ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

པེ་ཅིང་གིས་སྐྲུན་རོགས་བྱས་ནས་ལོ་གཉིས་སོང་རིང་ཡུལ་ཤུལ་གྱི་དུད་ཚང་དབུལ་པོ་ཁྲི་4.5ཡི་དབུལ་སྒྲོལ་ལ་སྐུལ་ཁྲིད་ཐུབ་པ།

སྤེལ་དུས 2018-12-17 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
                   མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “གཟན་ཆག་ལས་སྣོན་བཟོ་གྲྭ་ཟླ་དགུ་པའི་ཟླ་མཇུག་ཏུ་བེད་སྤྱོད་བྱེད་རྩིས་ཡོད། ལས་སྣོན་བཟོ་གྲྭ་ཡོད་པས་ཚད་གཞི་ངེས་ཅན་ཞིག་ནས་རྫོང་ཡོངས་ཀྱི་གེགས་བར་གྱི་རྐྱེན་པས་དབུལ་པོར་གྱུར་པའི་གནས་ཚུལ་ཞི་ལྷོད་དུ་འགྲོ་སྲིད” ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་དུ་ཡོད་པའི་པེ་ཅིང་གིས་ནང་ཆེན་ལ་སྐྲུན་རོགས་བྱས་པའི་གཟན་ཆག་ལས་སྣོན་བཟོ་གྲྭར་སྐྱོད་སྐབས། ལས་དོན་མི་སྣས་བྲེལ་འཚུབ་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས་གཉེར་སྐྱོང་མ་བྱས་གོང་གི་གྲ་སྒྲིག་ལས་དོན་སྒྲུབ་བཞིན་འདུག ལས་སྣོན་བཟོ་གྲྭའི་སྤྱི་ཁྱབ་ཅིང་ལིས་ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་དེ་གའི་ནས་ནག་དང་པད་ཁ་སོགས་ཀྱི་མ་བཅོས་རྒྱུ་ཆ་ལས་སྣོན་བཟོ་གྲྭ་དེ་ནས་རང་འགུལ་ཅན་གྱི་འཕྲུལ་ཆས་བརྒྱུད། སྤུས་ཚད་མཐོ་བའི་གཟན་ཆག་རིལ་བུར་ལས་སྣོན་བྱེད་པ་དང་ལོར་ཏུན་ཁྲི་1.5ཐོན་སྐྱེད་བྱེད་ཀྱི་ཡོད་པས་ཡུལ་ཤུལ་ཀྲོའུ་ཡི་ལོ་ཉེས་ཀྱི་འབྲོག་ལས་འགན་ལེན་ལ་མཁོ་སྤྲོད་ནུས་ལྡན་ཐུབ་ཀྱི་ཡོད།
                   ཡུལ་ཤུལ་ཀྲོའུ་ཡི་ལྷོ་ནུབ་རྒྱུད་དུ་གནས་པའི་ནང་ཆེན་རྫོང་ནི་ཀྲོའུ་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་རྫོང་ཆེན་ཞིག་རེད། ས་གནས་དེ་གར་དགུན་དུས་ཧ་ཅང་རིང་བའི་ཁར་གངས་སྐྱོན་མང་པོ་ཐོན་གྱི་ཡོད་པས་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ངན་པ་བཟོ་བ་མ་ཟད། ས་གནས་དེ་དབུལ་པོར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡང་རེད། ད་ཆ། རི་བོའི་དབར་ལ་གཟན་ཆག་ལས་སྣོན་བཟོ་གྲྭ་ཞིག་བསྐྲུན་ཡོད་པས་འབྲོག་པ་ཚོ་གངས་སྐྱོན་གྱིས་རྐྱེན་པས་ནོར་ལུག་ལྟོགས་ཤི་ཐེབས་པའི་གནད་དོན་ལ་སེམས་ཁྲལ་བྱེད་དགོས་མེད། པེ་ཅིང་གིས་ནང་ཆེན་ལ་སྐྲུན་རོགས་བྱས་པའི་གཟན་ཆག་ལས་སྣོན་བཟོ་གྲྭར་ཁྱོན་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་བཏང་བ་ལས་པེ་ཅིང་རོགས་སྐྲུན་གྱི་སྒོར་ཁྲི་300ཟིན་ཡོད། ལས་སྣོན་བཟོ་གྲྭ་དེ་བརྒྱུད་རྫོང་ཡོངས་ཀྱི་གེགས་བར་བསལ་ནས་འབྲོག་ལས་འགན་ལེན་བྱེད་པའི་རྨང་གཞི་བརྟན་དུ་ཕྱིན་པ་དང་ས་གནས་དེ་གའི་འབྲོག་པ་མང་ཚོགས་གེགས་བར་གྱིས་རྐྱེན་པས་དབུལ་པོ་ཆགས་པ་དང་གེགས་བར་གྱིས་རྐྱེན་པས་སླར་ཡང་དབུལ་པོར་གྱུར་པའི་དཀའ་ངལ་དངོས་ཐག་གཅོད་ནུས་ལྡན་ཐུབ་ཡོད།
                   འབྲོག་ལས་ལ་རོགས་སྐྱོར་བྱེད་པ་ཕུད་པེ་ཅིང་གི་མཚོ་སྐྱོར་ཚོགས་པས་ད་དུང་སྨན་བཅོས་དང་། སློབ་གསོ། དམངས་འཚོ་སོགས་ཕྱོགས་མང་པོར་རོགས་སྐྱོར་རམ་འདེགས་ཀྱི་ལས་དོན་སྤེལ་བས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་དངོས་ཐག་གཅོད་ཐུབ་ཡོད།
                   ཤེས་རྟོགས་བྱུང་བར་གཞིགས་ན། 2010ལོར་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་ཚུན། པེ་ཅིང་གྲོང་ཁྱེར་གྱིས་ཡུལ་ཤུལ་ཀྲོའུ་ལ་ཕྱོགས་ཡོངས་དང་། ཁྱབ་ཁོངས་ཆེ་བ། རིམ་པ་མང་བ་བཅས་ཀྱི་རོགས་སྐྱོར་བྱས་པས། རོགས་སྐྲུན་མ་དངུལ་གྱི་བསྡུར་གྲངས་དང་། སྤྱི་འབོར། དམིགས་སར་འབྱོར་ཚད་བཅས་ཚང་མ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་6གི་ཨང་དང་པོར་སླེབས་ཡོད། 2011ལོ་ནས་2017ལོ་བར་རིམ་རྩིས་བྱས་ན། མཚོ་སྐྱོར་མ་དངུལ་སྒོར་དུང་ཕྱུར་17.45དང་རྣམ་གྲངས་331བཀོད་སྒྲིག་བྱས་པ་དང་། 2018ལོ་ནས་2020ལོའི་བར་མ་དངུལ་སྒོར་དུང་ཕྱུར་10.67བཀོད་སྒྲིག་བྱེད་རྩིས་ཡོད་པ་དང་། འཆར་གཞིའི་ནང་མ་ཚུད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་3མང་དུ་གཏོང་རྒྱུ་རེད།
                   ཉ་སྟེར་བ་ལས་ཉ་འཛིན་སྟངས་བསླབས་ན་དགའ། མཚོ་སྐྱོར་ལས་དོན་སྤེལ་ཚུན། པེ་ཅིང་གི་མཚོ་སྐྱོར་ཚོགས་པས“གཞན་རྟེན”དང“རང་རྟེན”ཟུང་འབྲེལ་དང“བློ་སྐྱོར”དང“རིག་སྐྱོར”ཟུང་འབྲེལ་གྱིས་སྔ་རྗེས་སུ་ཁག་གསུམ་གྱི་ཡུལ་སྐྱོར་ལས་བྱེད་ཤེས་ལྡན་པ་132མངགས་ནས་ཡུལ་ཤུལ་གསར་པ་འཛུགས་སྐྲུན་དང་། འཕེལ་རྒྱས། དར་རྒྱས། ཞི་མཐུན་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་སྟེ་རིགས་ཁག་གི་ཤེས་ལྡན་པའི་བློ་རིག་གསོ་སྦྱོང་རྣམ་གྲངས་ཁག་ཐེངས་118གཉེར་བས་ཡུལ་ཤུལ་འཕེལ་རྒྱས་གཏོང་བའི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།