ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཀྲེ་ཅང་གི་བོད་སྐྱོར་གྱིས་ནག་ཆུའི་ལས་གཏོད་གསར་གཏོད་ལ་རོགས་རམ་བྱས་པ།

སྤེལ་དུས 2018-11-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
              ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་དུ་ཁེ་ལས་ཀྱིས་ཤེས་ལྡན་པ་བསྡུ་དཀའ་བ་དང་ཕ་ཡུལ་དུ་ཕྱིར་ལོག་པའི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་གང་ལེཌ་མི་ཐུབ་པའི་གནད་དོན་མཉམ་དུ་གནས་པའི་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཐོན་ཞིང་། ཕ་ཡུལ་དུ་ཕྱིར་ལོག་པའི་སློབ་གྲྭ་ཆེ་མོ་བས་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་རྒྱུར་ཁྲིད་སྟོན་བྱས་ནས་ཀྲུང་དབྱང་གི“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”འབོད་སྐུལ་དང་ལེན་བྱ་ཆེད། ནག་ཆུ་གྲོང་རྡལ་གྱིས་ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཅ་ཤིན་གྲོང་ཁྱེར་བོད་སྐྱོར་ཚོགས་ཆུང་གི་རོགས་རམ་ཤུགས་ཆེན་འོག་2017ལོའི་ཟླ་12ཚེས་8ཉིན་ནག་ཆུའི་གྲུ་དམར་སྣེ་ཁྲིད་དམངས་ཀྱི་བྱ་གཞག་སྐྲུན་ཡུལ་བཙུགས་ནས་སྒོ་ཕྱེ་བ་རེད།
              མིག་སྔའི་བར། དམངས་ཀྱི་བྱ་གཞག་སྐྲུན་ཡུལ་གྱིས་ལས་གཏོད་ཀྱི་གསོ་སྦྱོང་ཐེངས་7དང་། ལས་གཏོད་འདུ་ཚོགས་ཐེངས་20བཀོད་སྒྲིག་བྱས་པར་གསོ་སྦྱོང་དང་བྱེད་སྒོའི་ནང་ཞུགས་མཁན་མི་ཐེངས་962ཟིན་པ་དང་། ཁེ་ལས་12བཅའ་སྡོད་དང་ཁེ་ལས་2ཐད་ཀར་སྐྱེད་སྲིང་བྱས་པར་མི་63ལ་ལས་ཞུགས་ཐུབ་པ་དང་། ཐོན་ཟོག་དཔེ་གསར་12གསར་སྤེལ་བྱས་ནས་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་6000ལྷག་བྱུང་བ་རེད།
              ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲུ་དམར་སྣེ་ཁྲིད་དམངས་ཀྱི་བྱ་གཞག་སྐྲུན་ཡུལ་བཙུགས་རྗེས། ཅ་ཤིན་གྲོང་ཁྱེར་གྱི་བོད་སྐྱོར་ཚོཌ་ཆུང་གིས་དམངས་ཀྱི་བྱ་གཞག་སྐྲུན་ཡུལ་གྱི་སྒྱུར་བཀོད་མཛེས་བཟོ་དང་། སྒྲིག་བཀོད་སྒྲིག་ཆས་ཐད་འགྲོ་གྲོན་སྒོར་ཁྲི་25བཏང་ནས་རྒྱབ་སྐྱོར་བྱས་པ་མ་ཟད། ལོ་ལྟར་འཁོར་སྐྱོད་འགྲོ་གྲོན་སྒོར་ཁྲི་35གཏོང་འཆར་ཡོད་པ་རེད། དམངས་སྐྲུན་བྱ་ཡུལ་གྱིས་ནག་ཆུའི་ས་གནས་ཀྱི་ལས་སྒུག་སློབ་གྲྭ་ཆེ་མོ་བས་གཙོས་པའི་གཞོན་ནུའི་མི་ཚོགས་ལ་ཕྱོགས་ནས་ཁོང་ཚོར་ལས་གཏོད་རྣམ་གྲངས་ཀྱི་བློ་འདྲི་དང་། གསོ་སྦྱོང་། སྲིད་ཇུས་ཀྱི་འགྲེལ་བཤད། བཟོ་ཚོང་ཐོ་བཀོད་ཀྱི་ཞབས་ཞུ། ནོར་དོན་རྩིས་གཉེར་དོ་དམ་ཟུར་ཁྲིད། ཕྱེད་སྤྱི་ཕན་རིགས་ལ་ཁེ་ལས་ཀྱི་VIཡི་འཆར་འགོད་མཁོ་འདོན། ཁེ་བེད་བདག་ཐོབ་ཀྱི་འགྲོ་ལུགས་གཉེར་བ་སོགས་ཀྱི་ཞབས་ཞུ་རིན་མེད་ངང་བསྒྲུབས་པ་རེད། དམངས་ཀྱི་བྱ་གཞག་སྐྲུན་ཡུལ་གྱིས་ཁོར་ཡུག་གཏོད་པ་དང་། མ་དངུལ་བསྡུ་སྒྲིལ། རྣམ་གྲངས་གསོ་སྦྱོང་བཅས་བརྒྱུད་ནག་ཆུར་བསམ་བློ་ཡོད་པ་དང། ངར་ཤུགས་ཆེ་བ། ལས་གཏོད་བྱེད་སེམས་ཆེ་བའི་བློ་ལྡན་གཞོན་ནུ་ཁག་གཅིག་བསྡུས་ནས་ལས་ཞུགས་ལ་སྣེ་ཁྲིད་དང་། ཁྲལ་འབབ་གསོག་པའི་རྣམ་གྲངས་དང་ཁེ་ལས་ཡག་པོ་ཁག་གཅིག་སྐྱེད་སྲིང་བྱས་ནས་ནག་ཆུའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཤེས་ལྡན་པའི་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།