ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

བོད་སྐྱོར་རོགས་སྐྱོར་ལ་གསོན་ཤུགས་གསར་པ་བསྣན། ཁྲུང་ཆིང་ཅང་ཅིན་ཁུལ་ལྟེ་གནས་སྨན་ཁང་གི་བོད་སྐྱོར་ལས་བྱེད་པ་ཨང་6པ་ལམ་ལ་ཆས།

སྤེལ་དུས 2018-03-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།

བོད་སྐྱོར་མི་སྣའི་ཕེབས་རྫོངས་བྱེད་སྒོའི་ཡུལ་དངོས།

བོད་སྐྱོར་ལས་བྱེད་པས་གཏམ་བཤད་བྱེད་པ།
          ཟླ་3ཚེས་2ཉིན།  སྨྱུག་ཐོགས་པས་ཅང་ཅིན་ཁུལ་ལྟེ་བའི་སྨན་ཁང་ནས་ཤེས་རྟོགས་བྱུང་བར། སྨན་ཁང་དེའི་སྤྱིར་བཏང་གི་ཕྱི་ནད་ཚན་ཁག་གི་ནད་གཡོག་ཆེན་མོ་གཞོན་པ་ཝང་ཧུང་ཡུས་ཉེ་དུས་བོད་ལྗོངས་ཆབ་མདོར་ཕེབས་ནས། དུས་ཡུན་ལོ་གཅིག་དང་ཕྱེད་ཀ་རིང་གི་སྨན་བཅོས་རོགས་སྐྱོར་ལས་དོན་བྱ་གྲབས་ཡོད།
          ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིར་གྲོང་ཁྱེར་ཡོངས་སུ་ཁག་བརྒྱད་པའི་དུས་ཐེངས་གཉིས་པའི་བོད་སྐྱོར་ཆེད་ལས་ལག་རྩལ་མི་སྣ་31གཏན་འཁེལ་བྱས། ཉེ་དུས་ཁྲུང་ཆིང་དང་ཁ་བྲལ་ནས་བོད་ལྗོངས་སུ་བསྐྱོད་ནས་ཁ་གཏད་རོགས་སྐྱོར་ལས་དོན་བྱས་ཏེ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་དང་སྟོབས་ཤུགས་གསར་པ་སྣོན་འཆར་ཡོད།
          ཉེ་བའི་ལོ་ཤས་རིང་། ཅང་ཅིན་ཁུལ་ལྟེ་བའི་སྨན་ཁང་གིས་སྔ་ཕྱིར་དབང་རྩའི་ཕྱི་བཅོས་ཚན་ཁག་དང་བུད་མེད་ཚན་ཁག  བུ་སྐྱེས་ཚན་ཁག  བྱིས་ནད་ཚན་ཁག ཚད་བརྒལ་སྒྲ་རླབས་ཚན་ཁག་བཅས་ཀྱི་སྨན་བཅོས་རྐང་འཛིན་པ་5བོད་ལྗོངས་སུ་བསྐྱོད་ནས་དབུལ་སྐྱོར་ལས་དོན་སྤེལ། སྨན་ཁང་དེས་བོད་སྐྱོར་མི་སྣས་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས། བོད་རིགས་ས་ཁུལ་གྱི་སྨན་ཁང་གི་སྨན་བཅོས་ཀྱི་ལག་རྩལ་ཆུ་ཚད་དང་སྨན་བཅོས་ཞབས་ཞུའི་ནུས་པ་མཐོ་མདེགས་ཤུགས་ཆེན་བཏང་བས། ས་གནས་དེ་གའི་སྲིད་གཞུང་དང་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བས་དགའ་བསུ་དང་མཐའ་གཅིག་ཏུ་གདེང་འཇོག་མཐོན་པོ་གནང་།
          གཞན་ཡང་། བོད་སྐྱོར་ལས་བྱེད་པ་ཝང་ཧུང་ཡུས་མགྱོགས་མྱུར་ངང་བོད་རིགས་ས་ཁུལ་དང་འདྲིས་ཆེད། ཚེས་1ཉིན་སྨན་ཁང་གིས་བོད་སྐྱོར་མི་སྣ་ཕེབས་རྫོངས་བྱེད་སྒོ་སྤེལ།  ཆེད་ལས་མི་སྣ་བཀོད་སྒྲིག་བགྱིས་ནས་བོད་རིགས་ས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་གྱི་མཛུབ་སྟོན་ཡིག་ཆ་རབ་དང་རིམ་པའི་དགོངས་དོན་ལ་རྒྱུས་ལོན་སློབ་སྦྱོང་བྱས་ཏེ། བོད་སྐྱོར་གྲ་སྒྲིག་གི་ལས་དོན་ཡག་པོ་སྒྲུབ།