ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཀྲུང་དབྱང་གི་བོད་སྐྱོར་ཐབས་ཇུས་གལ་ཆེན་སྐོར།

སྤེལ་དུས 2018-02-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཁོན་ཐར་འཚོ།
          ༡༩༨༠ལོའི་ཟླ་༣པར་བོད་ལྗོངས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་ཐོག་ཏུ་ཀྲུང་དབྱང་གི་བོད་སྐྱོར་དང་དམིགས་བསལ་སྲིད་ཇུས་གཏན་འབེབས་གནང་། དུས་དེ་ནས་བཟུང་། བོད་ལྗོངས་སུ་སྔ་ན་མེད་པའི་དེང་རབས་བཟོ་ལས་དང་འགྲིམ་འགྲུལ་སྒྲིག་ཆས་སྐོར་ཞིག་བྱུང་ནས་དེང་རབས་ཅན་འཛུགས་སྐྲུན་དང་ཕྱིས་འབྱུང་གི་བོད་སྐྱོར་ལས་དོན་ལའང་རྨང་གཞི་ལེགས་པོ་བཏིངས། 
          ༡༩༨༤ལོའི་ཟླ༣པར། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས། བློ་མཐུན་ཧུ་ཡའོ་པང་གིས་གྲོས་ཚོགས་ལ་དབུ་འཛིན་གནང་།  ཀྲུང་དབྱང་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། དེ་མིན་བོད་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགན་འཁུར་བ། ས་གནས་དང་གྲོང་ཁྱེར་ཨུ་ལྷན་གྱི་འགན་འཁུར་བ་བཅས་མི་༧༠ལྷག་གྲོས་ཚོགས་སུ་ཞུགས།  ཐེངས་དེའི་གྲོས་ཚོགས་ནི་རྒྱལ་ཡོངས་རང་བཞིན་གྱིས་བོད་སྐྱོར་ལས་གཞི་འགོ་བརྩམས་པའི་མཚོན་རྟགས་ཡིན། 
          ༡༩༩༤ལོའི་ཟླ༧པའི་ཚེས༢༠ཉིན་ནས་ཚེས༢༣ཉིན་བར་དུ། པེ་ཅིང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས། ཚོགས་ཐོག་ཏུ་ཁ་མཐུན་བོད་སྐྱོར་གྱི་སྲིད་ཇུས་བཏོན་ཞིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ཀྲུང་དབྱང་གི་སྡེ་ཚན་ཁག་གིས་ཏང་གི་ལས་དོན་གྱི་ཕྱོགས་ཡོངས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཕྱོགས་ཡོངས་དང་།  ཀྲུང་ཧྭ་མི་རིགས་ཀྱི་སྟོབས་ཤུགས་གཅིག་སྡུད་ལ་ཤུགས་བསྣོན། ཀྲུང་དབྱང་གིས་རྒྱལ་ཡོངས་བོད་སྐྱོར་ཐབས་ཇུས་སྐོར་གྱི་དོན་སྙིང་གལ་ཆེན་ལ་ཤེས་རྟོགས་ཟབ་མོ་བྱེད་པ་བཅས་ལ་གཞིགས་ནས་བོད་ལྗོངས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་། 
          ༢༠༠༡ལོའི་ཟླ༦པའི་ཚེས༢༥ཉིན་ནས་ཚེས༢༧ཉིན་བར་དུ། པེ་ཅིང་དུ་བོད་ལྗོངས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས།   ཚོགས་ཐོག་ཏུ་བོད་ལྗོངས་འཛུགས་སྐྲུན་ཕྱོགས་ལ་གཏོང་བའི་མ་དངུལ་དང་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་གྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ།   ཁ་མཐུན་བོད་སྐྱོར་ལ་མུ་མཐུད་ནས་ཤུགས་བསྣན་ཁར།  རྒྱལ་ཁབ་ཀྱིས་ཐད་ཀར་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་༡༡༧གཏན་འཁེལ་བྱས་པ་དང་། ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར་༣༡༢ཙམ་བཏང་། 
          ༢༠༡༠ལོའི་ཟླ༡པོའི་ཚེས༡༨ཉིན་ནས་ཚེས༢༠ཉིན་བར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་གིས་བོད་ལྗོངས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་འཚོགས་ཤིང་། ཐེངས་དེའི་གྲོས་ཚོགས་ནི་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་དང་། བོད་ལྗོངས་ཉིད་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་འགྲོ་བའི་གནད་འགག་གི་དུས་རིམ་ཞིག་ལ་འཚོགས་པའི་ཚོགས་འདུ་ཞིག་ཡིན། གྲོས་ཚོགས་ཀྱིས་བོད་ལྗོངས་ཀྱི་འཕེལ་རྒྱས་བརྟན་བརླིང་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ལ་སྤྱི་བསྡོམས་དང་།  བོད་ལྗོངས་ཀྱི་ལས་དོན་ལ་འཕྲད་པའི་གནས་བབ་དང་འོས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ད་ལྟ་དང་ཕྱིས་འབྱུང་གི་དུས་སྐབས་ཤིག་གི་ནང་བོད་ལྗོངས་ཀྱི་ལས་དོན་ལ་སློབ་སྟོན་བསམ་བློ་དང་། འོས་འགན་གཙོ་བོ། ལས་དོན་བླང་བྱ་བཅས་ལེགས་པོ་བསྒྲུབ་པར་གསལ་འབེབས་བྱས་ནས་བོད་ལྗོངས་ཉིད་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བ་མངོན་འགྱུར་བྱེད་པར་འཐབ་ཇུས་བཏོན་ཞིང་བཀོད་སྒྲིག་གནང་། གྲོས་ཚོགས་ཐོག   སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་རང་རང་གི་བོད་ཁུལ་གྱི་ལས་དོན་དེ་གྲོས་རིམ་གལ་ཆེན་དུ་བཞག་ཏེ།  ཞིང་ཆེན་རང་རང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འོས་འགན་གལ་ཆེན་དུ་བཟུང་ནས་ཞིང་ཆེན་ཡོངས་ཀྱི་ཕྱོགས་གང་ཅིའི་སྟོབས་ཤུགས་ཀྱིས་ས་ཁུལ་དེ་དག་གི་འཕེལ་རྒྱས་ལ་རྒྱབ་སྐྱོབ་བྱེད་པར་སྐུལ་སློང་བྱེད་དགོས་པ་དང་།  ཀྲུང་དབྱང་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་རུ་བཏང་སྟེ། ཞིང་ཆེན་བཞིའི་བོད་ཁུལ་གྱི་འཕེལ་རྒྱས་ལ་གོམ་པ་གསར་བ་ཞིག་སྤོ་བར་སྐུལ་འདེད་བྱས་ནས། ༢༠༢༠ལོར་ཞིང་ཆེན་བཞིའི་བོད་ཁུལ་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།