ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ལྷད་མེད་ཀྱི་བརྩེ་སེམས་དང་བྱང་ཆུབ་པའི་སྨན་རྩལ།

སྤེལ་དུས 2018-04-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
ཧྲའན་ཤིས་ཞིང་ཆེན་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་སྐོར་རགས་ཙམ་བཀོད་པ།
            ཟླ་བཞི་པར་མངའ་རིས་སུ་ད་དུང་གནམ་གཤིས་གྲང་ངར་ཆེ་ཡང་། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་སྡེ་ཁག་གི་ནད་ཁང་ནང་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་སྟེར། སྦྲུམ་མ་བློ་གྲོས་བཟང་མོས་སྐྱེས་མ་ཐག་པའི་ཕྲུ་གུ་པང་ལ་བཏབ་སྟེ་ངོ་གདོང་ནས་འཛུམ་དམུལ་དམུལ་ངང“དེ་གའི་སྨན་པའི་རྣམ་འགྱུར་ལེགས་ལ་ལག་རྩལ་ཡང་ཡག་པས། བདེ་སྐྱིད་ཀྱི་ཚོར་སྣང་ཆེན་པོ་བྱུང་ལ་བློའང་བདེ་པོ་འདུག”ཅེས་བཤད།
            ཤིས་ཨན་གྲོང་ཁྱེར་སྨན་ཁང་བཞི་པ་ནས་ཡོང་བའི་ཕྲུ་གུ་སྐྱེ་གཡོག་བོད་སྐྱོར་སྨན་པ་མཱ་ཆན་གྱིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། སྦྲུམ་མ་ས་ཁུལ་མི་དམངས་སྨན་ཁང་ལ་བསྡད་ནས་ཤི་བའི་གནས་ཚུལ་གཅིག་ཀྱང་ཐོན་མྱོང་མེད་ལ། ཕྲུ་གུ་དམར་འབྱར་སྡེ་ཁག་གིས་ཕྲུ་གུ་མང་པོ་བསྐྱབས་ནས་མངའ་རིས་ཀྱི་སྨན་བཅོས་ཟིན་ཐོ་གསར་པའང་བཏོད་ཡོད་ཅེས་སྤོབས་པ་ཆེན་པོས་གསར་འགོད་པར་བཤད་བྱུང་།
            2015ལོ་ནས་བཟུང་། ཧྲའན་ཤིས་ཞིང་ཆེན་གྱིས་མངའ་རིས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་སྔ་རྗེས་སུ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་ཤེས་ལྡན་པ་ཁག་གསུམ་དང་མི་53བཏང་ཡོད། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་རིགས་གཅིག་མཁས་དབང་ཡང་དེའི་ནང་ཧུར་ཐག་ཞུགས་ནས་རང་འགུལ་ངང་ལས་དོན་བསྒྲུབས་པ་དེས་རང་ངོས་ཀྱི་ལེགས་ཆ་གང་ལེགས་འདོན་ཐུབ་ནས་ལག་རྩལ་གསར་པའི་རྣམ་གྲངས་51དང་། ལས་སྒོ་གསར་པའི་རྣམ་གྲངས་33 སྨན་བཅོས་ཀྱི་ཞིབ་འཇུག་བརྗོད་གཞི་21འདུན་ཞུ། གཤགས་བཅོས་སྣ་ཚོགས་1542བཅས་ཀྱི་ལས་དོན་སྤེལ་བ་དང་ཀ་ལི་ཕྱེ་བ་དང་། ཀ་ལི་འབིགས་པ། མཚང་རུས་བརྗེ་བ་སོགས་ཀྱི་གཤགས་བཅོས་ཆེན་པོ་ལེགས་སྒྲུབ་བྱས་ཏེ་མངའ་རིས་ས་ཁུལ་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསབས་ཤིང་། 2016ལོའི་ཟླ་12པར་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ས་ཁུལ་མི་དམངས་སྨན་ཁང་གི་སྨན་དོན་པ་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག སྨན་ཁང“ཀ་པ་རིམ་པ་གཉིས་པ”གཏོད་རྒྱུ་ལེགས་གྲུབ་བྱུང་སྟེ་མངའ་རིས་ས་ཁུལ་ལ་རིམ་པ་ལྡན་པའི་སྨན་ཁང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
            སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་སྨན་ཁང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་དེ་བཞིན་སྨན་བཅོས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ནས་ཉིན་བཞིན་ཆེ་རུ་འགྲོ་བའི་རྒྱ་ཆེའི་མང་ཚོགས་ཀྱི་སྨན་བཅོས་ཀྱི་དགོས་མཁོ་སྔར་བས་ཡག་པོ་བསྐངས་ཆེད། 2018ལོའི་ཟླ་3པར་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་དུས་དཔག་བབ་བསྟུན་ངང “ཁ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང”གཏོད་པའི་ལས་དོན་དངོས་སུ་འགོ་བརྩམས་པ་རེད།
            ཧྲའན་ཤིས་ཞིང་ཆེན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་ཧྲའན་ཤིས་ཞིང་ཆེན་མི་དམངས་སྨན་ཁང་སོགས“ཀ་པ་རིམ་གསུམ་པའི”སྨན་ཁང་11དང་སྔ་རྗེས་སུ“སྨན་ཁང་གིས་སྡེ་ཁག་འགན་གཙང་ལེན་པའི”གྲོས་མཐུན་ལ་མིང་རྟགས་བཀོད་ནས“སྡེ་ཁག་འགན་གཙང་ལེན་མཁན་སྨན་ཁང”གི་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་དོ་དམ་གྱི་འདུ་ཤེས་དཔྱད་གཞིར་འཛིན་ཏེ་སྨན་ཁང་དང་སྡེ་ཁག་འཛུགས་སྐྱོང་བྱེད་པའི་རྒྱ་སྟོབས་ཆེ་རུ་བཏང་ཡོད། སྨན་ཁང་བཙུགས་མ་ཐག་པའི་དོས་དྲག་སྡེ་ཁག་དེ“སྨན་ཁང་གིས་སྡེ་ཁག་འགན་གཙང་ལེན་པའི”ལམ་ལུགས་ལ་བརྟེན་ནས་ཡར་རྒྱས་ཆེན་པོ་བྱུང་སྟེ་ནད་གཞི་ལྕི་པོ་དང་ཚབས་ཆེན་མྱུར་སྐྱོབ་བྱས་རིང་ནུས་པ་ཆེན་པོ་ཐོན་པར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཏུ་ཐོབ་ཡོད།
            བོད་སྐྱོར་སྨན་བཅོས་རུ་མིས“ཚོགས་པས་ཚོགས་པ་འཁྲིད་པ”དང་། “རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་འཁྲིད་པ” “དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། སྨན་བཅོས་བྱ་གཞག་ལ་དགའ་ཞེན། སློབ་སྦྱོང་དང་ཞིབ་འཇུག་བྱ་བར་བརྩོན་པ། གསོ་སྐྱོང་བྱེད་རིན་ཆེན་པོ་ལྡན་པ་བཅས་ཀྱི་ལས་སྒོའི་རྐང་འཛིན་པ་80དང་སྔ་རྗེས་སུ་ཆ་བསྒྲིགས་ནས་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་དགེ་ཕྲུག་ཁྲིད་པའི་འཆར་གཞི་བཟོས་ཏེ། “གཅིག་གཏད་གཅིག”ངང་ཁྲིད་པ་དང“དམར་ཁྲིད”བྱས་ཏེ་ལག་རྩལ་སྦ་གསང་མེད་པར་གཞན་ལ་སློབ་ཐུབ་པའི་འགན་ལེན་བྱས་ཡོད།
            “གོམ་སྟབས་རྗེས་མར། ང་ཚོས་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲི་འཁུར་སེམས་ཐོག་ནས་ནུས་ཤུགས་ཡོད་རྒུས‘ཁ་པ་རིམ་པ་གསུམ་པ་’གཏོད་པ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་ནས་ས་ཁུལ་མི་དམངས་སྨན་ཁང་དེ་ཉིད་བོད་ཀྱི་ནུབ་རྒྱུད་ཀྱི་སྨན་བཅོས་ལྟེ་གནས་ཤིག་ཏུ་བསྐྲུན་ཏེ་མངའ་རིས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་ཡིན”ཞེས་ཡོན་ཀྲང་ཡུས་ཡུང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།