གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཀོང་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ།

སྤེལ་དུས 2018-06-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
ལི་ཤིས་དང་མཱ་ཤིན་རུའེ་ཡིས་ཚོགས་པའི་སྣེ་འཁྲིད་པ་དང་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་རྣམ་གཉིས་ལྷན་དུ་ཕེབས་པ།
     
འདི་ནི་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕྱུག་འགྱུར་སྣེ་འཁྲིད་པ་ཨོ་རྒྱན་ཚེ་རིང་གི་ཁྱིམ་དུ་ལི་ཤིས་ཀྱིས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབབ་འཕར་ཕྱུག་འགྱུར་སྐོར་ཤེས་རྟོགས་གནང་བཞིན་པ།
               ཟླ་6ཚེས་3དང་4ཉིན་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཤིས་དང་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་མཱ་ཤིན་རུའེ་ཡིས་ཀོང་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་འཁྲིད་དེ་ཉིང་ཁྲི་གྲོང་ཁྱེར་དུ་བོད་ཀྱི་ལས་དོན་དང་དེ་བཞིན་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཀོང་ཏུང་གི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཉིང་ཁྲི་དང་ཆབ་མདོའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་རྟོག་ཞིབ་དང་མཐུན་སྦྱོར་འབྲེལ་མཐུད་གནང་བ་རེད།
               རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
               ཉིང་ཁྲི་གྲོང་ཁྱེར་དུ་ཀོང་ཏུང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་སྨན་གླིང་རྫོང་བམ་གྲོང་གྲོང་ཚོའི་མཐའ་མཚམས་འབྱོར་འབྲིང་དཔེ་མཚོན་གྲོང་ཚོ་དང་། བྲག་ཡིབ་ཆུས་བུ་ཆུ་ཤང་འབྱོར་འབྲིང་དཔེ་སྟོན་གྲོང་རྡལ། གཡོད་ཉིང་ཐོན་ལས་གླིང་། ཉིང་ཁྲི་གྲོང་ཁྱེར་སློབ་འབྲིང་དང་པོ། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་ཀྱི་རོགས་སྐྲུན་རྣམ་གྲངས་ཁུལ་དུ་ཕེབས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་བཅའ་སྡོད་བྱ་ཡུལ་དུ་ཕེབས་ཏེ་བོད་སྐྱོར་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།
               རྟོག་ཞིབ་གནང་རིང་། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ལི་ཤིས་ཀྱིས་ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་ཀྱིས་ལོ་མང་རིང་ཀོང་ཏུང་གི་ལས་དོན་ལ་ཤུགས་ཆེའི་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཁ་གཏད་བོད་སྐྱོར་ནི་ཏང་ཀྲུང་དབྱང་གིས་ཀོང་ཏུང་ལ་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། ཀོང་ཏུང་གིས་སྤྱི་ཡོངས་ལ་ཞབས་ཞུ་དང་ལེན་བྱེད་པའི་འགན་འཁྲི་འཁུར་བ་ཞིག ཀོང་ཏུང་དང་བོད་ཀྱི་ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱེད་པའི་ཐོབ་པར་དཀའ་བའི་གོ་སྐབས་ཤིག་བཅས་རེད། མིག་སྔར་ཀོང་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཀོང་ཏུང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་བཞི”མངོན་འགྱུར་ཧུར་ཐག་བྱེད་པ་དང“སྐར་ཁུང་གལ་ཆེན་གཉིས”ཡག་པོ་གཏོད་བཞིན་ཡོད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོ་ངེས་ཏེ་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་བྱ་ཡུལ་ཉིང་ཁྲི་དང་ཆབ་མདོ་གཉིས་ཆེས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་སེམས་ནུས་དང་། བརྩེ་སེམས། ནུས་ཤུགས་བཅས་ཀྱི་ཐོག་ནས་ཁ་གཏད་བོད་སྐྱོར་ལས་དོན་ལ་དམ་འཛིན་ཡག་པོ་དང་དམ་འཛིན་ཏན་ཏིག་བྱས་ཏེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
               ལི་ཤིས་ཀྱིས་ནན་བཤད་གནང་དོན། དབུལ་སྒྲོལ་འགག་སྒྲོལ་དང་གནད་སྨིན་ཤུགས་འདོན་ལ་དམིགས་ནས། ཉིང་ཁྲི་དང་ཆབ་མདོ་གཉིས་སུ་དབུལ་སྒྲོལ་ལས་འགན་དུས་བཀག་ལྟར་ལེགས་འགྲུབ་ཡོང་རྒྱུར་རོགས་རམ་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་སྟེ། གཅིག་ནས་དམངས་འཚོའི་བོད་སྐྱོར་ལས་དོན་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་དམངས་འཚོ་འགན་ལེན་དང་ལེགས་གཏོང་གི་ཆུ་ཚད་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། གཉིས་ནས་ཐོན་ལས་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཤིང་། ས་གནས་དེ་གའི་དོན་དངོས་དང་འཚམ་པའི་ཐོན་ལས་རོགས་སྐྲུན་རྣམ་གྲངས་ཁག་གཅིག་འཆར་འགོད་སྐུལ་གཏོང་བྱས་ནས་རོགས་སྐྱོར་དང་ལེན་བྱེད་མཁན་ས་ཁུལ་གྱིས་ཚོང་འགུགས་མ་འདྲེན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་རོགས་རམ་དང་རྒྱབ་སྐྱོར་བྱས་ནས་སྣོད་བཅུད་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག་ལས། བོད་ཀྱི་གསོ་བ་རིག་པ་སོགས་ཐོན་ལས་ཐད་ཤུགས་སྣོན་རྒྱག་ཤུགས་ཆེ་རུ་གཏོང་དགོས་པ། གསུམ་ནས་རིག་སྐྱོར་ཤེས་ལྡན་མི་སྣའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རོགས་སྐྱོར་ཁྱབ་ཁོངས་རྒྱ་བསྐྱེད་ཧུར་ཐག་གཏོང་བ་དང་། རོགས་སྐྱོར་བྱེད་ཐབས་ལེགས་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་དང་སྨན་བཅོས་སོགས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་རྒྱག་པ། སློབ་གསོ་དང་གསོ་སྦྱོང་ལས་དོན་མཉམ་དུ་སྤེལ་བ་བཅས་བྱས་ཏེ་རིགས་སྣ་ཚོགས་ཀྱི་ཤེས་ལྡན་མི་སྣ་གཅིག་མཇུག་གཉིས་མཐུད་ངང་གསོ་སྐྱོང་དང་ཕྱིར་གཏོང་བྱེད་དགོས་པ། བཞི་ནས་རོགས་སྐྱོར་དང་ལེན་བྱེད་མཁན་ས་ཁུལ་ལ་དགོས་མཁོ་ཡོད་པ་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་དགོས་ཤིང་། མ་དངུལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་བོད་སྐྱོར་རྣམ་གྲངས་ནུས་ཆེའི་ངང་སྐུལ་འདེད་དང་ཕན་འབྲས་གང་མགྱོགས་ཐོན་པའི་འགན་ལེན་བྱེད་དགོས་པ། ལྔ་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། ཁ་གཏད་རོགས་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཧྲིལ་པོ་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱེད་པ་བཅས་བྱས་ཏེ་བོད་སྐྱོར་ལས་དོན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་ཐུབ་པ་བྱེད་དགོས་པ་བཅས་རེད།
               ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཀོང་ཏུང་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དུས་ཡུན་རིང་པོའི་ནང་ཀོང་ཏུང་ཞིང་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ཏུ་བརྩིས་ནས་རྣམ་གྲངས་དང་། མ་དངུལ། ཤེས་ལྡན་མི་སྣ། ལག་རྩལ་སོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ཉིང་ཁྲི་དང་ཆབ་མདོ་གྲོང་ཁྱེར་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེལ་གལ་ཆེན་ཕུལ་ཡོད། ང་ཚོས“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་དང་། ཀོང་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་པ་གོ་སྐབས་སུ་བྱས་ཏེ་བོད་སྐྱོར་དང་ལེན་གྱི་ལས་དོན་ལ་སྔར་བས་མཐོང་ཆེན་བྱས་ནས་ཀོང་ཏུང་གིས་རོགས་སྐྱོར་བྱས་པའི་མ་དངུལ་བེད་སྤྱོད་ཡག་པོ་དང་། རྣམ་གྲངས་དོན་འཁྱོལ་ཡག་པོ། ལས་བྱེད་པར་དོ་དམ་ཡག་པོ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་དེ་རང་ངོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཀོང་ཏུང་ཞིང་ཆེན་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་པ་རེད།
               མཱ་ཤིན་རུའེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་གནང་བ་རེད།