༄༄།།མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་སྐུ་པར་ཞིག་གླིང་ཆེན་ཨེ་ཤ་ཡའི་ནུབ་ཁུལ་ནས་གསར་རྙེད་བྱུང་བ།
སྤེལ་དུས། 2008-10-08   ཡོང་ཁུངས། བོད་མིའི་རིག་གནས་དྲ་བ།    རྩོམ་པ་པོ།  ལྷག་ཚེས་བསྒྱུར། ཟླ་གཞོན་ནས་ཞུས།

 

མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་སྐུ་པར་ཞིག་གླིང་ཆེན་ཨེ་ཤ་ཡའི་ནུབ་ཁུལ་ནས་གསར་རྙེད་བྱུང་བ།

       རྨ་ལྷོ་ཁུལ་རེབ་གོང་རྫོང་གི་དྲ་གྲོགས་ཤིག་གིས་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་སྐུ་པར་ཞིག་མཁོ་འདོན་གནང་བྱུང་། སྐུ་པར་ཐོག་འཁོད་པའི་ཡིག་རིགས་ལ་གཞིགས་ན། འདི་ནིསྤྱི་ལོ༢༠༠༦ལོར་འབྲུག་ཡུལ་རྒྱལ་ཁབ་དུ་གསར་རྙེད་བྱུང་བའི་དགེ་ཆོས་མཆོག་གི་སྐུ་འདྲ་ཞིག་རེདསྨྱུག་འཛིན་པའི་བསམ་པར། སྐུ་པར་འདི་ནིདགེ་ཆོས་ཞིབ་འཇུགཐད་མཁོ་བའི་མེད་དུ་མི་རུང་བའི་རྩ་ཆེའི་དཔྱད་གཞི་ཅིག་རེད་སྙམ།

      ཏུའུ་ཡུང་པིན་གྱིས་བྲིས་པའིདུས་རབས་ཉི་ཤུ་པའི་གཞན་དང་མི་མཚུངས་པའི་བོད་ཀྱི་གྲྭ་བ་ཞིག-----འཇིག་རྟེན་ལུགས་མཐུན་དུ་སྨྲ་བའི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་མི་ཚེར་དཔྱོད་པཞེས་པའི་ནང་འཁོད་པའི་ལོ་ཚིགས་ལྟར་ན།

     མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནི་སྤྱི་ལོ༡༩༠༣ལོའི་ཟླ༣པའི་ཚེས༢༣ཉིན་སྐུ་འཁྲུངས།སྤྱི་ལོ༡༩༡༢ལོར་ཁྱིམ་གཞིས་སྤངས་ནས་རབ་བྱུང་གི་སྡོམ་པ་མནོས། སྤྱི་ལོ༡༩༡༨ལོར་ཨ་མདོའི་རྡི་ཚ་དགོན་པར་སློབ་གཉེར་མཛད། སྤྱི་ལོ༡༩༢༡ལོར་བླ་བྲང་དགོན་དུ་སློབ་སྦྱོང་གནང་བར་ཕེབས །སྤྱི་ལོ༡༩༢༨ལོར་གནས་མཆོག་ལྷ་སར་ཕེབས། སྤྱི་ལོ༡༩༢༩ལོར་འབྲས་སྤུངས་དགོན་དུ་སློབ་གཉེར་གནང་བར་ཕེབས། སྤྱི་ལོ༡༩༣༤ལོར་རྒྱ་གར་དུ་ཕེབས། སྤྱི་ལོ༡༩༤༦ལོར་ཕྱིར་ལྷ་སར་ལོག རྒྱ་གར་སོགས་སུ་འགྲིམ་ནས་ལོ་བཅུ་གཉིས་རིང་སློབ་གཉེར་མཛད།

      ཏུའུ་ལགས་ཀྱི་གསུང་རྩོམ་ནང་གསལ་བར། རིག་པའི་དཔའ་བོ་དགེ་ཆོས་མཆོག་ནི་སྤྱི་ལོ༡༩༨༤བར་དུ་གླིང་ཆེན་ཨེ་ཤ་ཡའི་ནུབ་ཁུལ་དུ་དགུང་ལོ་༢༠ཙམ་བཞུགས་པ་དང་། དེའི་རིང་གི་དུས་ཚོད་མང་ཆེ་བ་ནི་རྡོ་རྗེ་གླིང་གི་ཉེ་འཁོར་དུ་བཞུགས་གནང་ཡོད། རྡོ་རྗེ་གླིང་ནི་ཤར་གྱི་གཞུང་ཐིག་ཏུའུ༨༨དང་སྐར༡༥དང་སྐར་ཆ༤༧། བྱང་གི་འཕྲེད་ཐིག་ཏུའུ༢༧དང་སྐར༢དང་སྐར་ཆ༣༠ཡི་ཐོག་གནས་ཡོད། རྡོ་རྗེ་གླིངཅེས་པའི་ཐ་སྙད་འདི་ནི་བོད་སྐད་ཀྱི་མིང་ཚིག༢་ལས་གྲུབ་པ་སྟེ་རྡོ་རྗེས་མིངགཉིས་ མཉམ་དུ་འདུས་ནས་གྲུབ་པ་དང་། བོད་སྐད་ལྟར་ན་འགྱུར་མེད་གླིངཅེས་པའི་དོན་ཡིན། རྡོ་རྗེའི་གླིང་གི་ལོ་རྒྱུས་དེ། བལ་ཡུལ། འབྲུག་ཡུལ། འབྲས་ལྗོངས། བྷང་ག་ལ་བཅས་དང་མཉམ་དུ་སྦྱར་ཞིང་། དུས་རབས༡༩པའི་དུས་འགོར། རྡོ་རྗེའི་གླིང་ཉེ་འདབས་ཀྱི་ས་ཁུལ་དག་བལ་ཡུལ་དང་འབྲུལ་ཡུལ་རྒྱལ་པོའི་མངའ་ཁོངས་སུ་བསྡུས་ཡོད། སྤྱི་ལོ༡༩༤༧ལོར་རྒྱ་གར་རང་བཙན་བྱུང་རྗེས། རྡོ་རྗེའི་གླིང་དེ་བྷང་ག་ལའི་ཚོགས་པར་གཏོགས་པ་རེད།

      རྡོ་རྗེའི་གླིང་རི་གྲོང་དང་Kurseong   བཀའ་བློན་སྦུགསKalimpongགཉིས་ཀར་སོ་སོའི་སྲིད་འཛིན་ས་ཁུལ་རེ་བཙུགས་ཡོད་པ་དང་། བོད་ཀྱི་རིག་གནས་མངའ་ཁོངས་ཀྱི་ཆ་ཤས་ཤིག་རེད། ད་ལྟ་རྒྱ་གར་སྲིད་གཞུང་གི་མངའ་ཁོངས་ཡིན། འབྲུག་ཡུལ་རྒྱལ་ཁབ་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་ནུབ་ཁུལ་དུ་གནས་ཡོད། དེའི་ནུབ་རྒྱུད་དང་། བྱང་རྒྱུད། ཤར་རྒྱུད་བཅས་ཀྲུང་གོའི་ས་མཚམས་དང་འབྲེལ་བ་དང་།ལྷོ་ནུབ་ཁུལ་འབྲས་ལྗོངས་དང་འབྲེལ་བ། ནུབ་རྒྱུད་ཁུལ་རྒྱ་གར་དང་འབྲེལ་ཡོད། འབྲས་ལྗོངསཞེས་པའི་ཐ་སྙད་དེའི་ཡོངས་ཁུངས་ནི་ཡིག་རྙིང་Bhotaantaལས་བྱུང་ཞིང་། གོ་དོན་ལ་བོད་ལྗོངས་ཀྱི་ས་མཚམས་ཞེས་བརྗོད་པ་ཡིན། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༤༦༦༢༠ཡོད། སྤྱི་ལོ༡༩༨༣ལོར་སྡོམ་རྩིས་བྱས་པའི་མི་འབོར་ཁྲི༡༣༦ཡིན་ཞིང་། འབྲས་ལྗོངས པས་བརྒྱ་ཆའི༨༠ཟིན་ཡོད། དེ་བྱིངས་བལ་པོ་བ་ཡིན། དེ་གའི་ཡུལ་མི་མང་ཆེ་བས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བཀའ་བརྒྱུད་པའི་གྲུབ་མཐར་དད་པ་བྱེད། ནུབ་རྒྱུད་ཀྱི་ འབྲས་ལྗོངས ་པའིཙོང་ཁའིསྐད་དང་དབྱིན་སྐད་གཉིས་ནི་གཞུང་ཕྱོགས་སྐད་ཡིག་ཡིན། ལྷོ་རྒྱུད་ཁུལ་གྱིས་བལ་པོའི་སྐད་སྤྱོད་ཀྱི་ཡོད། འདི་ལྟ་བུའི་ མཐོ་བོད་ལོ་རྒྱུས་རིག་གནས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་གནས་སུ། རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་མཆོག་གིས་སློབ་སྦྱོང་དང་། དཔྱད་ཞིབ་སོགས་གནང་བ་མ་ཟད། དཀའ་སྡུག་ཐ་དག་ཁྱད་དུ་བསད་ནས་རང་ཉིད་ཀྱི་རིན་ཐང་བྲལ་བའི་དུས་ཚོད་དགུང་ལོ་བཅུ་གཉིས་ཙམ་ཕྱག་རྩོམ་འབྲི་བའི་བྱ་གཞག་ཁྲོད་ལེགས་སྐྱེས་སུ་ཕུལ་བ་རེད།

      ཏུའུ་ལགས་ཀྱི་རྩོམ་ཡིག་དང་བོད་ཡིག་གི་ཆེད་རྩོམ་མི་ཉུང་བ་ཞིག་གི་ནང་འཁོད་པར་གཞིགས་ན། རྒྱལ་ཁམས་འགྲིམ་པའི་དུས་སུ། བོད་ལྗོངས་ཀྱི་དགེ་འདུན་པ་འདིའི་འཚོ་བ་ངན་ངོན་ཡིད་སྐྱོ་དགོས་པ་ཞིག་ཡོད་པས། རྒྱུན་པར་མི་རྣམས་ཀྱིས་ཁོང་ལཨ་མདོའི་སྤྲང་པོཅེས་པའི་མིང་ངན་ཡང་འབོད་མྱོང་། ཡིན་ན་ཡང་། དགེ་ཆོས་མཆོག་གིས་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་མཐའ་དག་རྒྱབ་ཏུ་བསྐྱུར་ཏེ། སོ་རི་ལན་ཁར་ལོ་ངོ་གསུམ་རིང་དཀའ་སྤྱད་འབད་བརྩོན་གྱིས་ལེགས་སྦྱར་ཡི་གེ་སོགས་ལ་སྦྱང་བརྩོན་བྱས་མཐར།ལེགས་སྦྱར་ཡི་གེ་དང་།དབྱིན་ཡིག་སོགས་ཁོང་དུ་ཆུད་ཐུབ་པ་བྱུང་བའི་ཞོར་དུ། ཁོང་ཉིད་ཀྱིས་རྒྱ་གར་དང་བོད་ཀྱི་རིག་གནས་སྡུར་བའི་ཞིབ་འཇུག་དང་བོད་དང་རྒྱ་གར་གཉིས་ཀྱི་གནའ་རབས་ཀྱི་་རྩོམ་རིག་གྲགས་ཅན་ཕབ་སྒྱུར་དང་ཞིབ་འཇུག་སོགས་ཀྱི་ལས་དོན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ཧྥ་རན་སིའི་ཏུན་ཧོང་ཆེད་ལས་མཁས་པ་པ་ཁོ་ལགས་བརྒྱུད་དེ་ཐོག་དང་པོའི་ཏུན་ཧོང་ཡིག་ཆར་ཞིབ་འཇུག་་བྱེད་པའི་ལས་སྐལ་ཐོབ་པས། རྒྱལ་ཁབ་ཀྱི་རིག་པའི་དཔའ་བོ་ཁྲིནཡིན་ཁོ་དང་གཉིས་སུ་མ་མཆིས་པའི་བོད་རིག་པའི་ཞིབ་འཇུག་ཁྲོད་ཀྱི་ཏུན་ཧོང་རིག་པའིཐོག་མའི་སྣེ་འདྲེན་པར་གྱུར།

      རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་མཆོག་གིས་དུས་རབས་ཀྱི་ལོ་རྒྱུས་ལས་བརྒལ་བའི་ཕྱག་རྩོམ་གྲགས་ཅནདེབ་ཐེར་དཀར་པོའིནང་གི་གཞུང་ལུགས་སྒྲུབ་བྱེད་ཐད་ཏུན་ཧོང་ཡིག་ཆ་ལས་དམན་པ་ཡེ་ནས་མེད། ང་ཚོས་ཡང་སྐུ་པར་འདིའི་ཐོག་ནས། སྐབས་དེ་དུས་དགེ་ཆོས་མཆོག་གི་གཅེན་མོའི་ཕྱག་རོགས་འོག་རང་ཁྱིམ་ནས་ཞལ་གྱེས་ཏེ་ལྷ་སར་ཕེབས་ཐུབ་པ་བྱུང་བ་དང་། ལྷ་སར་བཞུགས་རིང་། རི་མོ་བཙོངས་ནས་འཚོ་བ་སྐྱེལ་གནང་ཞིང་འཚོ་བའི་གསོག་འཇོག་ཅུང་ཞིག་ཡོད་པ་གསལ་བཤད་མི་བྱེད་དམ།

       སྤྱི་ལོ༡༩༣༤ལོར། རྒྱ་གར་གྱི་རིག་པ་བRahyl Sankrityaytnགྱི་གདན་འདྲེན་འོག་རྒྱ་གར་དུ་ཕེབས་པ་རེད། རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་མཆོག་གི་སྐུ་འདྲའི་ཉམས་མདངས་ཐོག་ནས། སྐུ་ཉིད་ནི་རང་ཉིད་ལ་ཡིད་ཆེས་དང་མ་འོངས་པར་རེ་སྨོན་བྱེད་མཁན་ཞིག་ཡིན་པ་གསལ་བཤད་ཀྱང་བྱེད་ཐུབ་བོ། སྐུ་ཉིད་སྐབས་དེར་ཕལ་ཆེར་དགུང་གྲངས་སོ་གཉིས་ལ་ཕེབས་ཡོད་པར་ངེས་སོ།

 

 

 
 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060