ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

པེ་ཅིང་གི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ལྷ་སའི་དབུལ་སྒྲོལ་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱེད་པ།

སྤེལ་དུས 2018-11-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
           “ལོ་ལྔ་ཚན་བཅུ་གསུམ་པའི”རིང་པེ་ཅིང་གི་བོད་སྐྱོར་བཀོད་འདོམས་པུས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་དམ་པོར་དམིགས་ཏེ་དབུལ་སྐྱོར་རྣམ་གྲངས(གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱས་པའི་རྣམ་གྲངས་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་གྲངས་ཚུད་པ)ཀྱི་ཕན་འབྲས་བསྡུར་བ་དང་རགས་བཤེར་བྱས་ནས་མ་དངུལ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་དབུལ་སྒྲོལ་ལ་ཐད་ཀར་སྣེ་ཁྲིད་བྱེད་པའི་ཐད་སྤྱོད་རྒྱུ་འགན་ལེན་བྱས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཁྱོན་མ་དངུལ་སྒོར་དུང་ཕྱུར་16.23བཏང་ནས་ལྷ་སའི་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱད་པ་དང་དབུལ་སྐྱོར་རྣམ་གྲངས་27དང་ཐོན་ལས་རྣམ་གྲངས་42བཀོད་སྒྲིག་བྱས་ཏེ་དུད་ཚང་1105དང་མི་7593དབུལ་སྒྲོལ་ཐུབ་རྒྱུར་རམ་འདེགས་བྱས་པ་རེད།
           སྙེ་མོ་རྫོང་མཁར་རུ་གྲོང་ཚོས་ལི་གྲོ་དང་ཕིང་ཀུའུ་ཁམ་བུ་འདེབས་འཛུགས་མཚོན་བྱེད་དུ་བྱས་པའི་དབུལ་སྐྱོར་ཐོན་ལས་ལས་2017ལོར་རིམ་རྩིས་བྱས་ན། ཡོང་འབབ་སྒོར་ཁྲི་352.4བྱུང་ནས་གྲོང་ཚོ་དེའི་མི་འབོར་དབུལ་པོ་113ཚང་མ་དབུལ་སྒྲོལ་ཐུབ་པ་དང་། ཐོན་ལས་རོགས་སྐྱོར་གྱི་ཆེད་དོན་མ་དངུལ་སྒོར་ཁྲི་3550བཀོད་སྒྲིག་བྱས་ནས་པེ་ཅིང་དུ་ས་གཙང་བདེ་ཐང་ཐོན་ལས་ཀྱི་ཆེད་ཚོང་ཁང་དང་ཤིས་ཏན་སོགས་ས་གཙང་ཐོན་རྫས་ཆེད་ཚོང་ཁང་11འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་2017ལོའི་ལོ་མཇུག་ཏུ་དངོས་སུ་གཉེར་སྐྱོང་བྱས་པར་ལྷ་སའི་ཐོན་ལས་སྤེལ་རེས(པེ་ཅིང་དབྱི་ཀྲོང)ལྟེ་གནས་ཀྱི“ལྷ་སའི་ས་གཙང”ཐོན་རྫས་འགྲེམས་ཚོང་ལས་སྟེགས་ཀྱི་ལས་གཉེར་དངུལ་འབོར་སྒོར་ཁྲི་100ལྷག་ཙམ་ཟིན་ཡོད་པ་རེད།
           ལོ་ལྟར་ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་སྒྲིག་འཛུགས་བྱས་ཏེ་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་བྱས་པའི་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཚོགས་འདུར་ཞུགས་ཏེ་ལྗང་མདོག་བདེ་ཐང་བཟའ་བཅའ་དང་། ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས། འཐུང་ཆུ་སོགས་རིགས་བཅུ་གྲངས་ཀྱི་ཐོན་རྫས་གདམ་གསེས་ཞིབ་ཚགས་བྱས་ནས་པེ་ཅིང་དུ་ཁྱད་ལྡན་ཐོན་རྫས་ཀྱི་འགྲེམས་ཚོང་ཚོགས་འདུར་ཞུགས་ཏེ་2017ལོར་འགྲེམས་ཚོང་ཚོགས་འདུའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1071ལྷག་ཙམ་ཟིན་ནས་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དབུལ་སྒྲོལ་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་རེད།
           དེ་དང་ཆབས་ཅིག་པེ་ཅིང་གི་བོད་སྐྱོར་བཀོད་འདོམས་པུས་དབུལ་སྒྲོལ་རྒྱུན་མཐུད་ཐུབ་པ་དང་འབབ་འཕར་གྱི་ཕན་འབྲས་ལེགས་པའི་རྣམ་གྲངས་ལ་དམིགས་ནས་སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོའི་ཞག་སྡོད་ཡུལ་སྐོར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་རྣམ་གྲངས་དང་། ཁྲེང་ཀོན་ཆུས་ཀྱི་དཀར་ཆུ་ཐོན་རྫས་ལས་སྣོན་བཟོ་གྲྭའི་ལས་ཞུགས་དབུལ་སྐྱོར་འཛུགས་སྐྲུན་སོགས་རྣམ་གྲངས་ལག་བསྟར་བྱ་རྒྱུ་བཀོད་སྒྲིག་བྱས་ཏེ་ཁྱིམ་ཚང་དབུལ་པོའི་ཁོངས་མི་270ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་ནས་མི་རེར་ཟླ་རེའི་ཡོང་འབབ་སྒོར་2500ལྷག་ཙམ་ཟིན་ཏེ“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་མངོན་འགྱུར་བྱུང་ཡོད་པ་རེད།