚར་རྗེས་སློབ་མར་བལྟ་རུ་བཅུག་པ་དང་། གྲོགས་པོ་དང་སློབ་མ་ཚོར་ཚགས་པར་འདི་མཚམས་སྦྱོར་ངོ་སྤྲོད་ཀྱང་བྱེད་ཀྱིན་ཡོད།

     དེ་མིན་སློབ་སྐབས་རྗེས་མ་ནས་བཟུང་ང་ཚོས་སྦྲག་སྲིད་ལས་ཁུངས་བརྒྱུད་ནསགངས་རྒྱན་ན་ཆུང་ཚགས་པརགྲངས་ཚད་མང་ཙམ་ཞིག་མངག་ཉོ་བྱས་ཐོག   འཛིན་རེ་རེ་བྱས་ནས་སློབ་མར་སྤྲོད་རྒྱུ་དང་སློབ་མའི་སློབ་ཞོར་གྱི་སྦྱང་དེབ་གལ་ཆེན་ཞིག་ཏུ་བརྩི་རྒྱུ་ཡིན། ང་ཚོསགངས་རྒྱན་ན་ཆུང་ཚགས་པརགྱི་ཐོག་ཏུ་དབུས་གཙང་གི་སློབ་མའི་རྩོམ་ཡིག་རེ་གཉིས་མཐོང་རྒྱུའི་ཕྱོགས་ལ་བརྩོན་ལེན་བྱེད་བཞིན་ཡོད་པས། ཁྱེད་རྩོམ་སྒྲིག་ཁང་ནས་ང་ཚོར་དེའི་སྐོར་གྱི་མཐུན་རྐྱེན་བསྐྲུན་རྒྱུའི་རེ་འདུན་ཧ་ཅང་ཆེའོ།།
                                                                 
ཞེས་བོད་ལྗོངས་དིང་རི་རྫོང་སློབ་འབྲིང་ཁུལ་གཉིས་པའི་དགེ་རྒན་བསོད་ཚེ་ནས་གུས་པས་ཕུལ།

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060