ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

2019ལོའི་ཐེན་ཅིན་གྱི་ཟླ་མཆོད་དུས་ཆེན་གྱི་དབུལ་སྐྱོར་བཀྲམ་འཚོང་ཚོང་འདུས་ཚ་ཚ་འུར་འུར་ངང་འཚོགས་པ།

སྤེལ་དུས 2019-09-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
    ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  འཇམ་རླུང་དང་ཆར་བ་སིམ་སིམ་གྱིས་སྟོན་ཁའི་ཉི་འོད་བསུས་ཤིང་། ཟླ་མཆོད་དུས་ཆེན་གྱི་གུང་གསེང་སླེབས་པ་དང་བསྟུན་ནས། ཟླ9པའི་ཚེས13ཉིན་ནས་ཚེས15ཉིན་བར། དུས་ཡུན་ཉིན་གསུམ་གྱི2019ལོའི་ཐེན་ཅིན་གྲོང་ཁྱེར་གྱི་ཟླ་མཆོད་དུས་ཆེན་གྱི་འཛད་སྤྱོད་དབུལ་སྐྱོར་བཀྲམ་འཚོང་ཚོང་འདུས་དེ་ཐེན་ཅིན་གྲོང་ཁྱེར་གྱི་བཟོ་པ་རིག་གནས་ཕོ་བྲང་གཉིས་པའི་ནང་དུ་འཚོགས་པ་རེད།

    འདི་ནི་བཀྲམ་འཚོང་ཚོང་འདུས་ཀྱི་ཡུལ་དངོས་རེད།
    གསར་འགོད་པས་བཀྲམ་འཚོང་ཚོང་འདུས་ཀྱི་ཡུལ་དངོས་ནས་ཀན་སུའུ་དང་། བོད་ལྗོངས་ཆབ་མདོ། མཚོ་སྔོན་རྨ་ལྷོ། ཤིན་ཅང་ཧོ་ཐན་སོགས་ཀྱི་ས་ཆ་ནས་ཡོང་བའི་འགྲེམས་སྟེགས་བརྒྱ་ལྷག་ཙམ་གྱིས་ཐེན་ཅིན་གྱི་གྲོང་མིར་ཧ་ཅང་ཁྱད་ཆོས་ལྡན་པའི“ནུབ་རྒྱུད་ཀྱི་ཡུལ་སྲོལ་གོམས་གཤིས”འཁྱེར་ཡོང་བ་མཐོང་བྱུང་། 
འདི་ནི་བཀྲམ་འཚོང་ཚོང་འདུས་ཀྱི་ཡུལ་དངོས་རེད།

   འདི་ནི་བཀྲམ་འཚོང་ཚོང་འདུས་ཀྱི་ཡུལ་དངོས་རེད།
    གྲོང་མི་སྐུ་ཞབས་དབྱང་ལགས་ཀྱིས་གསར་འགོད་པར་བཤད་རྒྱུར། “གྲོང་ཁྱེར་གྱི་ཕོ་བྲང་གཉིས་པའི་ནང་དུ་དབུལ་སྐྱོར་འཛད་སྤྱོད་བཀྲམ་འཚོང་ཚོང་འདུས་སྤེལ་བཞིན་ཡོད་པ་གོ་ཐོས་བྱུང་སྟེ། གུང་གསེང་དང་བསྟུན་ནས་ཁྱིམ་མི་དང་མཉམ་དུ་ལྟ་རུ་ཡོང་བ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་བོད་ལྗོངས་ནས་ཉོ་ཐུབ་མ་བྱུང་བའི་ཁྱད་ཐོན་དངོས་རྫས་ཁྱིམ་སྒོའི་འགྲམ་ནས་ཉོ་ཐུབ་སོང་བས་ཧ་ཅང་དགའ་པོ་བྱུང”ཞེས་བཤད། 
འདི་ནི་བཀྲམ་འཚོང་ཚོང་འདུས་ཀྱི་ཡུལ་དངོས་རེད།
    ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ བཀྲམ་འཚོང་ཚོང་འདུས་ཀྱིས་ཐེན་ཅིན་གྱི་ཚོང་ར་གང་ལེགས་སྒོས་བེད་སྤྱད་དེ“ཉོ་བས་ཞལ་འདེབས་ཀྱི་ཚབ་བྱེད”པའི་འཛད་སྤྱོད་ཀྱི་དབུལ་སྐྱོར་རྣམ་པ་འཚོལ་ཞིབ་བྱས་ཏེ། རོགས་སྐྱོར་ཐོབ་གནས་ཀྱི་མང་ཚོགས་ཀྱི“ཡོང་སྒོ”ཇེ་མང་དུ་གཏོང་བའི་དུས་མཚུངས་སུ། ཐེན་ཅིན་གྲོང་མིའི“སྔོ་ཚལ”སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རོགས་སྐྱོར་ཐོབ་གནས་ས་ཁུལ་གྱི་ཁྱད་ཐོན་དངོས་རྫས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་མཐོ་དང་རྒྱ་ཆེར་བཏང་ཡོད།  

འདི་ནི་བཀྲམ་འཚོང་ཚོང་འདུས་ཀྱི་ཡུལ་དངོས་རེད།

    འདི་ནི་བཀྲམ་འཚོང་ཚོང་འདུས་ཀྱི་ཡུལ་དངོས་རེད།
   གསར་འགོད་པས་ད་རུང་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། འགྲེམས་ཚོང་དུ་ཞུགས་པའི་ཚོང་པའི་བར་དུའང“དངོས་ཟོག་བརྗེ་རེས”ཀྱི་རྣམ་པས་རང་གིས་འཁྱེར་ཡོང་བའི་ཚོང་ཟོག་ཕན་ཚུན་བརྗེ་རེས་བྱས་ཏེ་ཕན་ཚུན་གྱི་དངོས་པོ་ཕྱིར་འཚོང་བྱེད་རོགས་བྱས་ནས་རྗེས་ཕྱོགས་མཉམ་ལས་དང་སྤེལ་རེས་ཀྱི་གོ་སྐབས་མང་པོ་ཡོད་པར་རེ་བ་བྱེད།

       འདི་ནི་བཀྲམ་འཚོང་ཚོང་འདུས་ཀྱི་ཡུལ་དངོས་རེད།

       འདི་ནི་བཀྲམ་འཚོང་ཚོང་འདུས་ཀྱི་ཡུལ་དངོས་རེད།

       འདི་ནི་འགྲེམས་ཚོང་འདུ་ཚོགས་ཀྱི་ཡུལ་དངོས་རེད།

        འདི་ནི་བཀྲམ་འཚོང་ཚོང་འདུས་ཀྱི་ཡུལ་དངོས་རེད།
    བོད་ལྗོངས་ཆབ་མདོའི་དབུལ་སྐྱོར་བཀྲམ་འཚོང་ཚོང་འདུས་ཁུལ་དུ་པིན་ཧའེ་ཡི་ཁ་གཏད་རོགས་སྐྱོར་ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་བོད་སྐྱོར་ལས་བྱེད་པས་བཤད་རྒྱུར།“ད་ཐེངས་ཀྱི་བཀྲམ་འཚོང་ཚོང་འདུས་ཀྱིས་ས་གནས་སོ་སོར་མཉམ་ལས་དང་སྤེལ་རེས་ཀྱི་ལས་སྟེགས་ཡག་པོ་ཞིག་བཟོས་ཡོད་ཅིང་། བོད་ལྗོངས་ནས་ཕེབས་པའི་ཕྱིར་ཚོང་མི་སྣས་ཀྱང་ལག་ལེན་གྱི་ཁྲོད་ནས་ཚོང་གཉེར་ཆེད་ལས་ཀྱི་ཤེས་བྱ་མང་པོ་སློབ་སྦྱོང་བྱས་ཐུབ་པ་དང་། མ་འོངས་པར་ས་གནས་དེ་གའི་ཁྱད་ཆོས་ལྡན་པ་དང་དུས་མཚུངས་སུ་མི་སེར་གྱི་འཚོ་བ་དང་དེ་བས་ཐག་ཉེ་བའི་ཐོན་རྫས་སྣ་ཚོགས་བཟོས་ཏེ། བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ལ་ཚོང་ར་དེ་བས་ཆེ་བ་ཞིག་གསར་གཏོད་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།
རྩོམ་སྒྲིག་པ།སྣང་རྡོར།