ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཐེན་ཅིན་གྱི་བོད་སྐྱོར་ལས་དོན་རུ་ཁག་པེ་ཅིང་དུ་བསྐྱོད་ནས་འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།

སྤེལ་དུས 2019-09-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
    ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ཅིན་ཁྲང་རིག་གནས་སྤེལ་རེས་ཀྱི་ཟླ་བའི”རིང་ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་དགུ་པ་ཅིང་ཏུང་ཚོགས་པའི་སྤྱི་ཁྱབ་པུའུ་དང་པེ་ཅིང་ཤིན་ཧྥ་ཁུལ་སྡེབ་ཚོང་ཚོང་རར་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་འབྲེལ་ཆབ་མདོའི་ཁྱད་ལྡན་ཐོན་རྫས་ཀྱི་འཛད་སྤྱོད་དབུལ་སྐྱོར་ལས་དོན་སྐུལ་འདེད་གཏོང་རྒྱུ་དེ་ཁེ་ལས་གཉིས་པོའི་འབྲེལ་ཡོད་འགན་འཁུར་མི་སྣ་དང་བསམ་ཚུལ་སྤེལ་རེས་དང་སྦྲེལ་མཐུད་བྱས་པ་རེད། 
    ཅིང་ཏུང་སྤྱི་པའི་ལས་དོན་པུའུ་ཡི་འགན་འཁུར་པས་བོད་སྐྱོར་ལས་དོན་རུ་ཁག་སྣེ་ཁྲིད་དེ་ཅིང་ཏུང་རིག་ནུས་འཕྲུལ་མི་དང་། མི་མེད་སྒོ་རྩིས་ཚོང་ཁང་། མི་མེད་ཟ་ཁང་སོགས་གཙོ་གནད་རྣམ་གྲངས་ལ་ལྟ་སྐོར་བྱས་ཤིང་། ལས་དོན་རུ་ཁག་གིས་ཅིང་ཏུང་གི་ཉེ་བའི་ལོ་ཤས་རིང་གི་ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཕྱོགས་གཉིས་པོའི་ཟོང་འགྲུལ་སྐྱེལ་འདྲེན་འཆར་འགོད་དང་། མཛོད་ཁང་ཁག་བགོས་ཀྱི་འཛུགས་སྐྲུན་ལྟེ་གནས། ཅིང་ཏུང་དབུལ་སྐྱོར་ཁྱད་ཐོན་དངོས་རྫས་ཁང་ཚོང་རར་ཞུགས་ཆོག་པའི་ཚད་གཞི་སོགས་ཀྱི་གྲོས་གཞིར་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད། ཅིང་ཏུང་ཚོང་གྲོང་དུ་ཆབ་མདོའི་འཛད་སྤྱོད་དབུལ་སྐྱོར་ཁང་བརྒྱུད་དེ་ནས་དང་། ཚགས་ཤ། རྔ་པའི་ལུག་དང་། བེ་ཤ  ཐང་ག་སོགས་བོད་ཤར་རྒྱུད་ཀྱི་ཁྱད་ལྡན་ཐོན་རྫས་དྲ་ཐོག་གི་ལས་སྟེགས་བརྒྱུད་དེ་ཁྲོམ་རའི་བར་མཐོངས་དེ་བས་ཆེ་བ་ཁ་ཕྱེ་རྒྱུའི་འཆར་གཞི་བཙུགས། མིག་སྔར་ཅིང་ཏུང་ཀུང་སིས་ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་ལས་རིགས་སློབ་གླིང་མཐོ་འབྲིང་གཉིས་དང་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་ནས་གློག་རྡུལ་ཚོང་དོན་སོགས་གསར་གཏོད་གཉིས་ཀྱི་གསོ་སྦྱོང་རྩ་འཛུགས་བྱས་ཏེ་བོད་ལྗོངས་ཀྱི་ས་ཁུལ་ཁག་གཅིག་དང་ཞིང་ལས་གློག་རྡུལ་ཚོང་དོན་རོགས་སྐྱོར་གྱི་མཉམ་ལས་བྱས་པ་རེད། 

    འདི་ནི་ཐེན་ཅིན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཅིང་ཏུང་སྤྱི་ཁྱབ་པུའུ་རིག་ནུས་ཁང་དུ་ལྟ་སྐོར་བྱེད་པའི་རྣམ་པ་རེད། 
    པེ་ཅིང་ཤིན་ཧྥ་ཁུལ་གྱི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཚོང་རར་ལས་དོན་རུ་ཁག་གིས་ཤིན་ཧྥ་ཁུལ་ཁྲོམ་རའི་རྒྱལ་ཡོངས་ཀྱི་གྲགས་ཅན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་འགྲེམས་ཚོགས་ལྟེ་གནས་དང་། སྔོ་ཚལ་ཉོ་ཚོང་ཁུལ། ཤ་རིགས་ཉོ་ཚོང་ཚོམས་ཆེན་བཅས་ཀྱི་འཕེལ་རྒྱས་དང་ད་ལྟའི་གནས་ཚུལ་ལ་ལྟ་སྐོར་དང་རྒྱུས་ལོན་བྱས་པ་རེད། 
    ཤིན་ཧྥ་ཁུལ་གྱི་དབུལ་སྐྱོར་ཁང་དུ་ཕྱོགས་གཉིས་པོས་བོད་ལྗོངས་ཀྱི་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་གི་སྣ་ཁ་དང་ཟོང་འགྲུལ་སྐྱེལ་འདྲེན་གྱི་ཐབས་ལམ་ཐད་བསམ་ཚུལ་སྤེལ་རེས་ཞིབ་ཕྲ་བྱས་ཤིང་། ཤིན་ཧྥ་ཁུལ་ཚོང་རའི་ལས་སྟེགས་ཀྱི་ལེགས་ཆར་བརྟེན་ནས་དབུལ་སྐྱོར་ཁང་གིས་ཆབ་མདོའི་ཁྱད་ལྡན་ཐོན་རྫས་ལ་ཡུན་རིང་གི་འགྲེམས་སྟོན་དང་ཕྱིར་ཚོང་གི་སྐར་ཁུང་མཁོ་འདོན་བྱེད་པ་དང་འབྲེལ་ཤིན་ཧྥ་ཁུལ་གསར་པའི་ཀུང་སིའི་འགན་འཁུར་བློ་མཐུན་ཆབ་མདོར་རྟོག་ཞིབ་བྱེད་པར་གདན་འདྲེན་བྱས་ཏེ། མ་འཇོག་གཉེར་སྐྱོང་གི་ཞིང་ལས་ཐོན་རྫས་རྟེན་གཞི་དང་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་ར་སོགས་ཀྱི་ཐད་མཉམ་ལས་བྱེད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད། 

    འདི་ནི་པེ་ཅིང་གྲོང་ཁྱེར་གྱི་ཤིན་ཧྥ་ཁུལ་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་ཟུར་ཞིག་རེད།

    འདི་ནི་པེ་ཅིང་གྲོང་ཁྱེར་ཤིན་ཧྥ་ཁུལ་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་དབུལ་སྐྱོར་ཁང་གི་ཚོང་སྒྲོམ་ནང་གི་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཁག་གཅིག་རེད།
   ཐེངས་འདིའི་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས་བྱས་པར་བརྒྱུད། ཆབ་མདོ་དང་ཅིང་ཏུང་ཚོགས་པ་དང་ཤིན་ཧྥ་ཁུལ་ཁྲོམ་རའི་དབར་ཐད་ཀའི་ཐབས་ལམ་བཙུགས་པར་མ་ཟད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྒྱལ་ཁབ་འཐབ་ཇུས་ལ་བརྟེན་ནས་ཐོན་ལས་ཀྱིས་བོད་སྐྱོར་ལ་ཤུགས་སྣོན་རྒྱག་པའི་ཐབས་ལམ་གསར་པའང་འཚོལ་ཞིབ་བྱས་པ་རེད།
རྩོམ་སྒྲིག་པ།སྣང་རྡོར།