གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

བོད་ལྗོངས་ཀྱི་བརྟག་ཞིབ་ཚོགས་ཆུང་གིས་སྙན་རོང་རྫོང་གི་ཁ་གཏད་རོགས་སྐྱོར་ས་ཚིགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2018-06-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། སྐྱིད་ལོད་ཀྱིས་བསྒྱུར།
               འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་29ནས་ཟླ་6ཚེས་1ཉིན་བར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་བཅས་པ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་པའི་སྙན་རོང་རྫོང་ཁོངས་ཀྱི་སྙན་རོང་གྲོང་རྡལ་དང་། ཤག་ཆུ་ཤང་། འདོམ་རྒྱང་ཤང་། སེ་ཆེན་ཤང་བཅས་ཤང་དང་གྲོང་རྡལ་4དང་དེ་བཞིན་ཏིང་རྔུལ་བོན་དགོན་དུ་ཕེབས་ཏེ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་དང་འབྲི་གཡག་སྡོམ་གསོའི་རྣམ་གྲངས་སྐོར་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། ཁ་གཏད་དབུལ་སྐྱོར་ས་ཚིགས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་དང་དགོན་སྡེའི་དགེ་འདུན་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་མ་ཟད། ད་དུང་རང་ལྗོངས་ཀྱི་འབྲོག་ལས་འཕེལ་རྒྱས་ཁ་ཕྱོགས་ལ་ཆེད་དོན་བརྟག་ཞིབ་ཀྱང་གནང་བ་རེད།
               བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ས་ཆ་གང་དུ་འབྱོར་རིམ་བཞིན། གཞི་རིམ་གྱི་ལས་བྱེད་པ་དང་། ཏང་ཡོན་རྒན་གྲས། མང་ཚོགས་དབུལ་པོ། ཕྱུག་འགྱུར་སྣེ་ཁྲིད་པ་སོགས་དང་ངོ་ཐུག་གདོང་འཕྲད་ངང་བཀའ་མོལ་དང་། བསམ་བློ་སྤེལ་རེས། བསམ་འཆར་དང་གྲོས་འགོ་ཉན་པ་བཅས་གནང་བ་རེད།
               བརྟག་ཞིབ་ཚོགས་ཆུང་གིས་སྙན་རོང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་རྗེས། ཐོག་མཐའ་བར་གསུམ་དུ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་རབ་དང་རིམ་པ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། དངོས་འཛིན་དངོས་སྒྲུབ་བྱེད་པ། ཕར་ཆིན་རྒྱག་པའི་སྙིང་རུས་མཐའ་འཁྱོངས་བཅས་ཀྱིས་དབུལ་སྒྲོལ་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་ལ་སྣང་ཆེན་བྱེད་པ་དང་། ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། འབྲོག་ལས་མཉམ་ལས་རྩ་འཛུགས་རྩེར་སོན་སྟོབས་ལྡན་ཞིག་ཏུ་འགྱུར་བར་བྱེད་པ། ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ། འབྲོག་ལས་ཀྱི་ཚན་རྩལ་འདུས་ཚད་ཆེ་རུ་གཏོང་བ། སྡོམ་གསོར་སྐུལ་འདེད་གཏོང་བ། འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་ལ་གསོན་ཤུགས་གསར་པ་སྦྱིན་དགོས། དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། བསམ་ཕྱོགས་ཁ་གསལ་བཟོ་བ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། དུས་ཚོད་ལྡོག་སྒྲིག་བྱེད་པ་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་མཐོ་རླབས་གསར་པ་ཞིག་སློང་དགོས། དེ་དང་ཆབས་ཅིག་མང་ཚོགས་རྣམས་ཐག་གང་ཉེ་ས་དང་སྟབས་གང་བདེ་བདེ་དང་རང་ཡུལ་ནས་བྲལ་མི་དགོས་པར་ཐོན་ལས་ལ་ཞུགས་ཐུབ་པ་དང་ཡུན་རིང་ཕན་པ་ཐོབ་པར་བྱས་ཏེ། དབུལ་ཞྭ་དུས་ཐོག་ཏུ་འབུད་ཐུབ་པ་དང་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།