ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

བོད་སྐྱོར་ལས་བྱེད་པ་ཧྥུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུང་ཡང་གིས་བརྩེ་དུང་ཟབ་མོས་འབྱུང་འགྱུར་གྱི་ས་བོན་འདེབས་པ།

སྤེལ་དུས 2018-03-27 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། མིག་དམར་རྒྱ་མཚོས་བསྒྱུར།

             ས་བོན་ནི་སྐྱེད་སྲིང་དང་རེ་བའི་མཚོན་རྟགས་ཞིག་ཡིན། ལོ་ངོ་༡༦རིང་གངས་ལྗོངས་ས་མཐོར་ཕྱག་ལས་གནང་མཁན་ཚན་རིག་མཁས་པ་འདི་འདྲ་ཞིག་ཡོད་པ་སྟེ། ཁོང་གིས་མི་ཚེ་ཧྲིལ་པོར་རྩ་ཆེའི་རྩི་ཤིང་གི་ས་བོན་བསྡུ་ལེན་དང་སྲུང་སྐྱོབ་གནང་ཡོད་ལ། ཚན་རིག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ལེགས་སྐྱེས་ཕུལ་གནང་ཡོད། ཁོང་ནི་ཚན་རིག་མཁས་པ་ཀྲུང་ཡང་ཡིན།
             ཧྥུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཀྲུང་ཡང་ནི་ཁྲང་ཅང་རིག་གནས་པ་དང་། རྒྱལ་ནང་གི་སྐད་གྲགས་ལྡན་པའི་རྩི་ཤིང་རིག་པ་མཁས་པ་ཡིན་པའི་ངོས་ནས། ཁོང་གིས་དོ་ཁུར་དེ་རྩམ་མེད་པའི་མཚོ་བོད་ས་མཐོའི་དངོས་རིགས་ཞིབ་འཇུག་བྱེད་པའི་ཁ་ཕྱོགས་འདམ་ཁ་གནང་བ་མ་ཟད། ལོ་བཅུ་དྲུག་ཏག་ཏག་རྒྱུན་འཁྱོངས་གནང་ཡོད། གཟུགས་ཚད་སྨིས་གཅིག་དང་སྐར་མ་བརྒྱད་ཅུ་དང་། གཟུགས་པོའི་ལྗི་ཚད་སྤྱི་རྒྱ་བརྒྱ་ཡོད་ཅིང་། ཁྲག་ཤེད་མཐོ་བའི་ནད་དང་དྲེག་ནད་ཡོད་པའི་ཀྲུང་ཡང་མཚོ་ངོས་མཐོ་ཤོས་སྨིས་ལྔ་སྟོང་བཞི་བརྒྱར་འཛེགས་མྱོང་ཡོད་པ་དང་། ཁོང་དང་སློབ་མ་ཚོས་དམིགས་གསལ་རྩི་ཤིང་རིགས་ཆིག་སྟོང་ཡན་དང་། ས་བོན་བྱེ་བ་བཞི་ཙམ་བསྡུ་ལེན་བྱས་ཡོད་པས། རྒྱལ་ཁབ་ཀྱི་གལ་ཆེའི་སྐྱེ་ཁམས་བདེ་འཇགས་གྲབས་གསོག་ཐོན་ཁུངས་ལ་འགྱུར་ཡོད་པ་རེད།
             ཀྲུང་ཡང་ནི་དགེ་རྒན་ཁྱིམ་ཚང་ཞིག་ཏུ་འཁྲུངས་པ་དང་། ཁོང་གིས་རྟག་ཏུ། ཨ་མའི་ཁོག་ནང་སྡོད་སྐབས་ནས་རྟག་ཏུ་འཆད་སྟེགས་ཐོག་སླེབས་ཀྱི་ཡོད་ཅེས་གསུངས་ཀྱི་ཡོད། སྤྱི་ལོ་2000ལོར། ཀྲུང་ཡང་གིས་དེ་སྔའི་ལས་ཁུངས་ཀྱི་ཅུས་རིམ་པ་གཞོན་པའི་འགན་གནས་དོར་ནས། གདན་ཞུས་ལྟར་ཧྥུ་ཏན་སློབ་ཆེན་དུ་དགེ་རྒན་གནང་བར་ཕེབས་ཡོད། ལོ་གཉིས་པར། ཁོང་གིས་མཚོ་བོད་མཐོ་སྒང་གི་རྩི་ཤིང་རིགས་ཞིབ་འཇུག་གནང་འགོ་ཚུགས་པ་མ་ཟད། སློབ་གསོའི་བརྩེ་སེམས་དེ་ས་ཆ་དེ་གར་བསྣམས་ཕེབས་ཡོད། ཀྲུང་ཡང་ནི་རྒྱལ་ཡོངས་ཀྱི་ཁག་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པ་དང་། ཁོང་གིས་བོད་ལྗོངས་སློབ་གྲྭ་ཆེན་མོར་རོགས་རམ་བྱས་ནས་ཨང་དང་པོ་ཁག་གཅིག་བླངས་ཡོད་པ་སྟེ། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་དང་པོ་དང་། སྐྱེ་ཁམས་རིག་པའི་རབས་བྱམས་པའི་སློབ་གནས་དང་འབུམ་རམས་པའི་སློབ་གནས་དང་པོ་བཅས་ཡིན་པ་རེད།
             སྤྱི་ལོ་2017ལོའི་ཟླ་བ་9པའི་ཚེས་25ཉིན། ཀྲུང་ཡང་ནང་སོག་ཏུ་སློབ་ཁྲིད་ལ་སྐྱོད་པའི་ལམ་བར་དུ་། རླངས་འཁོར་དོན་རྐྱེན་ཐོན་ལས་སྟབས་མི་ལེགས་པར་སྐུ་གཤེགས་པ་དང་། དགུང་ལོ་53ཡིན་པ་རེད། མྱ་ངན་ཞུ་བའི་ཚོགས་འདུའི་ཐོག བོད་ལྗོངས་ནས་ཡོང་བའི་སློབ་མ་ཚོས་ཀྲུང་ཡང་གི་སྐུ་ཕུང་ས་མཐོརགདན་འདྲེན་ཞུས་ནས། དུས་ནམ་ཡང་ཁོང་གྲངས་མེད་ཕེབས་མྱོང་ཡོད་པའི་གཙང་པོ་དང་ས་གཞི་ཆེན་པོའི་ཐོག་འཇོག་རྒྱུའི་རེ་བ་བཏོན་ཡོད། ཀྲུང་ཡང་སྐུ་གཤེགས་རྗེས། ནང་མི་ཚང་མ་གཅིག་མཐུན་བྱུང་ནས། རླབས་འཁོར་དོན་རྐྱེན་གྱི་གྱོང་གསབ་དངུལ་སྒོར་ས་ཡ་གཅིག་དང་སུམ་འབུམ་བརྒྱད་ཁྲི་ཚང་མ་ཞལ་འདེབས་རྒྱབ་ནས། ནུབ་རྒྱུད་མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཆེད་དོན་ཐེབས་རྩ་ཞིག་འཛུགས་རྒྱུའི་གཏན་འཁེལ་བྱས་ཡོད་པ་རེད། ཀྲུང་ཡང་སྐུ་མ་གཤེགས་གོང་གི་ཉིན་བཞིའི་སྔོན་དུ། རྒྱལ་ཁབ་ཀྱིས་མཐོ་རིམ་སློབ་གྲྭའི་རྩེ་གྲ་གཉིས་འཛུགས་སྐྲུན་མིང་ཐོ་དངོས་སུ་ཡོངས་བསྒྲགས་བྱས་པ་དང་། ཁོང་གིས་སྣེ་ཁྲིད་གནང་བའི་སྐྱེ་ཁམས་རིག་པ་དེ་བོད་ལྗོངས་སློབ་ཆེན་གྱི་དེའི་ནང་ཚུད་པའི་ཚན་ཁག་ཉག་ཅིག་དེར་གྱུར་ཡོད་པ་རེད།