ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཞིང་འབྲོག་པའི་སྒོ་རྩར་བདེ་ཐང་ཞབས་འདེགས་ཞུས།

སྤེལ་དུས 2018-05-23 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
—— ཀྲེ་ཅང་ཞིང་ཆེན་གྱི་ཁག་བརྒྱད་པའི་འབྲི་རུར་རོགས་སྐྲུན་བྱེད་མཁན་ལས་དོན་རུ་ཁག་གིས་སྨན་བཅོས་བོད་སྐྱོར་བྱས་པའི་སྐོར་གྱི་ཟུར་བྲིས།
            ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ཧྲེང་ཡིའུ་ཡིས“ཞིང་འབྲོག་པ་ཚོ་ས་ཆ་གང་དུ་ཡོད་རུང་། ང་ཚོའི་རླངས་འཁོར་ཁོང་ཚོའི་སྒོ་རྩར་བཏང་ནས་སྨན་བཅོས་ལས་དོན་རུ་ཁག་གིས་སྨན་བཅོས་ཞབས་འདེགས་ཞུས་ཏེ་ཞིང་འབྲོག་པ་བདེ་ཐང་ཡོང་བ་བྱེད་ཀྱི་ཡོད”ཅེས་བཤད།
            ཉེ་དུས་གསར་འགོད་པས་ངོ་མཚར་དང་བཅས་འབྲི་རུར་སྐྱོད། ལོ་98ལ་སོན་པའི་འཇམ་དཔལ་ལེགས་བཤད་ནི་འབྲི་རུ་རྫོང་གི“སྒོ་རྩར་བདེ་ཐང་ཞབས་འདེགས་ཞུ་ཡུལ”ཁྲོད་ཀྱི་ལོ་ན་རྒན་ཤོས་དེ་ཡིན་པ་དང་། ཁོང་གིས་སེམས་འགུལ་ཐེབས་པའི་ངང་གསར་འགོད་པར“ལོ་བརྒྱ་ལ་ཉེ་བའི་ནང་འདི་ལྟ་བུའི་སེམས་རྩ་འཁོལ་པོའི་གཟུགས་པོ་བརྟག་དཔྱད་བྱེད་ཐེངས་དང་པོ་ཡིན། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དངོས་གནས་ཇེ་བཟང་དུ་འགྲོ་བཞིན་འདུག”ཅེས་བཤད།
            ཉེ་བའི་ལོ་གཉིས་ཙམ་ནང་། འབྲི་རུ་རྫོང་ཨུད་དང་སྲིད་གཞུང་དང་ཀྲེ་ཅང་ཞིང་ཆེན་གྱི་ཁག་བརྒྱད་པའི་འབྲི་རུའི་རོགས་སྐྲུན་ལས་དོན་རུ་ཁག་གིས། ཕྱར་བ་གྲུ་འདེཌ་དང་འཆར་འགོད་ཧུར་ཐག་བྱས་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཕྱོགས་བསྡུས་སྒྱུར་བཅོས་ལག་བསྟར་གྱིས་སྨན་བཅོས་སྒྱུར་བཅོས་ཀྱི“འབྲི་རུའི་རྣམ་པ”བཏོད་ཡོད།
            ཞིང་འབྲོག་པའི་སྒོ་རྩར་བདེ་ཐང་ཞབས་འདེགས་ཞུས་པ་ནི“སྨན་བཅོས་སྒྱུར་བཅོས”ཀྱི་ལྷུ་ཚིགས་ཤིག་ཡིན་པས་དེ་བྱེད་ཐུབ་པར་འབྲི་རུ་རྫོང་ལ“མཆོག་ནོར་ཆེ་གྲས་གཉིས”ཡོད་དེ། རིང་ཚད་སྨི་8ལྷག་ཙམ་ཡོད་པའི་གཟུགས་པོ་བརྟག་དཔྱད་རླངས་འཁོར་དང་ཚོགས་ཆུང་གསུམ་ལ་བགོས་ཐོག་མི་30ལྷག་ཙམ་ཡོད་པའི་གཟུགས་པོ་བརྟག་དཔྱད་དང་སྨན་བཅོས་གཤམ་སྤེལ་གྱི་ལས་དོན་རུ་ཁག་དེ་གཉིས་ཡིན། དུས་ཐུང་ཉིན་10ཙམ་ནང་འབྲི་རུ་རྫོང་གི་ཞིང་འབྲོག་པ་སྟོང་ཕྲག་ལ་སྒོ་རྩར་བདེ་ཐང་ཞབས་འདེགས་ཞུས་ཡོད་པ་རེད།
            ཧྲེང་ཡིའུ་ཡིས“ཉིང་པོའི་བོད་སྐྱོར་ལས་བྱེད་པས་བོད་ཀྱི་གྲོང་གསེབ་ཏུ་གློག་དང་ཆུ་དཀོན་པའི་ད་ཆའི་རྣམ་པར་གཞིགས་ནས། ཕྱོགས་མང་པོར་ཐབས་ཤེས་བློ་འདྲི་བྱས་མཐར་རིན་གོང་སྒོར་ཁྲི་10རི་བའི་མཐོ་གནོན་གློག་གསོག་འཕྲུལ་ཆས་མང་དུ་བཏང་བ་མ་ཟད། ད་དུང་རླངས་འཁོར་ནང་རང་འགུལ་རྣམ་པའི་ཆུ་འཐེན་ཡོ་བྱད་བསྒར་ནས་ཆུའི་གནད་དོན་ཐག་གཅོད་བྱས་པ་དང་སྦྲགས་མཁའ་རླུང་སྙོམས་སྒྲིག་མ་ལག་ཀྱང་བསྒར་ཡོད། རླངས་འཁོར་གང་དུ་གཏོང་རུང་ཕྱིའི་ནུས་པ་གང་ལའང་བརྟེན་མི་དགོས་པར་ཚོན་ལྡན་ཚད་བརྒལ་སྒྲ་རླབས་དང་སྙིང་པར་སོགས་བརྒྱབ་སྟེ་གཟུགས་པོར་ཕྱོགས་ཡོངས་ནས་བརྟག་དཔྱད་བྱེད་ཐུབ་པས། ཤང་གྲོང་མང་པོའི་འཕྲོད་བསྟེན་ཁང་ལའང་གཟུགས་པོ་བརྟག་དཔྱད་ཀྱི་རླངས་འཁོར་དེ་ལྟ་བུའི་ནུས་པ་མེད”ཅེས་བཤད།
            མི་ཁྲི་2.4ལྷག་ཙམ་ནི་འབྲི་རུ་རྫོང་གི་མི་འབོར་གྱི་གསུམ་ཆ་གཅིག་ཙམ་ཡིན་པ་དང་ཁོང་ཚོས་ལོ་གཅིག་ནང་སྒོ་རྩར་ཕྱོགས་ཡོངས་ཀྱི་གཟུགས་པོ་བརྟག་དཔྱད་དང་སྨན་བཅོས་གཤམ་སྤེལ་གྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད། འབྲི་རུ་རྫོང་གི“སྒོ་རྩར་བདེ་ཐང་ཞབས་འདེགས་ཞུ་བའི”ལོ་འཁོར་གྱི་འཆར་གཞི་གཞིར་བཟུང་། ལོ་གསུམ་རེར་འབྲི་རུ་རྫོང་གི་ཞིང་འབྲོག་པ་ཚང་མས་སྒོ་རྩ་ནས་གཟུགས་པོར་བརྟག་དཔྱད་དང་སྨན་བཅོས་གཤམ་སྤེལ་གྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད།
            2017ལོར་འབྲི་རུ་རྫོང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཀྱི་ཚད་མཐོའི་མཐོང་ཆེན་དང་བོད་སྐྱོར་ལས་བྱེད་པའི་འབད་བརྩོན་དང་སྐུལ་སློང་འོག འབྲི་རུ་རྫོང་གིས་ཕྱོགས་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ལག་བསྟར་བྱས་ནས་འབྲི་རུ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཚོགས་པ་བཙུགས་པ་དང་། འབྲི་རུ་རྫོང་གིས་ལོ་ཕོགས་ལམ་ལུགས་སྤྱད་དེ་ནང་ས་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་གཞན་ནས་སྨན་བཅོས་ཤེས་ལྡན་མི་སྣ་41གདན་དྲངས་ཡོད་པ་རེད།
            ད་ཆ་འབྲི་རུ་རྫོང་མི་དམངས་སྨན་ཁང་གིས་མི་30འཐེན་ནས་གཟུགས་པོ་བརྟག་དཔྱད་དང་བདེ་ཐང་གཤམ་སྤེལ་གྱི་ལས་དོན་རུ་ཁག་བཙུགས་ཡོད་པ་རེད། ཁོང་ཚོ་ཚོགས་ཆུང་3ལ་བགོས་པའི་ནང་། ནད་ཐོག་སྨན་བཅོས་ཀྱི་སྨན་པ་དཀའ་བཅུ་པ་དང་། ནད་སྐྱོང་པ། ཚོན་ལྡན་ཚད་བརྒལ་སྒྲ་རླབས། བདེ་ཐང་གི་ཡིག་ཚགས་དོ་དམ་པ། ཁ་ལོ་བ་སོགས་ཡོད་པ་རེད། ལོ་འཁོར་གྱི་འཆར་གཞི་གཞིར་བཟུང་། ཚོགས་ཆུང་གསུམ་པོས་གཟུགས་པོ་བརྟག་དཔྱད་ཀྱི་རླངས་འཁོར་བཏང་ནས་རེས་མོས་ངང་གཤམ་སྐྱོད་བྱས་ཏེ་ས་ཆ་གང་དུ་སླེབས་རིམ་བཞིན་དེ་གར་སྨན་བཅོས་བྱེད་པ་དང་སྨན་རྫས་སྤྲད་ནས་ཞིང་འབྲོག་པ་ཚང་མར་ཕྱོཌ་ཡོངས་ཀྱི་གཟུཌ་པོ་བརྟག་དཔྱད་བྱེད་ཀྱི་ཡོད།
            གསར་འགོད་པས་འབྲི་རུ་རྫོང་ཉག་མདོ་གྲོང་ཚོ་ནས་གཟུགས་པོ་བརྟག་དཔྱད་ཀྱི་རླངས་འཁོར་གྲོང་ཚོའི་ནང་བཞག་སྟེ་ཉིན་གཅིག་ནང་གྲོང་ཚོ་དེ་ཡོངས་ཀྱི་ཞིང་འབྲོག་པ་100ལྷག་ཙམ་ལ་གཟུགས་པོ་བརྟག་དཔྱད་དང་སྨན་བཅོས་བྱས་པ་དང་། ཞིང་འབྲོག་པ་ཚང་མར་གཟུགས་པོ་བརྟག་དཔྱད་བྱས་པའི་སྨན་ཤོག་འཁྱེར་རྒྱུ་ཡོད་པ་མ་ཟད་རང་ཉིད་ཀྱི་བདེ་ཐང་ཡིག་ཚཌ་ཀྱང་ཡོད་པ་མཐོང་།
            “ལམ་ཐག་རིང་བའི་རྐྱེན་གྱིས་ནད་བལྟ་བར་སྟབས་བདེ་མེད། ནད་གཞི་ལྕི་པོ་ཕོག་ན་མ་གཏོགས་སྨན་ཁང་ལ་འགྲོ་གི་མེད། སྨན་ཁང་དུ་ཕྱིན་ནའང་སྨན་ཏོག་ཙམ་ཉོས་ནས་འགྲིག་ཐབས་བྱེད་ཀྱི་ཡོད། ད་ཆ་ཁྱིམ་གྱི་སྒོ་རྩ་ནས་ཕྱོགས་ཡོངས་ཀྱི་གཟུགས་པོ་བརྟག་དཔྱད་ཐུབ་ནས་རང་ཉིད་ལ་ནད་གཞི་གང་ཡོད་མེད་ཤེས་ཐུབ་ལ་སྨན་བཅོས་བྱེད་ཐབས་ཀྱང་ཡོད་པ་མ་ཟད། ད་དུང་གྲོང་ཚོའི་སྨན་པས་སྨན་སྤྲོད་ཀྱི་ཡོད”ཅེས་འབྲོག་པ་བཀྲ་ཤིས་ཀྱིས་སེམས་འགུལ་ཆེན་པོས་གསར་འགོད་པར་བཤད།
            “སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཐོབ་ཤུགས་ཆེ་རུ་གཏོང་ཆེད་དམངས་ཡོངས་ཀྱི་གཟུགས་པོ་བརྟག་དཔྱད་དང་སྨན་བཅོས་གཤམ་སྤེལ་ལས་དོན་ནི་འགོ་བཙུགས་པ་ཙམ་ཞིག་ཡིན། འབྲི་རུ་རྫོང་གི་སྨན་བཅོས་སྒྱུར་བཅོས་ཇུས་གཞི་གཞིར་བཟུང་། ཕྱོགས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་སྒྱུར་བཅོས་ཀྱིས་དེ་བས་མང་བའི་ཐབས་ལམ་བཏོན་ཏེ་རྫོང་ཡོངས་ཀྱི་ཞིང་འབྲོག་པར་ཕྱོགས་ཡོངས་ཀྱི་བདེ་ཐང་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་རེད”ཅེས་ཧྲེང་ཡིའུ་ཡིས་གསར་འགོད་པར་བཤད།