ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ICUཡི“གོས་དཀར་ལྷ་རྗེ”

སྤེལ་དུས 2018-02-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
—— ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་ཐེངས་གཉིས་པའི་ཚོགས་སྒྲིག་རྣམ་པའི་ བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་ཧོང་ཡུང་ཧུང་གི་སྐོར་བཀོད་པ།       
          “ཐོག་མའི་བསམ་འདུན་མ་བརྗེད་པར་ནུས་ཤུགས་ཡོད་རྒུས་ནད་བཅོས་སྲོག་སྐྱོབ་བྱེད་པ་དང་། རང་ཉིད་ཀྱི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་ནས་འགག་སྒྲོལ་དཀའ་སེལ་གྱིས་ས་མཐོར་རྩ་བ་ཚུགས་པ་བྱ་རྒྱུ་ཡིན”ཞེས་པ་འདི་ནི་ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་ཐེངས་གཉིས་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་ICUཡི་སྨན་གཡོག་འགོ་འཛིན་ཧོང་ཡུང་ཧུང་བོད་དུ་ཐོག་མར་ཡོང་སྐབས་ཀྱི“བོད་སྐྱོར་བསམ་འདུན”རེད་ལ་ཁོང་གི་མི་ཚེ་འདིའི་འགྱུར་མེད་ཀྱི་དོན་གཉེར་ཞིག་ཀྱང་རེད།
སོ་སོའི་ཁྲག་ནད་པར་བླུགས་ནས་ནད་པའི་སྲོག་བསྐྱབས་པ།
          2016ལོའི་ཟླ་10ཚེས་26ཉིན་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཁོག་ནད་ཚན་ཁག་དང་པོར་ཟུངས་ཁྲག་ཉམས་པ་དང་ཟུངས་ཁྲག་ཉམས་པའི་རང་བཞིན་གྱི་སྙིང་ནད་ལྕི་པོ་ཕོག་མཁན་ཞིག་སྨན་བཅོས་བྱེད་པར་ཡོང་། དེའི་ནད་གཞི་ལྕི་ལ་ཉེན་ཁ་ཆེན་པོ་ཡོད་པ་རེད། སྨན་པས་ཁྲག་མཛོད་ནང་གི་ཁྲག་རིགས་ཚང་མ་སྤྱད་མོད། འོན་ཀྱང་དེའི་ནད་གཞི་དྲག་ཏུ་མ་ཕྱིན་པར་མུ་མཐུད་ཁྲག་བླུགས་ནས་སྨན་བཅོས་བྱེད་དགོས་ཀྱི་ཡོད། ཁྲུང་ཆིང་ཕྱོགས་ལ་ཁྲག་རིགས་རེ་ཞུ་བྱེད་པར་དུས་ཚོད་ཉིན་འགའ་འགོར་བས་ནད་པའི་ནད་གཞི་ལྕི་བས་སྒུག་ལོང་མེད་པ་རེད།
          “ངའི་ཁྲག་རིགས་Bརེད། ངའི་ཁྲག་བླུགས་ཆོག”ཅེས་ཧོང་ཡུང་ཧུང་གིས་ཚིག་ཐག་ཆོད་པོས་བརྗོད།
          “ཁྱེད་ཀྱིས་དེ་ལྟར་བྱས་ན་ལུས་པོས་ཐེགས་ཐུབ་གམ། དེ་ཁུལ་ནི་ས་མཐོ་ཡིན་པས་ལུས་པོར་ཤུགས་རྐྱེན་གང་འདྲ་ཐེབས་མིན་སུས་ཀྱང་གསལ་པོ་ཤོད་མི་ཐུབ”ཅེས་སྨན་པ་ལས་རོགས་ཚོས་བརྗོད་པ་དང་། ཁོང་ཚོས་དེའི་ཐད་སེམས་ཁྲལ་ཆེན་པོ་བྱེད་པས་ཧོང་ཡུང་ཧུང་གིས“མིའི་སྲོག་བསྐྱབ་རྒྱུ་ནི་ཨང་དང་པོ་རེད”ཅེས་བློ་རྩ་བརྟན་པོས་བརྗོད།
          ཆ་རྒྱུས་མེད་པའི་ཁྲུང་ཆིང་གི་བོད་སྐྱོར་ལས་བྱེད་པ་ཞིག་གིས་རང་འགུལ་ངང་རང་ཉིད་ལ་ཁྲག་བླུགས་པ་ཤེས་རྗེས་གདོང་གཤིས་སྐྱོ་བའི་ཤེས་ལྷ་དཔལ་སྒྲོན་གྱི་ངོ་གདོང་ལས་སེམས་འགུལ་གྱི་འཛུམ་མདངས་འཕྱུར།
          སེམས་བཟང་བབ་ཆགས་ཀྱི་ཤེས་ལྷ་དཔལ་སྒྲོན་དང་རང་ཉིད“ཁྲག་རྒྱུན་འདྲེས་པ”མཐོང་རྗེས་ཧོང་ཡུང་ཧུང་གི་སེམས་ནང་དགའ་ཚོར་བྱུང་ཡོད་ལ་སྙིང་རྗེའང་སྐྱེས་ཤིང་། རང་ཉིད་ཀྱི་ཁྲག་རྒྱུན་ལས་ཁོ་མོའི་ནད་གཞི་དྲག་སྐྱེད་ཡོང་རྒྱུར་རོགས་རམ་ཐུབ་པ་དང་ཁོ་མོ་གང་མགྱོགས་དྲག་སྐྱེད་ཡོང་རྒྱུའི་རེ་བ་བྱས་། ལས་བྲེལ་ཆེ་བའི་དབང་གིས་ཁྲག་བླུགས་རྗེས་ཧོང་ཡུང་ཧུང་གིས་ངལ་གསོ་ཏོག་ཙམ་ཡང་མ་བརྒྱབ་པར་འཕྲལ་དུ་ནད་ཐོག་ལས་དོན་ནང་ཞུགས།
ནམ་ཡང་གནས་པའི་སྨན་གཡོག་རུ་ཁག་ཅིག་གསོ་སྐྱོང་བྱས་པ།
          ནད་ཁང་དཀྱུས་མ་དང་མི་འདྲ་བར་ICUནི་ཆུ་ཚོད་24ཡི་རིང་ནད་གཡོག་མེད་པའི་ནད་ཁང་ཞིག་རེད། ནད་ཁང་དེའི་ནང་སྡོད་མཁན་ནད་པ་མང་ཆེ་བ་ནི་དྲན་པ་ཉམས་པ་དང་ཕྱེད་དྲན་པ་ཉམས་པའི་ནད་པ་ཡིན་པས་ནང་མི་འཁྲིས་སུ་བསྡད་ནས་ནད་གཡོག་རྒྱུག་ཆོག་གི་མེད།
          ནད་པ་ཆ་སྙོམས་སྨན་ཁང་དུ་སྡོད་པའི་དུས་ཚོད་གཏན་འཁེལ་མེད་པ་དང་། ཉུང་ཤོས་ལ་ཉིན་གསུམ་ལྔ་ཡིན་པ་དང་རིང་ཤོས་ལ་ཟླ་གཅིག་གཉིས་རེད། སྨན་གཡོག་ཚོས་ནད་པའི་ཟ་འཐུང་གཏོང་གཉིད་བཅས་ལ་ལྟ་རྟོག་བྱེད་དགོས་པ་མ་ཟད། ད་དུང་དུས་རྟག་ཏུ་ནད་པའི་ནད་གཞིའི་འགྱུར་ལྡོག་ལ་དོ་སྣང་བྱེད་དགོས་པས་སྨན་གཡོག་ཚོའི་ཕྱོགས་བསྡུས་བྱང་ཚད་ཐད་རེ་བ་ཧ་ཅང་མཐོ་པོ་ཡོད།
          ཡིན་ནའང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ICUབཙུགས་ནས་དུས་ཡུན་ཐུང་ཐུང་ཡིན་པས་ལས་དོན་ཐམས་ཅད་རང་ཉིད་ལ་རྟེན་དགོས་ཀྱི་ཡོད།
          ICUཡི་ད་ཡོད་ཀྱི་ཆ་རྐྱེན་དང་གནས་པའི་གནད་དོན་ལ་གཞིགས་ནས་ཧོང་ཡུང་ཧུང་གིས་བློ་རྩེ་གཅིག་སྒྲིམ་ངང་ཁོའོ་དང་ཁང་གི་ལམ་ལུགས་འཛུགས་སྐྱོང་ཐད་འབད་བརྩོན་བྱས་ནས་ཆེད་ལས་དང་། ནུས་ཆེ། སྤུས་ལེགས་བཅས་ཀྱི་སྨན་གཡོག་རུ་ཁག་ཅིག་གཏོད་པར་ཧུར་ཐག་གཞོལ་བ་རེད།
          ལོ་གཅིག་རིང་ཧོང་ཡུང་ཧུང་གིས་རོགས་སྐྱོར་དང་ལེན་བྱེད་མཁན་ཁོའོ་དང་ཁང་ལ་ལམ་ལུགས་ཁག་9འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་རོགས་རམ་བྱས་པ་དང་། དམིགས་བསལ་རིམ་པའི་སྨན་གཡོག་མི་ཐེངས་2255ལ་མཛུབ་ཁྲིད་བྱས་པ། ཁོའོ་དང་ཁང་གི་ལས་དོན་སྤེལ་རེས་ཚོགས་འདུ་ཐེངས་16གཙོ་སྐྱོང་དང་ཁོའོ་དང་ཁང་གི་འཆར་ཅན་ཚོགས་འདུ་ཐེངས་13སྒྲིག་འཛུགས་བྱས་པ། ཁོའོ་དང་ཁང་ལ་སྤུས་ཚད་ཞིབ་བཤེར་ཐེངས་190བྱས་པ། སྨན་གཡོག་གི་དཔྱད་གཞིའི་ཡིག་རིགས་ཁག་1900ལྷག་ཙམ་ལ་ཞིབ་བཤེར་བྱས་ཡོད་པ་རེད།
           2017ལོའི་ཟླ་5པར་ཧོང་ཡུང་ཧུང་གིས་ཁོའོ་དང་ཁང་གི་སྣེ་ཁྲིད་ནས“ནད་ལྕིའི་གསོ་རིག་ཚན་ཁག་གི་སྨན་གཡོག་གི་དཔྱད་ཞིབ་ཞིབ་སྲོལ”དང“ནད་ལྕིའི་གསོ་རིག་ཁོའོ་ཡི་སྨན་གཡོག་གི་ལས་དོན་སྤེལ་རེས་ཇུས་གཞི”བཟོས་པ་དང་འབྲེལ་དོན་འཁྱོལ་ལ་སྒྲིག་འཛུགས་བྱས་ཡོད། “ལམ་ལུགས་ལ་བརྟེན་ནས་མི་ལ་དོ་དམ་བྱེད་པ”དང“གྲངས་གཞིར་བརྟེན་ནས་སྐད་ཆ་ཤོད་པའི”བྱ་ཐབས་ལ་བརྟེན་པས་ཁོའོ་དང་ཁང་གི་སྨན་གཡོག་དོ་དམ་བྱ་ཐབས་རིམ་བཞིན་ཉམས་མྱོང་དོ་དམ་ནས་ཚན་རིག་དང་མཐུན་པའི་དོ་དམ་ལ་གྱུར་ཡོད།
མཐའ་མའི་ལས་གནས་བརྟན་པོ་བསྲུངས་པ།
          “ང་རང་ICUཡི་ལས་རོགས་ཚང་མ་དང་ཁ་བྲལ་འདོད་མི་འདུག ཁོང་ཚོ་ཚང་མར་འགན་འཁྲིའི་བསམ་པ་ལྡན་པས་ལས་དུས་འཕར་མ་ག་ཚོད་བྱས་ཀྱང་འཁང་ར་བྱེད་ཀྱི་མི་འདུག ཁོང་ཚོའི་ས་ནས་ངས་བྱ་ཐབས་མང་པོ་སློབ་སྦྱོང་ཐུབ་བྱུང་། ལོ་གཅིག་དང་ལོ་ཕྱེད་རིང་ང་ལ་ཉམས་མྱོང་མང་པོ་ཐོབ་བྱུང”ཞེས་ཧོང་ཡུང་ཧུང་གིས་བཤད།
          ལོ་གསར་པ་འཆར་བའི་སྐབས་སུ་ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་ཐེངས་གཉིས་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣས་རང་གི་ལས་ཀ་ཚང་མ་གཞན་ལ་རྩིས་སྤྲད་ནས་ཁྲུང་ཆིང་དུ་ལོག་རྒྱུ་རེད། ཧོང་ཡུང་ཧུང་ཡང་ཕ་ཡུལ་དུ་ལོག་ནས་ལོ་གཅིག་ལྷག་ཙམ་རིང་བྲལ་བའི་རང་གི་བུ་མོ་འཕྲད་ནས་ནང་མི་དང་མཉམ་དུ་དགའ་སྤྲོ་མཉམ་འཛོམས་ཀྱི་ལོ་གསར་ཞིག་གཏོང་རྒྱུ་རེད།
          ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གསུམ་པའི”སྨན་ཁང་འཛུགས་རྒྱུ་ཁ་ཚ་དགོས་གཏུགས་ཤིག་ཡོད་ཅིང་། ས་གནས་དེ་གར་སྨན་གཡོག་མི་སྣ་དཀོན་ལ་རྨང་གཞི་ཞན་པ་དང་སྨན་ཁང་འཛུགས་པའི་དཀའ་ཚེགས་ཆེ་བའི་གནས་ཚུལ་ལ་གཞིགས་ནས་ཧོང་ཡུང་ཧུང་གིས་ལས་དུས་འཕར་མ་བྱས་ནས་ཚང་མའི་སྣེ་ཁྲིད་དེ“བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་གདེང་འཇོག་ཚད་གཞིའི་ཞིབ་སྲོལ(2017ལོའི་བྱ་ཐབས)”ལ་གཞིགས་ནས་དཔྱད་གཞིའི་ཡིག་རིགས་གྲ་སྒྲིག་དང་རྒྱུན་གཏན་གྱི་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ“ནད་ལྕིའི་གསོ་རིག་ཚན་ཁག་གི་སྨན་གཡོག་གིས་ཤེས་དགོས་པའི་གནས་ཚུལ”རྩོམ་འབྲི་བྱས་པ་རེད།
          སྨན་ཁང་གི་ལས་རོགས་ཚོས་ཀྱང་དུས་ཐུང་ལོ་གཅིག་གི་དུས་ཡུན་རིང་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་བོད་སྐྱོར་ལས་རོགས་པ་དེར་བརྩི་བཀུར་ཆེན་པོ་བྱེད་ཅིང་། “འགན་ནན་ཏན་འཁུར་བ་དང་ཞིབ་ཚགས་གཟབ་ནན་བྱེད་མཁན་ཞིག་རེད”ཅེས་ཧོང་ཡུང་ཧུང་གི་སྐོར་བརྗོད་སྐབས་སྨན་གཡོག་འགོ་འཛིན་དབྱང་ཧུའེ་མེན་གྱིས་དེ་ལྟར་བརྗོད་པ་དང་། ཁོང་གིས་བརྩེ་སེམས་ཆེན་པོའི་ངང“འདི་ལོ་བོད་སྐྱོར་སྨན་པ་གསར་པ་ང་ཚོའི་ཁོའོ་དང་ཁང་དུ་ཡོང་མཁན་མེད། སླད་ཕྱིན་ICUལ་ལས་ཀ་གང་ཞིག་ཡོད་ཚེ་ཚང་མ་ཁོང་ལ་ཁ་པར་རྒྱག་པ་དང་ཆ་འཕྲིན་བསྐུར་ན་འགྲིག་ཅེས་ཧོང་ཡུང་ཧུང་གིས་གསུང་གི་འདུག ཁོང་གིས་སྔར་ནས་ད་བར་ང་ཚོར་ལག་རྩལ་ཐད་ཀྱི་དཀའ་གནད་བསལ་བྱུང་ལ་སྨན་གཡོག་གི་ཉམས་མྱོང་བཟང་པོ་དུས་ཐོག་ཏུ་ང་ཚོར་བརྒྱུད་སྤྲོད་བྱས་བྱུང”ཞེས་བརྗོད་ཀྱི་འདུག