གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པས་སྣ་མང་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ལ་སྒུལ་ཤུགས་བསྣན་པ།

སྤེལ་དུས 2018-08-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།

          ཅང་སུའུ་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་བོད་སྐྱོར་བྱེད་རིང་ཐོག་མཐའ་བར་གསུམ་དུ་ལས་ཀའི་གཙོ་གནད་དང་བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་སུ་ཕྱོགས་པ་དང་གཅིག་སྡུད་བྱས་ནས་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་ཀྱི་སྒྲིག་འཛུགས་ལག་བསྟར་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་དེ་ཁ་གཏད་བོད་སྐྱོར་ལས་དོན་དང་ལྷག་པར་དུ་བོད་སྐྱོར་དབུལ་སྐྱོར་ལས་ཀའི་ཕན་འབྲས་མཐོ་བའི་གཙོ་གནད་དུ་བརྩིས་པས་བོད་སྐྱོར་རྣམ་གྲངས་དོ་དམ་སྐུལ་འདེད་ལས་དོན་ལ་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།
          རྣམ་གྲངས་ཇུས་འགོད་ཐད་གནད་སྨིན་ཡོང་རྒྱུ་ནན་བཤད་བྱས་ཤིང་། བོད་སྐྱོར་རྣམ་གྲངས་བཀོད་སྒྲིག་ཐད་ཅང་སུའུ་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་གནད་སྨིན་དབུལ་སྐྱོར་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་ས་ཁུལ་དབུལ་པོ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གཅིག་སྡུད་ཡུག་སྦྲེལ་གྱིས་ཁྱོན་ཡོངས་གསར་གཏོད་ལ་མཐོང་ཆེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
          2018ལོར་ཅང་སུའུ་ཞིང་ཆེན་གྱིས་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་ཁྲི་34464བཀོད་སྒྲིག་བྱས་པ་དེ་དག་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་ལ་བཏང་བའི་མ་དངུལ་གྱིས་87.7%དང་91.4%སོ་སོར་ཟིན་ཡོད་པ་རེད། མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི“ཅིན་ལིན་བག་ཆགས”ཀྱི་ས་མཐོའི་སྣོད་བཅུད་ཇ་ཤིང་འདེབས་འཛུགས་ཀྱི་གནད་སྨིན་དབུལ་སྐྱོར་རྣམ་གྲངས་སྒྲིག་འཛུགས་ལག་བསྟར་བྱས་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་8ལ་ཐད་ཀར་ཕན་པ་ཐོབ་པ་དང་། སྟག་རྩེ་ཆུས་ཀྱི་དེང་རབས་ཅན་གྱི་ནུས་ཆེའི་ཆུ་གྲོན་ཆུང་དང་ཞིང་ཆུ་འདྲེན་པའི་སྒྲིག་བཀོད་སོགས་ཀྱི་གླིང་ཁུལ་གྱི་ཐོན་ལས་སྒྲིག་བཀོད་དང་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་8སྒྲིག་འཛུགས་ལག་བསྟར་བྱས་པས་རོགས་སྐྱོར་བྱ་ཡུལ་གྱི་ཐོན་ལས་ཐེག་ནུས་དང་རང་ངོས་ཀྱི“རང་བརྟེན”ནུས་པ་ཆེ་རུ་ཕྱིན་ནས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ལས་ཞུགས་སྣེ་ཁྲིད་ཐུབ་པ་དང་། མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་བཀྲ་ཤིས་རྣམ་རྒྱལ་ཚོགས་ཆུང་གི་དམངས་སྲོལ་ཡུལ་སྐོར་གྲོང་སྡེ་འཛུགས་སྐྲུན་སོགས་ཀྱི་ཡུལ་སྐོར་ཐོན་ལས་རྣམ་གྲངས་7སྒྲིག་འཛུགས་ལག་བསྟར་བྱས་ནས་ཡུལ་སྐོར་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་ལ་སྣེ་ཁྲིད་བྱས་ཡོད། གྲོང་ཚོའི་རྣམ་པ་བཅོས་སྒྲིག་གམ་ཡང་ན་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཐད་ཡུལ་སྐོར་དབུལ་སྐྱོར་གྱི་ནང་དོན་བསྣན་ནས་ལེགས་བཅོས་དང་འཕེལ་རྒྱས་ཟུང་དུ་སྦྲེལ་ཡོད་པ་རེད། གཞི་རིམ་འཛུགས་སྐྲུན་དང་དམངས་འཚོ་ལེགས་གཏོང་ཐད་མཁྲེགས་ཆས་འཛུགས་སྐྲུན་དང་མཉེན་ཆས་འཛུགས་སྐྲུན་གལ་ཆེ་མཉམ་དུ་འཛིན་པ་དང་། མ་ལག་འཛུགས་སྐྲུན་དང་གནས་སྤོའི་དབུལ་སྐྱོར་ས་ཚིགས་མངོན་གསལ་དོད་པོ་ཡོང་རྒྱུ་གལ་ཆེ་མཉམ་དུ་འཛིན་ནས་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
          རྣམ་གྲངས་ལ་སྐུལ་འདེད་བཏང་ནས་ཕན་འབྲས་དངོས་ལ་མཐོང་ཆེན་བྱས་ཤིང་། ཅང་སུའུ་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་རྣམ་གྲངས་སྐུལ་འདེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལོ་འཁོར་གྱི་སྐུལ་འདེད་འཆར་གཞི་བཟོ་བ་དང་ལས་ཡུན་ལྡོག་བཤེར་གྱི་འགེལ་རིས་དམག་འཐབ་ལག་བསྟར་བྱས་པ་རེད། འདི་ལོའི་ཟླ་3ཚེས་23ཉིན་ལྷུན་གྲུབ་རྫོང་གི་བོད་སྐྱོར་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཀྱི་གསུམ་འཕྲེང་ཤང་གི་འབྲི་གཡག་གསོ་སྤེལ་རྟེན་གཞིར་2018ལོའི་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་ཀྱི་གཅིག་སྡུད་ལས་འགོ(བསྐྱར)དུ་འཛུགས་པའི་མཛད་སྒོ་འཚོག་རྒྱུའི་སྒྲིག་འཛུགས་བྱས་པ་དང་ཉིན་དེར་རྣམ་གྲངས་33དུས་གཅིག་ཏུ་ལས་འགོ(བསྐྱར)དུ་ཚུགས་པ་དེས་བོད་སྐྱོར་རྣམ་གྲངས་ཀྱིས་ལས་འགོ་འཛུགས་རྒྱུར་དམ་འཛིན་བྱེད་པ་དང་མྱུར་ཚད་ལ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ནུས་ལྡན་ངང་བཏོད་ཡོད་པ་རེད།