གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

2018ལོར་བོད་ལྗོངས་དང་མཚོ་སྔོན་གྱི་དབུལ་སྐྱོར་རོགས་རམ་མ་དངུལ་སྒོར་དུང་ཕྱུར8.4མང་དུ་བཏང་པ།

སྤེལ་དུས 2018-08-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ།
          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། 2018ལོའི་ལོ་སྟོད་དུ་པེ་ཅིང་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་ཞིབ་རྩིས་བརྒྱབ་ཚེ་གྲུབ་འབྲས་གཟེངས་སུ་ཐོན་ཡོད་པ་རེད། ཟླ8པའི་ཟླ་སྟོད་དུ། གསར་འགོད་པས་པེ་ཅིང་གྲོང་ཁྱེར་དབུལ་སྐྱོར་རོགས་སྐྱོར་མཉམ་འབྲེལ་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། པེ་ཅིང་གིས་་ཁ་གཏད་རོགས་སྐྱོར་བྱ་ཡུལ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར(ས་ཁུལ་2དང་རྫོང2) མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི(གྲོང་ཁྱེར1དང་རྫོང5)དེ་བཞིན་མ་དངུལ་གྱིས་རོགས་སྐྱོར་གནང་པའི་བོད་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་ཁྲོད་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
          མ་དངུལ་འཐུས་ཚང་པ།
          དབུལ་སྐྱོར་མ་དངུལ་མང་དུ་བཏང་ནས་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་དབུལ་སྒྲོལ་རྣམ་གྲངས་འཛུགས་སྐྲུན་ལ་རམ་འདེགས་བྱས་པ། 2018ལོ་ནས2020ལོའི་བར། དེ་སྔའི་འཆར་གཞིའི་རྨང་གཞིའི་སྟེང་གསར་དུ་བསྣན་པའི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར40ལ་ཉེ་བ་དང་། དེའི་ནང་བོད་ལྗོངས་ལྷ་སར་སྒོར་དུང་ཕྱུར་5.4འཕར་སྣོན་བྱུང་པ་དང་། མཚོ་སྔོན་ཡུལ་ཤུལ་ལ་སྒོར་དུང་ཕྱུར3འཕར་སྣོན་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ཐད་བེད་སྤྱོད་བཏང་པ་རེད། རྒྱུས་ལོན་བྱུང་པ་ལྟར་ན། པེ་ཅིང་གྲོང་ཁྱེར་གྱིས2018ལོའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར57.82གཏོང་དགོས་སར་གཏོང་སྤྲོད་འཐུས་ཚང་ཡིན་ལ། དབུལ་སྐྱོར་དབུལ་སྒྲོལ་རྣམ་གྲངས་ཐད་སྤྱད་པའི་མ་དངུལ་གྱིས92.7%ཟིན་ཡོད།
       
          འདི་ནི་པེ་ཅིང་གི་བོད་སྐྱོར་ལས་བྱེད་པ། སྙེ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཅིན་ཤང་གིས་ས་བབ་མཐོ་ཚད་སྨི4900ཡོད་པའི་མཁར་རུ་ཤང་ཁྲི་སྣམ་གྲོང་ཚོའི་འབྲོག་ལས་ཚོགས་ཆུང་ལ་འཚམས་འདྲི་གནང་བཞིན་པ།
          ཤེས་ལྡན་མི་སྣ་ཁྱབ་པ།
          པེ་ཅིང་གྲོང་ཁྱེར་གྱིས་མངགས་པའི་རོགས་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་ནང་དུ་འདྲེན་ཤུགས་མུ་མཐུད་ཇེ་ཆེར་བཏང་ཡོད་པ། འདི་ལོའི་ཟླ་ལྔ་པར་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་རྫོང་རིམ་པ་ཡན་གྱི་སྲིད་གཞུང་དུ་པེ་ཅིང་གི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པས་དབུལ་སྐྱོར་ལས་དོན་ལ་དོ་དམ་གཞོགས་འདེགས་བྱེད་རྒྱུ་ཁྱོན་ཡོངས་ལ་ཁྱབ་ཡོད་པ་དང་། 2018ལོའི་ཟླ8པའི་ཟླ་མཇུག་བར། ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁྱོན་མི་གྲངས800 ལྷག་ཙམ་ཞིན་ཅང་དང་བོད་ལྗོངས།མཚོ་སྔོན། ནང་སོག  ཧོ་པེ། ཧོ་ནན། ཧུའུ་པེ་སོགས་རོགས་སྐྱོར་བྱ་ཡུལ་ས་ཁུལ་ཕྱིན་ནས་དབུལ་སྐྱོར་ལས་དོན་ལ་རོགས་འདེགས་མཛད་པ་རེད།
          ཐོན་ལས་གྲུབ་པ།
          ཐོན་ལས་དབུལ་སྐྱོར་ཐད་པེ་ཅིང་གྲོང་ཁྱེར་དང་དེའི་ཁོངས་གཏོགས་ཁག་གི་རོགས་སྐྱོར་གྱི་ས་ཁུལ་ཁག་དང་འབྲེལ་གཏུག་དང་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་པ་དང་། དེའི་ནང་ལྷ་ས་གྲོང་ཁྱེར་གྱི་རྣམ་གྲངས་50 ལྷག་ཙམ་ལ་གན་རྒྱ་བཞག་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར150 ཙམ་ཟིན་ཡོད། ལྷ་སའི་ས་གཙང་ཀུང་སི་དང་པེ་ཅིང་ཚོང་གཉིས་ཀྱིས་ས་ཁུལ་གཉིས་ཀྱི་ཐོན་ལས་མཉམ་འདྲེས་དང་ཕན་ཚུན་མཐུན་གྱུར་ལ་སྐུལ་འདེད་ཧུར་ཐག་བཏང་པ་དང་། ཉེ་ཆར་ཕན་ཚུན་ཚོང་ར་དངོས་སུ་སྤེལ་འགོ་ཚུགས་པ་རེད། སྙེ་མོ་རྫོང་གིས་གནས་སྤོར་གནད་སྨིན་དབུལ་སྐྱོར་ཟུང་འབྲེལ་བྱས་མཚམས་སུ་ལ་ཐད་ཀར་མཁར་རུ་ཤང་གི་དུད་ཚང་དབུལ་པོ46གི་མི་གྲངས227སྣེ་ཁྲིད་བྱས་ཤིང་། ཕན་འབྲས་ཀྱི་བགོ་བཤའ་ནི་རྫོང་ཡོངས་ཀྱི་དབུལ་པོའི་མི་འབོར488སྐུལ་ཁྲིད་ལ་ཁྱབ་འགྱེད་བྱུང་ཡོད།
 
          2018 ལོའི་ཟླ5 པརལྷ་ས་གྲོང་ཁྱེར་གྱིས་ཚོང་འགུག་མ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་འཚོགས་པ།
          ངལ་ལས་ཀྱི་མཉམ་ལས་ཐད“དཔྱིད་རླུང་བྱ་སྤྱོད” མུ་མཐུད་ནས་སྤེལ་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཟླ3པར་ལྷ་ས་གྲོང་ཁྱེར་གྱིས་2018 ལོའི“དཔྱིད་རླུང་བྱ་སྤྱོད”ཆེད་དོན་གདན་ཞུའི་ཚོགས་འདུ་སྤེལ་འགོ་ཚུགས་ནས་བོད་ལྗོངས་བདག་དབང་ཚོང་དོན་ལྟེ་གནས་དང་བོད་ལྗོངས་མཁའ་འགྲུལ་སོགས་སྡེ་ཚན་44རྩ་འཛུགས་བྱས་ཏེ་རིགས་འདྲ་མིན་གྱི་ལས་ཞུགས་ལས་གནས800མཁོ་འདོན་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་དང་ལྷག་པར་དུ་ཡིག་ཚགས་བྱང་བུ་བཟོས་བའི་དབུལ་པོའི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་ལས་དོན་དང་དེ་བཞིན་ལས་བཟོ་པ་སྤྱོད་མཁན་ཁེ་ལས་ཁག་དང་ལས་ཀ་འཚོལ་མཁན་གྱིས་མི་ཤུགས་ཐོན་ཁུངས་མཁོ་སྤྲོད་ཐད་སྦྲེལ་མཐུད་ཞབས་ཞུའི་ལས་སྟེགས་མཁོ་འདོན་བྱས་ཤིང་། ཟླ8པར། པེ་ཅིང་གྲོང་ཁྱེར་མོན་ཐོའུ་ཀོའུ་ཆུས་ཀྱིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ལ་དགེ་སྒྲུབ་ཞལ་འདེབས་སྒོར་ཁྲི100 དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་ཕོགས་དངུལ་སྒོར་ཁྲི96དང་ རྒྱ་སེ་མེ་ཏོག་གི་སོན་མྱུག་རྐང200གནང་སྦྱིན་བཏང་པ་རེད།
          ལྷ་སའི་ས་གཙང་ཐོན་ལས་ཀྱི་པེ་ཅིང་ཚོང་གཉིས་ཆེད་ཚོང་ཁང(པེ་ཅིན་གྱི་ཞི་ཏན་ཚོང་ཁང)ཚོང་གཉེར་མགྲོན་པོ་བསུ་བཞིན་པ།
          དེ་དང་དུས་མཚུངས་སུ། པེ་ཅིང་གྲོང་ཁྱེར་གྱིས་འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རོགས་སྐྱོར་མཉམ་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་འགྲེམ་ཚོང་བྱས་པ་དེས་དགོས་མཁོ་སྐོང་མི་ཐུབ་པར་གྱུར་པར་དམིགས་ནས་ཡུན་རིང་བརྟན་པོ་དང་རྒྱུན་རྣམ་ཅན་གྱི་མཁོ་སྤྲོད་བྱེད་སྟངས་འཚོལ་ཞིབ་བྱས་ཡོད། ད་ཆ་པེ་ཅིང་ནས་རོགས་སྐྱོར་དང་ལེན་བྱེད་མཁན་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་གཏོད་གཉིས་ལྟེ་གནས་བཙུགས་ཤིང་། རང་འདེམས་ཚོང་ནས་ཐད་འཚོང་དང་སྡེ་ཁུལ་ནས་སིལ་ཚོང་། འགྲེམས་ཚོང་སྒྲིག་འཛུགས། དྲ་ལམ་ནས་ཕྱིར་ཚོང་། ཐོན་འབོར་ཆེ་བའི་མངགས་ཉོ་སོགས་ཐབས་ལམ་ཅི་རིགས་སྒྲུབ་བོད་ཀྱི་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་དྲངས་ནས་ཉོ་སྒྲུབ་བྱེད་པར་སྐུལ་འདེད་བཏང་ཡོད་པ་རེད།
          སྨན་བཅོས་སློབ་གསོ་ཆད་མི་རུང་པ། 
          ཟླ7པར་པེ་ཅིང་ཧྥང་ཐེ་ཆུས་ཀྱི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་གསོའི་བོད་སྐྱོར་གྱི་དོ་དམ་དཔུང་སྡེ་ཁག་གསུམ་པ་ལྷ་སར་ཕེབས་འབྱོར་ཟིན་པ་དང་དུས་ཡུན་ལོ་གཉིས་རིང་གི་བོད་སྐྱོར་ལས་དོན་སྤེལ་རྒྱུ་རེད། ཟླ་8པར་པེ་ཅིང་གྲོང་ཁྱེར་ཧྥང་ཧྲན་ཆུས་ཀྱི་སྐོར་ཁག་བརྒྱད་པའི་དུས་ཐེངས་གསུམ་པའི“ཚོགས་སྒྲིག་རྣམ་པའི” སྨན་བཅོས་བོད་སྐྱོར་རུ་ཁག་གིས་ལྷ་སར་འབྱོར་ནས་སྙེ་མོ་རྫོང་མི་དམངས་སྨན་ཁང་དུ་བཅའ་སྡོད་བྱས། ཟླ7པར་། པེ་ཅིང་གི“འགན་བཅོལ+བདེ་ཐང་དབུལ་སྐྱོར” གྱི་བྱ་སྤྱོད་དེ། གཞོན་ནུ་ལོ་ཆུང་གི་སྤྱི་ཕན་ནད་ཆེན་སྨན་བཅོས་འགན་བཅོལ་ལ་མིང་རྟགས་འགོད་པའི་མཛད་སྒོ་ཡུལ་ཤུལ་ཁུལ་སྲིད་གཞུང་ནས་བསྡུས་ཤིང་། པེ་ཅིང་གཞོན་ནུ་ལོ་ཆུང་ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་གྲབས་གསོག་བྱས་ནས་ཡུལ་ཤུལ་ཁུལ་གྱི་ལོ16མན་གྱི་བྱིས་པ་དབུལ་པོའི་སྤྱི་ཕན་ནད་ཆེན་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་ནས་གྲུབ་འབྲས་མི་ཉུང་ཞིང་ཕན་འབྲས་ཆེན་པོ་ཐོབ་ཡོད་པ་རེད།པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་སྨན་བཅོས་སྡེ་ཚན་གྱིས་བདེ་ཐང་དབུལ་སྐྱོར་ནི་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་རོགས་སྐྱོར་ལ་སྦྲེལ་མཐུད་ཧུར་ཐག་བཏང་ནས། ས་ཁུལ་སྨན་ཁང་གི“ སྨན་བཅོས་མཉམ་འབྲེལ་སྒྲིག་གཞི”འཛུགས་རྒྱུར་སྐུལ་འདེད་དང་ངོས་སྦྱོར་གནང་པ། རྒྱང་བསྟེན་མཉམ་བཤེར་དང་ཆེད་བཅོས་ཚན་ཁག་འཛུགས་པ།སྒྲིག་ཆས་ཞལ་འདེབས། ལག་རྩལ་གསོ་སྦྱོང་སོགས་ཀྱི་ཐད་མཉམ་ལས་སྤེལ་ཞིབ་ཆེད་མཁས་རྩ་འཛུགས་བྱས་ཏེ་རོགས་སྐྱོར་བྱ་ཡུལ་ས་ཁུལ་དུ་འོས་འགན་སྨན་བཅོས་སྤེལ་ཞིང་། སློབ་གྲྭ་བརྒྱ་ཙམ་དང་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱིས་ཆ་སྒྲིག་རོགས་སྐྱོར་ལ་གྲོས་མཐུན་མིང་རྟགས་བཀོད་དེ། རོགས་སྐྱོར་ཐོབ་མཁན་སློབ་གྲྭའི་མཁྲེགས་ཆས་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ཕུལ་བྱུང་དགེ་རྒན་དང་དཔུང་ཁག་དོ་དམ་པ་མུ་མཐུད་དུ་རྩ་འཛུགས་བྱས་ནས“ཚོགས་སྒྲིག་རྣམ་པའི” སློབ་གསོ་རོགས་སྐྱོར་ལས་དོན་སྤེལ་བ་རེད།

          སྐོར་ཁག་གསུམ་པའི་སློབ་གསོའི་བོད་སྐྱོར་དོ་དམ་དཔུང་སྡེ་ལྷ་སར་འབྱོར་བ།
          བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་བོད་ཀྱི་འབྲེལ་ཡོད་རོགས་སྐྱོར་ཐོབ་རྒྱུའི་ལས་དོན་སྐོར་གླེང་སྐབས། ལྷ་ས་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་ལས་དོན་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་ལ། པེ་ཅིང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང“ཆ་སྒྲིག” རོགས་སྐྱོར་དང་ཁ་འབྲེལ་ཐབས་མེད་ཟེར། རྒྱུས་ལོན་བྱུང་པ་ལྟར་ན། པེ་ཅིང་གི་ཁ་གཏད་རོགས་སྐྱོར་བྱས་པའི“ལྷ་སའི་ཁུལ་གཉིས་རྫོང་གཉིས”ཀྱིས་ད་ལོར་དབུལ་ཞྭ་ཕུད་པའི་ལས་འགན་ཚང་མ་ལེགས་གྲུབ་ཐུབ་རྒྱུ་རེད།