ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

མ་དངུལ་སྒོར་ཁྲི2495 བཏང་སྟེ། ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་ཀྱིས་ལྷ་སའི་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་འཛུགས་སྐྲུན་བྱེད་འགོ་ཚུགས་པ།

སྤེལ་དུས 2018-04-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
           མིག་སྔར་ནན་ཅིང་གྲོང་ཁྱེར་སློབ་གསོ་ཅུས་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་མཉམ་སྐྲུན་བྱས་པའི་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གི་རྣམ་གྲངས་དེ་དུས་ལྟར་ལག་བསྟར་བྱས་ཤིང་།  དར་དམར་གྲོང་ཚོ་དང་དེའི་མཐའ་འཁོར་གྱི་སྡོད་དམངས་ཀྱི་བྱིས་པ་བུ་བཅོལ་ཁང་དུ་འགྲོ་བའི་ལམ་ཐག་རིང་བ་དང་། དཀའ་བའི་གནད་དོན་དག་ནུས་ལྡན་སྒོས་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཆེད་དུ་སྤུས་ལེགས་ཀྱི་སློབ་ལོ་མ་སོན་པའི་སློབ་གསོའི་ཞབས་འདེགས་མཁོ་སྤྲོད་བྱ་རྒྱུ་རེད།
           གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2017ལོའི་ཟླ8པར། ཅང་སུའུ་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ལྷ་ས་གྲོང་ཁྱེར་དུ་ཕེབས་ཏེ། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་དང་མཉམ་དུ་བཞུགས་མོལ་གྲོས་ཚོགས་འཚོགས་རྗེས་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་རོགས་སྐྲུན་བྱེད་པའི་མཉམ་འབྲེལ་མོས་འཆར་གཅིག་མཐུན་བྱུང་།  
           ལོ་དེའི་ཟླ9པར། ནན་ཅིང་གྲོང་ཁྱེར་སློབ་གསོ་ཅུས་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་མཉམ་སྐྲུན་བྱེད་རྒྱུའི་གྲོས་མོལ་བཞག་པ་དང་། ནན་ཅིང་གྲོང་ཁྱེར་བུ་བཅོལ་ཁང་དང་པོ་དང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གཉིས་ཀྱིས་མཉམ་སྐྲུན་བྱེད་རྒྱུའི་གནས་ཚུལ་ཞིབ་ཕྲ་བཟོས། རྣམ་གྲངས་ཡོངས་སུ་གྲུབ་རྗེས་ལྷ་སའི་སློབ་ལོ་མ་སོན་པའི་སློབ་གསོའི་ཁྱབ་ཁོངས་ཀྱི་རྟགས་མཚན་ཞིག་ཏུ་འགྱུར་བར་ཤུགས་ཆེན་པོ་བཏོན་ཏེ།  མི་དམངས་མང་ཚོགས་ལ་རྒྱུ་སྤུས་ལེགས་པའི་སློབ་ལོ་མ་སོན་པའི་སློབ་གསོའི་ཞབས་འདེགས་མཁོ་འདོན་བྱ་རྒྱུ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་ལ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི 2495བཏང་བ་དང་།  མ་དངུལ་དེ་ཡོངས་ནི་བོད་སྐྱོར་མ་དངུལ་ཡིན་ཞིང་། རྣམ་གྲངས་འཛུགས་སྐྲུན་གྱི་ས་བཀོལ་བའི་རྒྱ་ཁྱོན་ནི་མུའུ་བཅོ་ལྔ་ཡོད་པ་དང་། དེས་ས་བཟུང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་གཅིག་ཡིན། འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི་སློབ་ཁྲིད་འཛིན་གྲྭ་བཅོ་ལྔར་སློབ་མ450ཡོད་ཅིང་།  དེ་ནི་ཅང་སུའུ་ཞིང་ཆེན་བོད་སྐྱོར་དམངས་འཚོའི་རྣམ་གྲངས་གལ་ཆེན་གྲས་ཀྱི་གཅིག་ཡིན།  རྣམ་གྲངས་དེར་སློབ་ཁྲིད་ཐོག་ཁང་གསར་པ་གཅིག་དང་། སློབ་རྭའི་མཛེས་ལྗོངས་དང་ལྗང་གྱུར་བཟོ་སྐྲུན། ལམ་དང་ཁང་ཕྱིའི་ས་ངོས། ཁང་ཕྱིའི་གློག་དང་། ཁང་ཕྱིའི་ཆུ་གཏོང་འབུད་ཀྱི་བཟོ་སྐྲུན་སོགས་འདུས། དེ་དག་བཟོ་སྐྲུན་བྱས་རྗེས་ཀྱི་སྤྱིའི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ5700 ལྷག་ཡོད། བུ་བཅོལ་ཁང་འདི་བཙུགས་པ་དེས་ཅང་སུའུ་སློབ་གསོའི་བོད་སྐྱོར་དེ་སློབ་ལོ་མ་སོན་པའི་སློབ་གསོ་ནས་མཐོ་འབྲིང་སློབ་གསོ་དང་། དཀྱུས་མའི་སློབ་གསོ་དང་ལས་རིགས་སློབ་གསོ་སོགས་ཁྱོན་ཡོངས་སུ་ཁྱབ་ཡོད་པ་མཚོན་གྱི་ཡོད། 
           ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཅང་སུའུ་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་མིའུ་རོང་ནན་གྱིས་མཚམས་སྦྱོར་བྱས་དོན། ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གིས་ཅང་སུའུ་ཡི་དོ་དམ་ཚོགས་པ་དང་། དོ་དམ་གྱི་འདུ་ཤེས། སློབ་སྒྲུབ་ཉམས་མྱོང་སོགས་ནང་འདྲེན་བྱས་ཏེ་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་འཛུགས་སྐྲུན་གྱི་རྣམ་གྲངས་དེ་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་གྱི་རྟགས་མཚན་རང་བཞིན་གྱི་བཟོ་སྐྲུན་ཞིག་ཏུ་གྱུར་པར་བརྩོན་ལེན་བྱ་རྒྱུ་དང་། བུ་བཅོལ་ཁང་བཙུགས་པ་དེས་ལྷ་སའི་སློབ་ལོ་མ་སོན་པའི་སློབ་གསོའི་འཕེལ་རྒྱས་ལ་དཔེ་སྟོན་དང་སྣེ་འདྲེན་གྱི་ནུས་པ་ངེས་ཅན་ཞིག་འདོན་སྲིད། 
           ལས་རིམ་རྗེས་མར་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས “ཁྲིད་གཉིས་སྲུང་གཅིག”གི་རེ་བ་ལྟར། ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་ལ་ཆུ་ཚད་མཐོ་བའི་དགེ་རྒན་གྱི་རུ་ཁག་མཁོ་འདོན་བྱས་ཏེ་བུ་བཅོལ་ཁང་དུས་ཡུན་རིང་པོར་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་འཛུགས་རྒྱུ་རེད།