ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

འབུམ་རམས་པ་རིགས་གཅིག་མཁས་ཅན་གྱིས་དུས་རབས་གསར་པའི་བོད་སྐྱོར་གྱི་བསྟོད་གླུ་བརྩམས་པའི་སྐོར་བཀོད་པ།

སྤེལ་དུས 2019-04-16 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་འགྲོ།
          དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་། བོད་དང་ནང་སའི་དབར་གྱི་སྤེལ་རེས་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག ཕྱོགས་མང་བ་དང་རིམ་པ་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས“འབུམ་རམས་པའི་ཞབས་ཞུ་ཚོགས་པ”མངགས་གཏོང་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱས་རྗེས། འབུམ་རམས་པ་རིགས་གཅིག་མཁས་ཅན་ཁག་གཅིག་སྔ་རྗེས་སུ་བོད་དུ་བསྐྱོད་དེ་བྱང་ཆུབ་པའི་ཆེད་ལས་ལག་རྩལ་ལ་བརྟེན་ནས་བོད་ཀྱི་སྟོང་ཆ་མང་པོ་ཞིག་བསྐངས་པ་དང་འབྲེལ། སྔོན་ཐོན་གྱི་འདུ་ཤེས་བོད་དུ་བརྒྱུད་སྤྲོད་དང་རྩ་བ་ཚུགས་པར་སྐུལ་འདེད་བཏང་བས་བོད་ཀྱི་ལས་རིགས་ཁག་གི་མི་སྣའི་བསྔགས་བརྗོད་ཐོབ་ཡོད་ལ། མི་སེམས་འགུལ་བའི་དུས་རབས་ཀྱི་བོད་སྐྱོར་བསྟོད་གླུ་བརྩམས་ཡོད།
          རིག་སྟོབས་བོད་སྐྱོར་ལ་བརྟེན་ནས་སྟོང་ཆ་མང་དག་བསྐངས་པ།
          བྱིས་ནད་ཚན་ཁག་གི་གཤགས་བཅོས་བཅུ་ཕྲག་ཁ་ཤས་བྱས་ནས་ཕོ་ཤེལ་གྱི་གཤགས་བཅོས་ལོ་ན་གཉིས་མན་བར་དམའ་རུ་བཏང་སྟེ་ས་གནས་སྨན་ཁང་གི་རྨ་ཆུང་གཤགས་བཅོས་ཀྱི་སྟོང་ཆ་མང་པོ་བསྐངས་པ་སོགས་ནི་འབུམ་རམས་པ་ཞབས་ཞུ་ཚོགས་པའི་ཁོངས་མི་ཧྲང་ཧའེ་ཤིན་ཧྭ་སྨན་ཁང་གི་སྨན་པ་ཞུས་གོ་ཧྥེང་གིས་ཕུལ་བའི་སྨན་བཅོས་ལས་དོན་གྱི་གྲུབ་འབྲས་ཤིག་རེད།
          “དེ་སྔོན་ང་རང་མང་ཆེ་བ་ཧྲང་ཧའེ་རུ་སྡོད་ཀྱི་ཡོད། སྐབས་འགར་ཨ་རིར་འཚམས་འདྲི་དང་སློབ་སྦྱོང་སྤེལ་རེས་ལ་འགྲོ་བ་ལས་རྒྱལ་ནང་གི་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་འགྲོ་མྱོང་མེད” ཁོང་གིས“བསམ་ཡུལ་ལས་འདས་པ་ཞིག་ལ། དཀའ་ཚེགས་ཆེ་བའི་ས་ཁུལ་དུ་སྐྱོད་པའི་གོ་སྐབས་ཐེངས་དང་པོ་བྱུང་ནས་བོད་དུ་ཡོང་བ་ཡིན། བར་སྐབས་ཤིག་རིང་ད་དུང་རང་ཉིད་ས་བབ་མཐོ་བའི་ཁུལ་གྱི་ལས་ཀའི་ཁོར་ཡུག་འཕྲོད་ཨེ་ཡོང་སྙམ་པའི་སེམས་ཁྲལ་བྱུང”ཞེས་བརྗོད།
          ཐོག་མར་སེམས་ཁྲལ་བྱུང་རུང་། བོད་དུ་སླེབས་རྗེས། ཞུས་གོ་ཧྥེང་གིས་ནུས་ཤུགས་ཡོད་རྒུས་རང་གི་སྦྱངས་པའི་ཤེས་བྱར་བརྟེན་ནས་དོན་དངོས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཞིང་། ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་ཉི་མ་རྫོང་དུ་བརྟག་ཞིབ་བྱེད་སྐབས། རྫོང་སྨན་ཁང་གི་སྨན་དོན་མི་སྣར་སྨན་བཅོས་ལས་སྒོ་དེ་བས་མང་བ་སྤེལ་བའི་སྤྲོ་སེམས་ལྡན་པ་ཤེས་སྐབས་ཁོང་ལ་སེམས་འགུལ་ཚད་མེད་ཐེབས།
          འབུམ་རམས་པའི་ཚོགས་པ་དོ་དམ་ལས་གནས་སུ་ཡོངས་ཁྱབ་ཏུ་གནས་སྦྱར་བྱེད་མོད། འོན་ཀྱང་ཞུས་གོ་ཧྥེང་གིས་བོད་ཀྱི་སྨན་ཁང་མང་པོ་ཞིག་ལ་བྱིས་ནད་ཚན་ཁག་གི་ཆེད་ལས་མེད་པ་ཤེས་སྐབས་མ་སྐུལ་དང་བླངས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བྱིས་ནད་ཚན་ཁག་གི་གཤགས་བཅོས་བྱེད་པར་བསྐྱོད་པ་རེད། ལོ་གཅིག་གི་ཕྲུ་གུ་བུ་ཞིག་ལ་ཕོ་མཚན་གྱི་གཅིན་ཁ་མེད་པར་རྙོག་འཛིང་ཆེ་བའི་གཤགས་བཅོས་བྱས་པ་ལེགས་གྲུབ་བྱུང་བས་ཕྲུ་གུའི་ཕ་མ་དགའ་ཚོར་ཆེན་པོ་བྱུང་བ་དུས་ད་ལྟའང་བརྗེད་མེད་ཅིང་། ཁོང་གིས“དེ་ངའི་ངོས་ནས་བརྗོད་ན་སྤྱིར་བཏང་གི་གཤགས་བཅོས་ཤིག་རེད། ཡིན་ནའང་ཕྲུ་གུ་དེའི་ངོས་ནས་བརྗོད་ན་ཁོའི་མི་ཚེ་གཅིག་གི་ལས་དབང་ལ་འགྱུར་ལྡོག་བྱུང་ཡོད”ཅེས་བརྗོད།
          སྔོན་ཐོན་གྱི་འདུ་ཤེས་བོད་དུ་བརྒྱུད་སྤྲོད་དང་རྩ་བ་ཚུགས་པར་སྐུལ་འདེད་བཏང་བ།
          ཡུན་རིང་ཚུན་དུ། བོད་ཀྱི་ས་གནས་རང་གི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཀུང་སིས་སྤྱིར་ན་ངལ་ནུས་མི་སྣ་མངགས་གཏོང་སོགས་ཀྱི་ཞབས་ཞུ་གཙོ་བོར་བྱེད་ཀྱི་ཡོད་པས་ཁེ་ལས་དང་རིམ་པ་མཐོ་འབྲིང་གི་ཤེས་ལྡན་མི་སྣའི་དབར་གྱི“མཚམས་སྦྱོར”འཇོན་ཐང་ཆེན་པོ་མེད། འབུམ་རམས་པ་ཚོགས་པའི་ཁོངས་མི་བོད་ལྗོངས་མི་སྤྱི་ཐིང་གི་ཐིང་ཀྲང་གི་ལས་རོགས་ཁྲེང་ཤན་ཝུན་གྱིས“ང་རང་བོད་དུ་སླེབས་མ་ཐག་པའི་དུས་སུ། བོད་ཀྱི་མི་ཤུགས་ཐོན་ཁུངས་ཀུང་སིས་སྔ་བར་ཕྱི་གསུམ་དུ་རིམ་པ་དམའ་བའི་ལས་མི་མངགས་གཏོང་བྱེད་ཀྱི་འདུག ནང་སའི་ལས་ཞུགས་ཁྲོམ་རར་དར་ཁྱབ་ཆེ་བའི‘ཤེས་ལྡན་པ་འགུག་ཐབས’བོད་ལ་ཧ་ལམ་མཐོང་རྒྱུ་མི་འདུག”ཅེས་བརྗོད།
          ཁྲེང་ཤན་ཝུན་གྱིས་ས་མཐོའི་ཆེད་ལས་ཤེས་ལྡན་མི་སྣའི་ཐོན་ཁུངས་ཞབས་ཞུའི་ཀུང་སི་སྐྱེད་སྲིང་བྱས་ནས་ཤེས་ལྡན་མི་སྣའི་ཐོན་ཁུངས་གྲངས་གཞིའི་མཛོད་བཙུགས་ཏེ་ཁེ་ལས་ཀྱི་མི་སྤྱོད་དང་རིམ་པ་མཐོ་འབྲིང་གི་ཤེས་ལྡན་མི་སྣ་ལས་འཚོལ་གྱི་ཕྱོགས་གཉིས་འཚམ་མཐུན་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་བཏོན་ཅིང་། ཁོང་གི་སྐུལ་འདེད་འོག་ཧྲང་ཧའེ་དང་པེ་ཅིང་སོགས་ཀྱི་རིགས་གཅིག་མཁས་ཅན་གྱིས་བོད་ཀྱི་ཁེ་ལས་བརྒྱ་ལྷག་ཙམ་ལ་ཆེད་ལས་ཅན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་གསོ་སྦྱོང་བྱས་ཡོད། “བོད་དུ་སྲིད་གཞུང་གིས་གཙོ་ཁྲིད་བྱས་པའི་ཐོན་ལས་མ་འཇོག་ཚོགས་པ་ཀུང་སི་བཅུ་གྲངས་ཁ་ཤས་བཙུགས་ཡོད། ལས་རིགས་བདག་གཉེར་དོ་དམ་བྱེད་མཁན་འགའ་ཞིག་གིས་ཁྲོམ་ར་ཅན་གྱི་དྲག་འདེམས་གདན་ཞུར་རྟེན་དགོས་པས‘ཤེས་ལྡན་པ་འགུག་ཐབས’སྤྱོད་པའི་དུས་སུ་སླེབས་ཡོད”ཅེས་ཁྲེང་ཤན་ཝུན་གྱིས་བརྗོད།
          “ཁྲེང་ཤན་ཝུན་གྱིས་ནང་སའི་སྔོན་ཐོན་ལས་ཞུགས་ཀྱི་འདུ་ཤེས་བོད་དུ་བརྒྱུད་སྤྲོད་བྱེད་པར་སྐུལ་འདེད་བཏང་ཞིང་། ཁོང་གི་སྐུལ་འདེད་འོག་བོད་ཀྱིས་དམངས་གཉེར་མི་ཞུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི་མང་དག་ཅིག་འཛུགས་པའི་ཆོག་མཆན་སྤྲད་ཡོད་པས་ཁེ་ལས་ཀྱིས་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་ལ་རོགས་རམ་ནུས་ལྡན་ཐུབ་པ་དང་བོད་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་རགས་ལས་རྣམ་པ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཡོད”ཅེས་བོད་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་ར་དོ་དམ་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་ཕུར་བུ་ཚེ་རིང་གིས་བརྗོད།
          འབུམ་རམས་པ་རིགས་གཅིག་མཁས་ཅན་གྱི་དམངས་ལ་བཅངས་པའི་བརྩེ་སེམས།
          བོད་དུ་སླེབས་པའི་ཉིན་གསུམ་པར། འབུམ་རམས་པ་ཚོགས་པའི་ཁོངས་མི་ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་དང་འཐབ་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཝུའུ་ཚུང་ལ་ལ་དུག་ཕོག་པའི་རྐྱེན་གྱིས་སྨན་ཁང་དུ་སྐྱེལ་དགོས་བྱུང་ནས་ཆུ་ཚོད་གཅིག་ལྷག་ཙམ་ནད་ཁྲིའི་ཐོག་འགུལ་སྐྱོད་མ་ཐུབ་པར་ལུས། དུས་དེ་ནས་བཟུང་། ཝུའུ་ཚུང་ལ་གང་དུ་སོང་ཡང་སྙིང་སྨན་ཁྱེར་བའི་གོམས་གཤིས་འཇགས་ཡོད།
          ཝུའུ་ཚུང་གིས་གཟུགས་པོ་མི་འཕྲོད་ཀྱང་ཕྱིར་བཤོལ་མ་བྱས་པར་དེ་ལས་ལྡོག་སྟེ་དུས་ཚོད་དམ་འཛིན་གྱིས་བོད་ལ་ལེགས་སྐྱེས་འབུལ་བའི་སེམས་ཤུགས་ཆེ་རུ་ཕྱིན་ཞིང་། བོད་དུ་སྡོད་རིང་། ཝུའུ་ཚུང་གིས་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དུ་བརྟག་ཞིབ་བྱེད་པར་བསྐྱོད་ནས་གཞི་རིམ་ཞིང་འབྲོག་ཁུལ་གྱི་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཡིག་འབྲུ་ཁྲི་15ཟིན་པའི《བོད་ལྗོངས་ཀུན་ཕན་དངུལ་རྩའི་རིགས་གཞུང་དང་ལག་ལེན》བྲིས་ཡོད། ཁོང་གི་སྐུལ་འདེད་འོག་བོད་ལྗོངས་སློབ་ཆེན་དང་ཀྲུང་གོ་མི་དམངས་སློབ་ཆེན་དབར་གྲོས་མཐུན་བྱུང་ནས་དེ་སྔའི་དུས་དེབ་གྲངས་གཞིའི་མཛོད་དང་དེབ་རིགས་པར་གཞིའི་ཐོན་ཁུངས་148མཉམ་སྤྱོད་ཐུབ་ཡོད།
          འབུམ་རམས་པ་ཚོགས་པའི་ཁོངས་མི་རྩ་འཛུགས་པུའུ་རུ་གནས་སྦྱར་བྱས་པའི་ལུའུ་མིང་ཧའེ་ཡིས་ལོ་གཅིག་ལ་བོད་ཀྱི་ས་གནས་དང་གྲོང་ཁྱེར་བདུན་གྱི་རྫོང་50རུ་བསྐྱོད་ཡོད། ཞབས་ཞུའི་དུས་ཡུན་ཐིམས་ཏེ་བོད་ནས་ཁ་མ་གྱེས་གོང་ཁོང་གིས་ད་དུང་མཐའ་མའི་ཉིན་ཁ་ཤས་ཀྱི་དུས་ཚོད་དམ་འཛིན་བྱས་ཏེ་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་ནག་ཆུར་བསྐྱོད་ནས་གཞི་རིམ་ཏང་ཡོན་གྱི་ཆ་སྒྲིག་རོགས་སྐྱོར་དང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་གནས་ཚུལ་ཤེས་རྟོགས་བྱས་ཡོད། སྤེལ་འགོ་ཚུགས་པའི་ལས་དོན་མུ་མཐུད་སྤེལ་ཆེད། ཀྲོའུ་ཧྥེང་གིས་ཞབས་ཞུའི་དུས་ཡུན་ཐིམས་རྗེས་མུ་མཐུད་ལོ་གཅིག་སྡོད་རྒྱུའི་རེ་བ་ཞུས་ཤིང་། ཁོང་གིས“ཁྱིམ་དུ་ཡོད་པའི་ཕྲུ་གུ་ད་དུང་ལོ་ཆུང་བས་དངོས་གནས་དཀའ་ངལ་འདུག ཡིན་ནའང་འཕེལ་རྒྱས་བལྟོས་བཅས་རྗེས་སུ་ལུས་པའི་བོད་དུ་ང་ཚོས་ཆེད་ལས་ཀྱི་ནུས་པ་དེ་བས་འདོན་སྤེལ་བྱས་ནས་ལེགས་སྐྱེས་འབུལ་ཐུབ་ལ་མི་ཚེའི་རིན་ཐང་ཡང་དེ་བས་མངོན་ཐུབ”ཅེས་བརྗོད།
རྩོམ་སྒྲིག་པ། རྡོ་རྗེ།