ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཀྲུང་གོ་ཧྭ་ཏན་ཀུང་སིའི“གཏན་འཁེལ་གསུམ་གྱི་གསོ་སྐྱོང”གིས་བོད་རིགས་ས་ཁུལ་གྱི་ལས་མིའི་དབུལ་སྒྲོལ་ འགག་སྒྲོལ་ལ་རོགས་རམ་བྱས་པ།

སྤེལ་དུས 2018-10-30 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཕ་ཡུལ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། སི་ཁྲོན་དཀར་མཛེས་ཀྲོའུ་བཅས་ནས་ཡིན་པའི་ན་གཞོན་45ཡིས་ཉིན་ཤས་གོང་སི་ཁྲོན་ཆུ་བེད་ལས་རིགས་ལག་རྩལ་སློབ་གླིང་དུ་རྣམ་པ་གསར་རྐྱང་གི་སློབ་ཚུགས་མཛད་སྒོ་ཞིག་འཚོགས་པ་རེད། མ་འོངས་ལོ་གཉིས་རིང་ཁོང་ཚོས་དེ་གར་གློག་ཤུགས་ལས་རིགས་ཀྱི་ཆེད་ལས་ཤེས་བྱ་སློབ་སྦྱོང་བྱ་རྒྱུ་མ་ཟད། སློབ་གྲྭ་ཐོན་རྗེས་གནས་གཏན་འཁེལ་ངང་ཕ་ཡུལ་གྱི་ཉེ་འགྲམ་གློག་ཁང་དུ་ལས་བགོས་རྒྱག་རྒྱུ་ཡིན་པ་རེད།
             འདི་ནི་ཀྲུང་གོ་ཧྭ་ཏན་ཚོགས་པ་ཀུང་སིས་བོད་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱ་ཕྱིར་ཆེད་མངགས་བཙུགས་པའི“གཏན་འཁེལ་གསུམ་གྱི་གསོ་སྐྱོང”འཛིན་གྲྭ་ཡིན་པ་དང་། གནས་གཏན་འཁེལ་གྱི་སློབ་བསྡུ་དང་། གནས་གཏན་འཁེལ་གྱི་གསོ་སྐྱོང་། གནས་གཏན་འཁེལ་གྱི་བཀོད་སྒྲིག་བཅས་བརྒྱུད། ས་ཁུལ་ཤིན་ཏུ་དབུལ་བའི་ན་གཞོན་ཚོ“སྔོན་ལ་ཐོས་པ་བསགས་རྗེས་གང་མགྱོགས་ཕྱུག་པོ་ཆགས་པར”བྱས་ཏེ་ཁོང་ཚོའི་ཁྱིམ་ཚང་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་རེད།
             “གཏན་འཁེལ་གསུམ་གྱི་སློབ་མ”ཁག་དང་པོའི་ནང་ཆུང་ཤོས་ལོ་15དང་ཆེ་ཤོས་ལོ་25ཡིན་པ་རེད། ཁོང་ཚོ་ནི་ཀྲུང་གོ་ཧྭ་ཏན་གྱིས་སི་ཁྲོན་དང་བོད་དུ་གློག་ཁང་རྣམ་གྲངས་ལག་ལེན་བསྟར་བའི་འགག་རྩའི་ལས་གྲྭའི་ཁུལ་དང་། མཛོད་ཉར་ཁུལ། ཆུས་བསྣུབས་ནས་ཤུགས་རྐྱེན་ཐེབས་ཁུལ་བཅས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་ཁྱིམ་ཚང་ནས་ཡིན་པ་དང་། དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་ཐོན་རྗེས་མུ་མཐུད་སློབ་རིམ་འཕར་མེད་པ་ཤ་སྟག་རེད།
              སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་འབའ་ཐང་རྫོང་སོ་བ་ནང་ཤང་སོ་བ་ནང་གྲོང་ཚོའི་ལོ་21ལ་སླེབས་པའི་བུ་མོ་ཡེ་ཤེས་ལྷ་མོའི་ཕར་གཅིན་དུག་གི་ནད་ཕོག་ནས་ཡུན་རིང་ཕྱིར་སྨན་བཅོས་བྱེད་དགོས་རྐྱེན་འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་རྗེས་ཁོང་གི་སློབ་ཆེན་འགྲིམ་རྒྱུའི་ཕུགས་འདུན་བློས་གཏོང་མི་བྱེད་ཀ་མེད་བྱུང་ནས་ཁྱིམ་ལས་བྱེད་ཞོར་ལོ་ན་ཕྲ་བའི་གཅུང་མོ་གཉིས་ལ་ལྟ་རྟོག་བྱེད་དགོས་བྱུང་ཡོད།
             “གལ་སྲིད་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་དང་དེ་བཞིན་ཧྭ་ཏན་ཀུང་སིའི་ཁ་གཏད་རོགས་སྐྱོར་མེད་ཚེ། ངའི་ཁྱིམ་ཕལ་ཆེར་ལྟོ་གོས་ཀྱང་འཕྱིད་དཀའ་བའི་གནས་སུ་གྱར་སྲིད། ད་ཆ་སློབ་གྲྭ་གསར་པའི་ཁོར་ཡུག་སྤྱི་གླིང་དང་འདྲ་བར་ཧ་ཅང་སྐྱིད་སྣང་དོད་པོ་འདུག ངས་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་འདིར་སྔར་བས་གཅེས་སྤྲས་བྱ་རྒྱུ་ཡིན”ཞེས་ཡེ་ཤེས་ལྷ་མོས་གསར་འགོད་པར་བཤད།
             སློབ་སྦྱོང་དུས་ཚོད་ཐིམས་པ་དང་སྦྱངས་འབྲས་ཕུལ་བྱུང་གིས་སློབ་གྲྭ་ཐོན་རྗེས་སློབ་མ་དེ་དག་ཐག་ཉེ་སའི་རྩ་དོན་གཞིར་བཟུང་ཀྲུང་གོ་ཧྭ་ཏན་ཁོངས་གཏོགས་ཀྱི་གློག་ཁང་དུ་ལས་ཞུགས་བྱས་ཏེ་གློག་ཁང་གི་ཐོན་སྐྱེད་འཁོར་རྒྱུག་སྲུང་སྐྱོང་གི་འབྲེལ་ཡོད་ལས་ཀ་བྱ་རྒྱུ་རེད།
             “བློ་སྐྱོར་ནི‘དབུལ་པོའི་རྩ་བ་མེད་པར’བཟོ་བའི་གཞི་རྩའི་སྲིད་ཇུས་ཤིག་དང་། མི་གཅིག་ལས་ཞུགས་ཐུབ་ནས་ཁྱིམ་ཚང་ཧྲིལ་པོ་དབུལ་སྒྲོལ་བྱ་རྒྱུ་རེད། ‘གཏན་འཁེལ་གསུམ་གྱི་གསོ་སྐྱོང’གིས་མི་ཚོགས་དབུལ་པོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་མ་ཟད། ཁེ་ལས་ཀྱི་མི་སྤྱོད་དགོས་མཁོ་ཡང་སྐོང་ཐུབ། འབྱུང་འགྱུར་ཀྲུང་གོ་ཧྭ་ཏན་ཚོགས་པ་ཀུང་སིས་ཆུ་རྒྱུག་ཁུལ་གསར་སྤེལ་གྱི་འཕེལ་རིམ་ལ་གཞིགས་ནས་བོད་རིགས་ས་ཁུལ་གྱི‘གཏན་འཁེལ་གསུམ་གྱི་སློབ་མ’སྔར་བས་མང་བ་བསྡུ་རྒྱུ་ཡིན”ཞེས་ཀྲུང་གོ་ཧྭ་ཏན་འབྲི་ཆུའི་ཆུ་སྟོད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧུའུ་ཀུའེ་ལེང་གིས་བཤད།
              ད་ཕན་ལོ་ཤས་རིང་། ཀྲུང་གོ་ཧྭ་ཏན་ཚོགས་པ་ཀུང་སིས་འབྲི་ཆུའི་ཆུ་སྟོད་ཀྱི་ཁྲོན་བོད་དུམ་བུའི་ཐེམ་རིམ་གློག་ཁང་དང་བོད་ཀྱི་ནུས་རྒྱུ་གཙང་མའི་གསར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་200བཏང་བ་དང་། སྐྲུན་བཞིན་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་ཆན་ཝ་ཁྲི་500ཙམ་ཟིན་པ། ཡུལ་དེར་ཁྲལ་སྒོར་དུང་ཕྱུར་8ཙམ་འཇལ་ཡོད། ཀྲུང་དབྱང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་དང“ནུབ་གློག་ཤར་འདྲེན”གྱི་རྒྱུན་མཐུད་རྟེན་གཞི་ཡིན་པའི་སྔོན་ཁྲིད་ལས་གྲྭ་སྟེ་བོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་གྱིས་ཕན་པ་མང་པོ་འདོན་བཞིན་ཡོད།