༄༅།།དྲི་ཚིག་སྙིང་གི་ཚེར་མ།
སྤེལ་དུས། 2010-11-10   ཡོང་ཁུངས།    རྩོམ་པ་པོ།  མགོན་མོ་བྱམས། སྒྲོལ་མས་བསྒྲིགས།

     ཁྱིམ་བདག་ཕལ་ཆེར་རྒྱུ་ནོར་བཙལ་བ་ལ་རྔམ་ཞིང་། ན་གཞོན་ཐམས་ཅན་ཆང་དང་ཐ་མག་ལ་མོས་ནས་གངས་ལྗོངས་སློབ་གསོ་མཁའ་ལམ་མགོ་པོར་རང་བཏང་ན། མ་འོངས་གངས་ལྗོངས་འཛུགས་སྐྲུན་བྱེད་མཁན་དེ་སུ་ཡིན།། ན་མཉམ་ཕོ་མོ་མི་རྟག་བརྩེ་དུངས་ཁྲོད་འཐིམས་ཤིང་།། བགྲེས་པོ་ཕལ་ཆེར་ཁ་མཚར་འཆལ་གཏམ་ལ་མོས་ནས། འདི་ལྟར་ཉིན་མཚན་དོན་མེད་འཁྱོལ་ཐབས་རེ་བྱས་ན།།  མ་འོངས་འཇིག་རྟེན་གསར་བ་བསྐྲུན་མཁན་དེ་སུ་ཡིན། སློབ་དཔོན་ཕལ་ཆེར་ནོར་དང་ལོངས་སྤྱོད་ལ་རྔམ་ནས། ཡོད་ཚད་བདག་གིར་འཛིན་འདོད་ཧམ་སེམས་རེ་སྐྱེས་ན།། སྐྱེ་སེར་གཞོན་ནུར་ལམ་སྣ་སྟོན་མཁན་དེ་སུ་ཡིན། མཛེས་སྡུག་རྩྭ་ཐང་ཐམས་ཅད་བྱེད་ཐང་དུ་བསྒྱུར་ཅིང་། །རི་སྐྱེས་སྲོག་ཆགས་ཐམས་ཅད་རྩེ་མེད་དུ་བཏང་ནས། རང་ཉིད་གཅིག་པུའི་དོན་དུ་སྨྱོ་རྟགས་རེ་བསྟན་ན། །མི་རབས་རྗེས་མར་བསམ་བློ་གཏོང་མཁན་དེ་སུ་ཡིན།

 

                                                                                             མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་འཕྲང་དམར་ཞང་སློབ་གྲྭའི་བརྒྱད་གསུམ་འཛིན་གྲྭ།

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060