ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཁ་བ་བུ་ཡུག་དྲག་ཏུ་འཚུབ་ན་ཡང་། གཅེས་སེམས་དྲོན་མོས་སེམས་ལ་དྲོ་སྐྱིད་སྦྱིན།

སྤེལ་དུས 2019-02-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་གངས་ཆེན་པོ་བསྟུད་མར་བབས་པའི་དབང་གིས་གཙང་གསུམ་ཆུ་འགོའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་དང་། ཁྲི་འདུ། ཆུ་དམར་ལེབ་བཅས་རྫོང་གསུམ་གངས་འཁྱག་གིས་བཀླུབས་ཤིང་། གྲོང་གསེབ་ཁ་ཤས་ལ་གངས་ཀྱི་མཐུག་ཚད་སྨི་ཕྱེད་ཀ་ཙམ་ཟིན་ཡོད།
            གངས་སྐྱོན་ཐོན་རྗེས་མཚོ་སྔོན་གྱི་རིམ་ཁག་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁ་གཏད་ཧུར་ཐག་བཅགས་ཏེ“ཚེ་སྲོག་གི་ལམ་བུ”ཤར་གཏོང་བྱས་པ་དང“སྲོག་སྐྱོབ་གཟན་རྩྭ”དབོར་འདྲེན་བྱས་པ། ལས་བྱེད་པ་འཐབ་ཕྱོགས་དང་པོར་བསྐྱོད་པ། མང་ཚོགས་མཐུན་སྒྲིལ་གྱིས་རང་སྐྱོབ་སོགས་བྱས་ཡོད། མིག་སྔའི་བར། གེགས་འགོག་གེགས་སེལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། དེ་སྔའི་རིམ་མཚུངས་གངས་སྐྱོན་དང་བསྡུར་ན། ད་ཐེངས་ཀྱི་གངས་སྐྱོན་ནང་གྱོང་གུན་ཕོག་ཚད་90%ཡན་ཆུང་དུ་ཕྱིན་ཡོད།
འདི་ནི་གངས་གཤོང་རླངས་འཁོར་གྱིས་ཚ་ནག་ལ་ཁར་གངས་ཕྱགས་བཞིན་པ།
            ཁ་བ་བུ་ཡུག་ཁྲོད་དུ་ཁོང་ཚོས་འབད་འབུངས་མདུན་སྐྱོད་བྱས་པ།
            ཟླ་2ཚེས་10ཉིན་ནི་རྫ་སྟོད་རྫོང་རྣམ་སྲས་ཤང་གནས་མདོ་གྲོང་ཚོའི་འབྲོག་པ་སངས་རྒྱས་ཚེ་རིང་གི་ངོས་ནས་བརྗོད་ན་བརྗེད་པར་དཀའ་བའི་ཉིན་ཞིག་རེད། གངས་ཆེན་པོའི་ཁྲོད་ཟླ་ཕྱེད་ཙམ་ལུས་པ་དང་རྡབ་ཆག་བྱུང་ནས་གཉན་ཁ་ཚབས་ཆེན་རྒྱས་པའི་ཁོང་ལ་ཉིན་དེར་གཞི་ནས་རོགས་སྐྱོབ་ཐོབ་ཡོད།
            སངས་རྒྱས་ཚེ་རིང་ལོ་30ལ་སླེབས་པ་དང་ལུས་སྟོབས་དར་ལ་ཐང་ཤ་དོད་པོ་ཞིག་ཡོད། ལོ་གསར་མ་ཤར་གོང་ལས་འཛོལ་ཞིག་བྱུང་ནས་རྐང་པ་གཉིས་ཀ་ཆག་པ་རེད། སྐབས་དེར་གངས་བབས་པའི་རྐྱེན་གྱིས་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་ཐབས་བྲལ་བས་ཕྱུགས་འཚོ་སར་གནས་སྐབས་རིང་ནད་གསོ་བ་ལས་ཐབས་ཤེས་གང་ཡང་མ་བྱུང་། དེ་ནས་ཁྱིམ་དུ་ཡོད་པའི་སྨན་རྫོགས་པ་དང་ལྕི་བ་སྐམ་པོ་ཡང་རིམ་བཞིན་རྫོགས། དེས་མ་ཚད་གངས་གསོག་ཐེབས་ཚད་ཇེ་མཐུག་ཏུ་སོང་ནས་གྲོང་ཚོ་གཞན་དུ་སྐྱོད་ཐབས་བྲལ། འུ་ཐུག་ཐབས་ཟད་དུ་གྱུར་པའི་མ་བགྲེས་མོས་ཁང་པའི་མདུན་ནས་ཐག་རིང་དུ་རྒྱང་ལྟ་བྱས་ཏེ་རོགས་སྐྱོབ་མི་སྣ་ཡོང་རྒྱུའི་རེ་སྒུག་བྱས་བསྡད།
            གྲོང་ཚོའི་ལས་བྱེད་པས་སངས་རྒྱས་ཚེ་རིང་གི་གནས་ཚུལ་ཤང་དུ་སྙན་སེང་ཞུས། གངས་རླུང་ཕྲན་ཙམ་འཇགས་པའི་བར་གསེང་དུ་ལས་བྱེད་པ་དང་། གྲོང་ཚོའི་སྨན་པ། ཡུལ་དམག་སོགས་ལས་གྲུབ་པའི་རོགས་སྐྱོབ་རུ་ཁག་གིས་འཕྲལ་མར་ཁོང་གི་ཁྱིམ་དུ་ཡོང་བ་དང་། ཚེས་10ཉིན་གྱི་ཞོགས་པ་མི་12ཀྱིས་རེ་མོས་བྱས་ཏེ་སངས་རྒྱས་ཚེ་རིང་རྒྱབ་ཏུ་ཁུར་ནས་ཆུ་ཚོད་15ཙམ་རྐང་ཐང་མར་བསྐྱོད་རྗེས་གཞི་ནས་ཤང་གྲོང་འཕྲོད་བསྟེན་ཁང་དུ་འབྱོར་བ་དང་རྨས་སྐྱོན་ཚབས་ཆེན་ཕོག་པའི་རྐང་པ་གཅོད་མི་དགོས་པ་བྱུང་བ་རེད། “སྤྱི་ལེ་40ཙམ་ལས་མེད་པའི་ལམ་བར་དུ་ཁོང་ཚོས་ང་རེས་མོས་ངང་རྒྱབ་ཏུ་འཁུར་བྱུང་། སྐབས་དེ་དུས་ཁོང་ཚོའི་དམར་སྨུག་ཏུ་གྱུར་པའི་ངོ་གདོང་དང་མཆུ་ཏོ་དང་། གངས་འཁྱག་གིས་བཏུམས་པའི་ཨོག་ཚོམ་དང་སྐྲ་ད་ལྟ་ཡང་ལྷང་ལྷང་དུ་དྲན་དུས་མིག་ཆུ་རང་དབང་མེད་པར་ཤོར་གྱི་འདུག”ཅེས་སངས་རྒྱས་ཚེ་རིང་གིས་བཤད།
            རྫ་སྟོད་ནི་ད་ཐེངས་གངས་སྐྱོན་ཚབས་ཆེ་ཤོས་ཀྱི་རྫོང་རེད། ཉིན་གཉིས་གོང་གསར་འགོད་པ་རླངས་འཁོར་བསྡད་དེ་རྫ་ཆེན་ཤང་དུ་བསྐྱོད། ལམ་བར་དུ་དཀར་ཆིལ་ཆིལ་ཞིག་ལས་མཐོང་རྒྱུ་མི་འདུག་ལ། ཕྱི་རོལ་དུ་གྲང་རླུང་ལྡང་བ་དང་ཁ་བ་ལྷབ་ལྷུབ་ཏུ་འབབ་བཞིན་འདུག་པས་མཐོང་རྒྱ་ཐུང་ཐུང་ཞིག་ལས་མི་འདུག ལམ་བར་དུ་སྒལ་པར་ཉལ་ཆས་གཡོགས་པའི་རྟ་རེ་གཉིས་ཀྱིས་གཟན་རྩྭ་འཚོལ་བཞིན་པ་མཐོང་རྒྱུ་འདུག “ས་མཐོའི་ནོར་གནག”གི་རྩིད་པར་ཡང་འཁྱག་པ་སྲབ་པོ་ཐེབས་འདུག
            ས་བབ་མཐོ་ཚད་སྨི་4750ཟིན་པའི་ཚ་ནག་ལ་ཁར་མཚོ་སྔོན་ལམ་སྐྱོང་ཀུང་སི་སྟོང་སྐོར་སྤྱི་ཁྱབ་ལམ་དུམ་གྱི་ཁ་ལོ་བ་ལི་ཧའེ་ལུང་གིས་ལྗིད་ཐེག་རླངས་འཁོར་བཏང་སྟེ་གངས་ཉིན་16བཤངས་པ་དང་། གྱོན་གོས་མཐུག་པོ་ཇི་ཙམ་གྱོན་ཡང་གྲང་ངར་འགོག་ཐབས་བྲལ་བ་དང་གངས་རླུང་དྲག་པོའི་ཁྲོད་ཁོང་རང་དབང་མེད་པར་མིག་ཆུ་ཤོར། ལམ་བར་དུ་གྲོད་པ་ལྟོགས་རྗེས་སྟབས་བདེའི་ཐུག་པ་འཐུང་བ་དང་ཁ་སྐོམ་རྗེས་སྟོད་ཐུང་ནང་བཏུམས་པའི་གཏེར་ཆུ་འཐུང་གི་ཡོད། ཁོང་གིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་འགྲོ་ལམ་ཤར་གཏོང་ཐུབ་པ་བྱེད་དགོས། འགྲོ་ལམ་ཤར་གཏོང་ཐུབ་ཚེ། གཟན་རྩྭ་དང་གེགས་སྐྱོབ་དངོས་ཟོག་གཞི་ནས་གེགས་ཁུལ་དུ་འབྱོར་ཐུབ་ཅེས་བཤད།
            “རྟ་ཐོག་ལས་བྱེད་པས”འབྲོག་པའི་སེམས་ནང་གི་ཁྱིམ་གཞིས་བསྐྲུན་པ།
            གངས་སྐྱོན་ཐོན་ནས་གྲང་ངར་དང་བཀྲེས་ལྟོགས་ཀྱིས་མནར་ཡང་གངས་སྐྱོན་ལ་ཁ་གཏད་གཅོག་པའི་བརྒྱུད་རིམ་ནང་ཕྱོགས་ཁག་གི་རོགས་སྐྱོར་དང་གཞི་རིམ་ཏང་ཡོན་ལས་བྱེད་པས་གནོད་འཚེ་ཕོག་པའི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་གང་ཐུབ་བྱས་ཡོད།
            ས་བབ་མཐོ་ཚད་སྨི་4500ཡན་ཟིན་པའི་ཁྲི་འདུ་རྫོང་རྫ་སྟོད་གྲོང་རྡལ་དུ་འབྲོག་པ་ཁ་ཐོར་དུ་གནས་སྡོད་བྱེད་པ་དང་། རི་མཐོ་ཞིང་གཟར་བ། འགྲོ་ལམ་སྟབས་བདེ་པོ་མེད་པས་གངས་གཤོང་རླངས་འཁོར་དང་ཟོག་འདྲེན་རླངས་འཁོར་སྐྱོད་ཐབས་བྲལ། དེར་བརྟེན་གེགས་སྐྱོབ་དངོས་ཟོག་གནས་སྐབས་རིང་འབྲོག་པའི་ལག་ཏུ་འབྱོར་ཐབས་བྲལ། ཛ་དྲག་པའི་གནས་ཚུལ་འོག ཟླ་2ཚེས་8ཉིན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཆོས་སྡེ་དང་གྲོང་རྡལ་གྱི་ལས་བྱེད་པ་12ཀྱིས་རྩམ་པ་དང་། སྟབས་བདེའི་ཐུག་པ། སྲིང་བལ་ཉལ་ཆས། བལ་ཕྱར་སོགས་གེགས་སྐྱོབ་དངོས་ཟོག་རྟ་ཐོག་ཏུ་བཀལ་ནས་འབྲོག་དུད་ཁག་ཏུ་བསྐྱོད།
            ཤེས་རྟོགས་བྱུང་གསལ། ཟླ་2ཚེས་12ཉིན་བར། ཁྲི་འདུ་རྫོང་ཁོངས་སུ་གངས་ཆེན་པོ་ཐེངས་ལྔ་བབས་པ་དང་། རིམ་རྩིས་བརྒྱབ་ན་ཆར་ཆུ་ཧའོ་སྨི་19.4ཟིན་ནས་གངས་སྐྱོན་འབྲིང་གྲས་སུ་སླེབས་ཀྱི་ཡོད། སྲུང་སྐར་རྒྱང་ཚོར་ལྟ་དཔྱད་ཚད་ལེན་བྱས་འབྲས་ལས་མངོན་པར། རྫོང་ཡོངས་སུ་གངས་གསོག་ཐེབས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.25ཟིན་པ་དང་རྒྱ་ཁྱོན་གྱི་བསྡུར་ཚད་86%ཟིན་གྱི་ཡོད།
            བཅར་འདྲི་བྱེད་རིང་། ལས་བྱེད་པ་ཚོས་ལམ་བར་གྱི་དཀའ་ངལ་གླེང་ཞིང་། མ་གཞི་གསོན་ཉམས་དོད་པོའི་སྐད་ཆ་མེད་པ་དང་སྐད་ཆ་སྟབས་བདེ་འགའ་ཤས་ཀྱིས་དཀའ་སྡུག་ཡོད་ཚད་མཚོན་ཐབས་མེད་ཀྱང་། གངས་ཁྲོད་དུ་དལ་བུར་མདུན་སྐྱོད་བྱེད་པའི་རྟ་ཁྱུ་ལས་གནོད་འཚེ་ཕོག་པའི་འབྲོག་པར་བག་ཆགས་ཟབ་མོ་བཞག་ཡོད་པ་སྨོས་མེད་རེད།
            ལས་ཕྱོད་ཆེན་པོས་བཀོད་གཏོང་དང་ཁ་གཏད་ནུས་ལྡན་བཅགས་ན་གངས་ཆེན་པོ་བབས་ཀྱང་གནོད་འཚེ་ཆེན་པོ་མི་ཕོག གནོད་འཚེ་ཐོན་རྗེས་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་འཕྲལ་དུ་བཀོད་སྒྲིག་བྱས་ཏེ་ཡུལ་ཤུལ་ཀྲོའུ་ལ་གེགས་སྐྱོབ་འབྲུ་རིགས་ཏུན་480.3དང་དངོས་ཟོག་སྣ་ཚོགས་9680སྤྲད་ཅིང་། རིམ་རྩིས་བྱས་ན་གཟན་རྩྭ་དང་གཟན་ཆག་ཏུན་ཁྲི་2.29དབོར་བ་དང་ཕྱུགས་རིགས་མགོ་གྲངས་ཁྲི་7.2ལྷག་ཙམ་སྐྱས་སྤོས་ཡོད།
            ལུག་ཚང་ནང་གི་ལུ་གུས་རྩྭ་སྐམ་པོ་ལྡད་རྒྱག་བཞིན་ཡོད་པ་མཐོང་སྐབས་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་དཀར་ཆེན་གྲོང་ཚོའི་འབྲོག་པ་བྱང་ཚེ་རིང་བློ་བདེ་པོས་ཁྱིམ་ལ་ལོག ཁོང་གིས་གྲོང་ཚོའི་མཉམ་ལས་ཁང་ལ་ནོར་ལུག་1500ལྷག་ཙམ་ཡོད་ཅིང་། གངས་མཐུག་པོ་བབས་རྗེས་བེའུ་དང་ཤ་ཤེད་ཞན་པའི་ལུག་ཨ་མ་རིར་འཁྱོལ་ཐབས་མེད། སྟབས་ལེགས་པ་ཞིག་ལ་འགྲོ་ལམ་མགྱོགས་པོ་བཤངས་པ་དང་གཟན་ཆག་སྐམ་པོ་དུས་ཐོག་ལ་དབོར་བས་གྱོང་གུན་ཆེན་པོ་ཕོག་མེད་ཅེས་བཤད།
འདི་ནི་རྫ་སྟོད་རྫོང་གི་འབྲོག་པས་སྲིད་གཞུང་གིས་སྤྲད་པའི་ནོར་ལུག་གི་གཟན་རྩྭ་ལེན་བཞིན་པ།
            འགྲིམ་འགྲུལ་ལམ་སྲིད་ལས་དོན་མི་སྣས་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དང་ཟུངས་ཤུགས་ཟད་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་གངས་འགོག་ཤར་བགྲོད་ཀྱི་འཐབ་ས་དང་པོར་འབད་འཐབ་བྱས་ཡོད། གངས་སྤྱི་ལེ་2000ལྷག་ཙམ་བཤངས་པ་དང་། གངས་གཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་250ཟིན་པ། མ་ལམ་དང་རྫོང་དང་གྲོང་གསེབ་ཀྱི་གཞུང་ལམ་མང་ཆེ་བ་ཤར་གཏོང་ཐུབ་ཡོད་པ་དང་། གནོད་འཚེ་ཕོག་ཚབས་ཆེ་ཁུལ་ཁག་གཅིག་གི་གྲོང་ཚོར་བསྐྱོད་པའི་ལམ་བུ་ད་ལྟ་གཤོང་བཞིན་ཡོད་པ་རེད། སྨན་དོན་མི་སྣ་120ལྷག་གིས་གྲུབ་པའི་སྨན་བཅོས་རུ་ཁག་17སྐོར་སྐྱོད་སྨན་བཅོས་ལམ་དུ་ཡོད་པ་མ་ཟད་སྒོར་ཁྲི་26ལྷག་ཙམ་རི་བའི་སྨན་རྫས་སྣ་ཚོགས་སྤྲད་ཡོད་པ་རེད།
            དྲོ་སྐྱིད་སྦྱིན་ནས་གཙང་འགོའི་སྣོད་བཅུད་མཉམ་དུ་སྲུང་བ།
            འབྲོག་པའི་ངོས་ནས་བརྗོད་ན་རྩྭ་ར་ནི་རྒྱུ་ནོར་རྩ་ཆེ་ཤོས་དེ་ཡིན་ཞིང་། ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་འོ་མཚོ་གྲོང་ཚོར་གནོད་འཚེ་ཕོག་ཚབས་ཅུང་ཆུང་བ་དང་། ཉིན་ཤས་བསྟུད་མར། ཉེ་འགྲམ་གྱི་བྲག་དཀར་དང་རྫ་དམར་སོགས་གྲོང་ཚོའི་རྩྭ་ར་གངས་ཆེན་པོས་བཀླུབས་པ་མཐོང་སྐབས། འོ་མཚོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་དགའ་ཡིས་ཏང་ཡོན་31སྐོང་ནས་ཚོགས་འདུ་འཚོགས་ཏེ་རང་གྲོང་ཚོའི་རྩྭ་ར་མུའུ་ཁྲི་30ཟིན་པ་དེ་དག་ཉེ་འགྲམ་གྲོང་ཚོར་གཡར་རྒྱུའི་ཐག་བཅད།
            “གྲོང་མི་ཁག་གཅིག་གིས་གཡར་འདོད་བྱེད་ཀྱི་མི་འདུག ཡིན་ནའང་དཀའ་ངལ་ཡོད་སྐབས་ཕན་ཚུན་རོགས་རམ་བྱེད་པ་ནི་རྩྭ་ཐང་གི་སྲོལ་རྒྱུན་ཞིག་ཡིན་ལ་ང་ཚོ་ཏང་ཡོན་མི་རེ་ངོ་རེའི་འགན་འཁྲི་དང་འོས་འགན་ཡང་རེད”ཅེས་པད་དགའ་ཡིས་བཤད།
            ལྟ་རེས་སྐྱོང་རེས་བྱེད་པ་ནི་གངས་སྐྱོན་ཕོག་ཀྱང་ཚེ་སྲོག་གཅིག་གིས་གཅིག་ལ་དྲོ་སྐྱིད་སྦྱིན་པའི་སྟོབས་ཤུགས་ཤིག་རེད།
            ཉིན་ཤས་གོང་། རྫ་སྟོད་རྫོང་རྫ་ཆེན་ཤང་སྡེ་ཆེན་གྲོང་ཚོའི་བོད་རིགས་བུད་མེད་བུ་ཚེའི་ཁྱིམ་གྱི་ནོར་གཅིག་གྲང་ངད་ཀྱིས་མ་བཟོད་པར་ཤི་བས་ཁོང་སེམས་སྡུག་གིས་རབ་ཏུ་མནར། སྣོད་བཅུད་བདག་སྐྱོང་བ་ཞིག་ཡིན་པའི་ཁོང་གི་བཟའ་ཟླ་པད་ནོར་ཤི་རོ་ཡང་སྦས་ལོང་མ་བྱུང་ཞིང་། ཉེ་འཁོར་གྱི་རི་སྟེང་དུ་སྐོར་ཞིབ་ཐེངས་མང་བྱེད་པར་བསྐྱོད་པ་མ་ཟད་ད་དུང་གངས་ཁྲོད་དུ་སྲོག་ཉེན་འཕྲད་པའི་གཙོད་ཕྲུག་ཅིག་ཀྱང་བསྐྱབས་ཡོད།
            “ང་ཚོས་གཟན་རྩྭ་སྟེར་ནས་གཡོག་བྱེད་བྱེད་ཀྱི་ཡོད་པས་ཉིན་བཞིན་ཤ་ཤེད་རྒྱས་པའི་གཙོད་ཕྲུག་མཐོང་སྐབས་སེམས་ནང་དགའ་པོ་བྱུང”ཞེས་པད་མས་བཤད་ཅིང་། ཁོང་གིས་ནོར་ལུག་ཤི་ཡང་དུས་སང་ཉོས་ན་འགྲིག ཡིན་ནའང་རྩ་ཆེ་ཞིང་དཀོན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ནི་གཙང་གསུམ་ཆུ་འགོའི་ནོར་བུ་ལྟ་བུ་ཡིན་པས་གཅིག་ཤི་ཚེ་རིགས་ཁྱུ་སླར་གསོ་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ངེས་རེད་ཅེས་བཤད།
            རྫ་སྟོད་རྫོང་ལ“རྫ་ཆུའི་ཆུ་འགོའི་རྫོང་དང་པོ”ཞེས་པའི་མཚན་སྙན་ཡོད་ཅིང་། མིག་སྔར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུ་གླིང་ཁོངས་སུ་བཅུག་ཡོད། དེ་ནི་ཤྭ་བ་མཆུ་དཀར་དང་། གནའ་བ། གསའ་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་སྡོད་ཁུལ་ཞིག་ཡིན་ལ། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཀྱང་རེད། ཉེ་བའི་ཟླ་གཅིག་གི་རིང་པད་མ་དང་འདྲ་བའི་སྣོད་བཅུད་བདག་སྐྱོང་བ་80ཙམ་གྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱོབ་པའི་ཁྲོད་ཞུགས་ཏེ་གངས་སྐྱོན་ཁྲོད་དུ་མི་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཞི་མཐུན་མཉམ་གནས་ཀྱི་སྣོད་བཅུད་ཤེས་དཔལ་ལམ་བུ་ཞིག་བཤངས་ཡོད།
            ལམ་བར་གྱི་གངས་རིའི་གཤམ་དུ་འབྲོང་དང་ཤྭ་བ་མཆུ་དཀར་གྱིས་གཟན་ཆག་སྟེར་ས་ནས་གཟན་ཆག་ཟ་བའི་སྣང་ཚུལ་ཡང་སེ་མཐོང་རྒྱུ་འདུག མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གངས་སྐྱོན་ཐོན་རྗེས་ཞིང་ཆེན་སྲིད་གཞུང་གིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གི་ཆེད་དངུལ་སྒོར་ཁྲི་30བཏང་ནས་རྫ་ཆེན་ཤང་གི་གཞུང་ལམ་ལམ་རྒྱུད་དུ་གཟན་ཆག་སྟེར་ས་17བཙུགས་པ་དང་། སྤྱིའི་བར་ཐག་སྤྱི་ལེ་40ལྷག་ཟིན་ནས་ཉིན་ལྟར་གཟན་ཆག་ཏུན་5ཡས་མས་འཇོག་གི་ཡོད།
            ཡུལ་ཤུལ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཏེ་ཅུན་གྱིས་བྱ་སྤྱོད་མྱུར་པོ་སྤེལ་བ་དང་གེགས་སྐྱོབ་དུས་ཐོག་ཏུ་བྱས་པས། མི་སྣ་འཆི་རྨས་དང་སྲོག་ཆགས་ཀྱི་རིམས་ནད་ཆེན་པོ་ཐོན་མེད། གེགས་སེལ་གེགས་སྐྱོབ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གནོད་འཚེའི་གནས་ཚུལ་ཡང་ཚོད་འཛིན་ཐུབ་ཡོད་ཅེས་བཤད།
            པད་མའི་ཁྱིམ་གྱི་སྒོ་རར་འགྱིག་གི་མེ་ཏོག་རྐང་འགའ་ཤས་བཙུགས་ཡོད་པ་དེ་དག་དཀར་ཞིང་གཙང་བའི་གངས་ཁྲོད་དུ་དེ་བས་རྣམ་པར་བཀྲ། ཁོང་གིས་ས་མཐོར་གྲང་ངད་ཆེ་ཞིང་། ལོ་ཕྱེད་ཙམ་དགུན་དུས་ཡིན་ནའང་དཔྱིད་དུས་ཤར་ཚེ་གཙང་གསུམ་ཆུ་འགོར་གནས་པའི་ཚེ་སྲོག་ཚང་མ་ཤ་ཤེད་རབ་ཏུ་རྒྱས་ཀྱི་ཡོད་ཅེས་བཤད།
            “ཟླ་བ་འགའ་ཤས་སོང་རྗེས་ངས་ནོར་ལུག་རྣམས་དེད་དེ་རྩྭ་ཆུ་འཛོམས་པའི་དབྱར་དུས་འབྲོག་རར་སྐྱས་སྤོ་རྒྱུ་ཡིན”ཞེས་པད་མས་བཤད།
རྩོམ་སྒྲིག་པ། ཚེ་རིང་།