དྲོ་སོབ་སོབ་ཀྱི་དགུན་ཁ་ཞིག
སྤེལ་དུས 2019-11-25
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི་དམར་རོང་ཤང་སློབ་ཆུང་གི་སློབ་མ་ཚོས་གཅེས་སེམས་མཚོན་པའི་ཐུམ་སྒྲིལ་བླངས་རྗེས་དྲན་རྟེན་པར་རྒྱག་བཞིན་པ།
2017ལོར། ཧྲང་ཧའེ་ཡི་ལི་ཤིན་རྩིས་གཉེར་དངུལ་རྩ་སློབ་གླིང་གི་རྩིས་གཉེར་སློབ་གླིང་དང་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དམར་རོང་ཤང་སློབ་ཆུང་དབར་མཛའ་གྲོགས་ཀྱི་འབྲེལ་བ་བཙུགས་རྗེས། ཕྱོགས་གཉིས་པོས་འབྲེལ་གཏུག་སྤེལ་རེས་ཐད་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ཡོད། ཉེ་ཆར། རྩིས་གཉེར་སློབ་གླིང་གིས་གསར་གཏོད་རྣམ་པའི་ཐོག་ནས“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཞིང་། ཏང་ཡོན་གྱི“འདུན་པ་ཆུང་ཆུང”སྒྲུབ་ལེན་བྱེད་སྒོ་ཞེས་པ་ལས་སྟེགས་སུ་བརྩིས་ཏེ། མ་དངུལ་གྲབས་གསོག་གིས་དམར་རོང་ཤང་སློབ་ཆུང་གི་སློབ་མར་གྱོན་ཆས་སོགས་སྤྲད་ནས་ཕྲུ་གུ་ཚོར་དྲོ་སོབ་སོབ་ཀྱི་དགུན་ཁ་ཞིག་སྐྱེལ་རྒྱུ་ཡོང་བ་བྱས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།