ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

རིག་སྟོབས་བོད་སྐྱོར་གྱི་མེ་ཏོག་གངས་ལྗོངས་སུ་རབ་ཏུ་བཞད།

སྤེལ་དུས 2018-02-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
—— ཞིང་ཆེན་དང་གྲོང་ཁྱེར་17གྱི་བསྡོམས་རྩིས་ཁོངས་གཏོགས་ཀྱི་དུས་ཐུང་བོད་སྐྱོར་ལས་བྱེད་པ་ཁག་དང་པོའི་སྐོར་བཀོད་པ།
          བསྡོམས་རྩིས་ཀྱི་རིག་སྟོབས་བོད་སྐྱོར་ནི་2016ལོའི་རྒྱལ་ཡོངས་ཀྱི་བསྡོམས་རྩིས་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཏན་འཁེལ་བྱུང་བའི་ལས་ཀའི་བྱེད་ཕྱོགས་ཤིག་དང་དུས་བབ་གསར་པའི་འོག་ཁ་གཏད་བོད་སྐྱོར་བྱེད་སྟངས་གསར་གཏོད་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་ཞིང་། 2017ལོའི་ཟླ་4པའི་ཟླ་དཀྱིལ་དུ། ཞིང་ཆེན་དང་གྲོང་ཁྱེར་17གྱི་བསྡོམས་རྩིས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་པ་16བོད་ལ་སླེབས་ཚུན། ལས་ཀའི་ཁོར་ཡུག་གསར་པར་གང་མགྱོགས་སེམས་གནས་ཐུབ་པ་བྱས་ནས་བོད་སྐྱོར་ལས་དོན་གྱི་འགན་འཁྲི་ཧུར་ཐག་བསྒྲུབས་པ་དང་། རང་སྐྱོང་ལྗོངས་ཀྱི་བསྡོམས་རྩིས་ལས་དོན་ལ་གྲུབ་འབྲས་དང་འཕེལ་རིམ་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ་བོད་སྐྱོར་ལས་བྱེད་པའི་ཉམས་བཟང་ཡོངས་སུ་མངོན།
འགན་འཁྲི་བློ་ལ་བཅངས་ནས་སེམས་རྣལ་དུ་ཕབ་པ།
          བོད་དུ་མ་སྐྱོད་གོང་། ཁྲེང་ཏུའུ་ཡི་བསྡོམས་རྩིས་བོད་སྐྱོར་ལས་བྱེད་པའི་གསོ་སྦྱོང་ཚོགས་འདུའི་ཐོག རྒྱལ་ཁབ་བསྡོམས་རྩིས་ཅུས་མི་དོན་སིའི་སི་ཀྲང་གཞོན་པ་ཤེ་པིང་ཧྥང་གིས་བོད་དུ་བསྐྱོད་མཁན་བློ་མཐུན་16ལ་སྐུལ་སློང་བྱས་ཏེ། རོགས་སྐྱོར་གྱི་དོན་སྙིང་དང་མཐའ་མཚམས་ཀྱི་གནས་བབ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ། བརྟན་ལྷིང་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་བཅས་ལ་ཞིབ་ཕྲའི་བླང་བྱ་བཏོན་པ་མ་ཟད། ལས་དོན་དང་འཚོ་བའི་བདེ་འཇགས་ཐད་མངག་བྱ་ཡང་ཡང་བྱས་པ་རེད།
           ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཀྲོའུ་པོ་བོད་ལ་སླེབས་རྗེས། གཟུགས་པོ་མི་འཕྲོད་པར་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་སྐབས་ཁྲག་ཤེད་མཐོ་བའི་ནད་དང་གློ་ཡུལ་གཉན་ཚད་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་པས། ཐོག་མར་ཁོ་པའི་བསམ་པར་ས་མཐོར་མི་འཕྲོད་པ་རེད་སྙམ་ནས་ནང་སར་ལོག་རྒྱུའི་རེ་ཞུ་སྐྱེལ་དགོས་མིན་ཐེ་ཚོམ་བྱེད་མྱོང་ཡོད་ཀྱང་བློ་མཐུན་ཚོའི་ལྕག་སྐུལ་འོག མཐར་ཁོ་པས་བོད་དུ་སྡོད་རྒྱུའི་ཐག་བཅད་པ་དང་སྦྲགས། དུས་ཚོད་གང་འཚམ་སོང་རྗེས་རིམ་གྱིས་ས་འཕྲོད་ནས་ད་ཆ་ལས་ཀ་དང་འཚོ་བ་རྒྱུན་གཏན་ལྟར་སྐྱེལ་བཞིན་ཡོད་པ་རེད།
རྒྱ་བོད་མི་རིགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ།
             “རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་ཕན་ཚུན་ཁ་འབྲལ་ཐབས་མེད”བོད་སྐྱོར་ལས་བྱེད་པ་ཚང་མ་བོད་དུ་སླེབས་རྗེས། ལས་འགན་ཐོག་མ་ནི་ལས་ཀའི་ཁོར་ཡུག་གང་མགྱོགས་འཕྲོད་པ་དང་བོད་དུ་སྔ་ཙམ་ལས་དོན་སྤེལ་ཆེད་རེད།
             མིག་སྔར། བོད་སྐྱོར་ལས་བྱེད་པ་གསུམ་ལྗོངས་བསྡོམས་རྩིས་ཅུས་ཀྱི་འགོ་ཁྲིད་དང་མཉམ་དུ་དཀའ་ཚེགས་ཆེ་བའི་མཐའ་མཚམས་གཉའ་ནང་རྫོང་གི་གྲོང་ཚོའི་བཅའ་སྡོད་ལས་བྱེད་པར་ལྟ་བར་བསྐྱོད་ཟིན་ཞིང་། རྒྱ་མཚོ་གྲོང་ལྷན་དུ་འཚམས་འདྲི་བྱེད་སྐབས། བོད་སྐྱོར་ལས་བྱེད་པ་ཚོས་ཆ་སྒྲིག་གཉེན་འཚོལ་གྱིས་མང་ཚོགས་ཁྱིམ་དུ་འཚམས་འདྲི་བྱས་པ་མ་ཟད། ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཞལ་འདེབས་བརྒྱབ་ནས་མང་ཚོགས་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་སེལ་བཀྲོལ་བྱས་པར་ཡུལ་དེ་གའི་མང་ཚོགས་དང་བརྩེ་སེམས་ཟབ་ཏུ་ཕྱིན་པ་རེད།
བསམ་ཕྱོགས་གསར་གཏོད་བྱས་ནས་རྩ་བ་བརྟན་པོ་བཙུགས་པ།
             བསྡོམས་རྩིས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་པ་ཁག་དང་པོས་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་གི་བླང་བྱ་གསར་པ་དང་བོད་ཀྱི་དགོས་མཁོ་གསར་པ་ཟུང་འབྲེལ་ལ་སྣང་ཆེན་གྱིས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་བསམ་ཕྱོགས་གསར་གཏོད་བྱས་ནས་བསྡོམས་རྩིས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་ཀ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད།
            བོད་སྐྱོར་ལས་བྱེད་པའི་དོ་དམ་ཚོགས་ཆུང་གི་ཙུའུ་ཀྲང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་བོད་སྐྱོར་ལས་བྱེད་པ་བློ་མཐུན་ཧའོ་ཧྲེང་ལུང་གིས་རང་འཁྲིའི་ལས་འགན་ཡག་པོ་བསྒྲུབས་པ་མ་ཟད། བོད་སྐྱོར་ལས་བྱེད་པ་མི་རེ་ངོ་རེར་ལྷག་བསམ་རྣམ་དག་ངང་ཞབས་འདེགས་ཧུར་ཐག་ཞུས་པ་དང་ལྟ་རྟོག་ཟབ་མོ་བྱེད་ཀྱི་ཡོད། ཁོང་གིས་གཟའ་འཁོར་གཉིས་རེར་བོད་སྐྱོར་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་རེ་འཚོགས་ནས་རང་ངོས་སློབ་སྦྱོང་དང་རང་ངོས་དོ་དམ་དང་ལས་དོན་སྒྲུབ་སྟངས་ལེགས་བཅོས་ཀྱི་ལུགས་མཐུན་གྲོས་འགོ་བསྡུ་རུབ་བྱས་ཏེ། བོད་སྐྱོར་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་སྤྲོ་སེམས་ཆེན་པོས་བོད་ཀྱི་བསྡོམས་རྩིས་བྱ་གཞག་ནང་ཞུགས་ཐུབ་པ་བྱེད་ཀྱི་ཡོད།
སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་རང་འགན་ལེགས་པར་བསྒྲུབས་པ།
            “དཀའ་ཚེགས་ཆེ་རུང་དཀའ་ངལ་ལ་མི་སྐྲག་པ་དང་། གསོ་རླུང་དཀོན་རུང་སྙིང་སྟོབས་མི་ཉམས་པའི”བོད་སྐྱོར་ལས་བྱེད་པ་ཚོས་རང་འགན་གཙང་སྒྲུབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་སྤྲོ་བའི་སྙིང་སྟོབས་འདེགས་སྐྱོར་དུ་བྱེད་པ་དང་། དོན་དངོས་ལས་ཀའི་ཁྲོད་རང་འགུལ་ངང་ལས་དོན་ཧུར་ཐག་བསྒྲུབས་ཏེ་བསྡོམས་རྩིས་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་བ་རེད།
          ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་སུན་ཐའོ་མགྱོགས་མྱུར་རྒྱལ་དམངས་དཔལ་འབྱོར་གྱི་ཕྱོགས་བསྡུས་བསྡོམས་རྩིས་ལས་ལ་གཞོལ་ནས་ལྗོངས་བསྡོམས་རྩིས་ཅུས་དང་གྲོང་ཁྱེར་དང་ས་ཁུལ་བསྡོམས་རྩིས་ཅུས་ཀྱི་བསྡོམས་རྩིས་དབྱེ་ཞིབ་ཁག་168ཞིབ་ལྟ་དང་བཟོ་བཅོས་བྱས་པ་རེད། ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཝང་གཡན་གྱིས་བསྡོམས་རྩིས་ཅུས་ཀྱི་ལས་སྒོ་ཁྲུའུ་དང་ཁང་ཁག་ཏུ་ལས་བྱེད་པ་དཀོན་པའི་གནས་ཚུལ་འོག ཁོང་གཅིག་པུས་ཆེད་ལས་གསུམ་གྱི་བསྡོམས་རྩིས་ལས་ཀའི་འགན་ཁུར་བ་དང་རང་འགུལ་ངང་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་མང་པོ་དང་འབྲེལ་ལམ་བཙུགས་པས་རྣམ་གྲངས་མཛོད་ཁྲོད་ཀྱི་གྲངས་གཞི་དེ་བས་འཐུས་སྒོ་ཚང་དུ་སོང་སྟེ་བོད་རིགས་ས་ཁུལ་གྱི་མ་འཇོག་གྲངས་གཞིའི་སྤུས་ཚད་མཐོ་རུ་ཕྱིན་པས་འགོ་ཁྲིད་དང་ལས་རོགས་ཚོའི་བསྔགས་བརྗོད་ཐོབ་པ་མ་ཟད། ཅང་སུའུ་ཞིང་ཆེན་གྱི“བསྡོམས་རྩིས་པ་ཡག་ཤོས”འདེམས་པའི་ནང་ཚུད་ཡོད། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ལུའོ་ཝུན་ཧྥུང་གིས་དེ་སྔའི་ལས་ཁུངས་ཀྱི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་བོད་ཀྱི་བསྡོམས་རྩིས་ལས་དོན་ཁྲོད་སྤྱད་པ་དང་། ཁོང་གིས་བཏོན་པའི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལས་དོན་ཚད་ལྡན་དུ་གཏོང་བའི་བསམ་འཆར་བསྡུ་ལེན་བྱས་པ་ལས་བསྡོམས་རྩིས་ཀྱི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཞབས་ཞུའི་ལས་སྒོའི་བསྡོམས་རྩིས་ལས་དོན་གོ་རིམ་ལྡན་པའི་ལམ་བུར་སྐྱོད་ཐུབ་པ་བྱུང་ཡོད།