དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

བོད་ཀྱི་དངུལ་ཁང་ལས་རིགས་ཀྱིས་བོད་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གནད་སྨིན་སྐུལ་འདེད་བཏང་བ།

སྤེལ་དུས 2020-05-07 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           བོད་ཀྱི་དངུལ་ཁང་ལས་རིགས་ཀྱིས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གནད་སྨིན་སྐུལ་འདེད་བཏང་ཞིང་། ཟླ་4ཚེས་15ཉིན་བར་དུ། བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་རིམ་རྩིས་བརྒྱབ་ན་ཁེ་ལས་ཕྲན་ཚེགས་ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་22.75བཏང་བ་དེས་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་ཁེ་ལས་ཕྲན་ཚེགས་ལ་དངུལ་བུན་བཏང་བའི་བསྡོམས་འབོར་གྱི་34.49%བཟུང་ཡོད་པ་རེད།
           ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས། ང་ཚོས་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་སློབ་སྟོན་ལམ་ལུགས་བཙུགས་ནས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས“ཐོགས་མེད་བགྲོད་ལམ”གཏོད་པར་སྐུལ་འདེད་གཏོང་བ་དང་། དྲ་ཐོག་དང་དྲ་ཕྱིའི་མ་དངུལ་མཉམ་འདྲེས་ཐོན་རྫས་སྡེབ་སྒྲིག་ལེགས་སུ་གཏོང་བ། ཧེ་བག་ཅན་གྱིས་དཀའ་ངལ་སེལ་ཐབས་ལག་བསྟར་བཅས་བྱས་ནས། ཁེ་ལས་ཁག་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་དགོས་མཁོ་བསྐངས་ཡོད་ཅེས་བཤད།
           ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྔོ་ལྗང་ས་གཞིའི་ཞིང་ལས་ཐོན་རྫས་ཕྱིར་ཚོང་ཀུང་སིར་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཞིང་འབྲེལ་ཐོན་ལས་ཀྱི་དབུལ་སྐྱོར་རྒྱུན་འཁོར་དངུལ་བུན་སྒོར་ཁྲི་3000རག་རྗེས། སྲིད་འཛིན་གྲོང་ཚོ་36ཏུ་སྔོ་ཚལ་ཚོང་ཁང་བཙུགས་པར་ཉིན་རེར་སྔོ་ཚལ་རྒྱ་མ་ཁྲི་10ལྷག་ཙམ་འཚོང་ཐུབ་ཀྱི་ཡོད་པ་རེད། ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་བློ་བཟང་ཚེ་རིང་གིས“མ་དངུལ་འདི་ང་ཚོར་མཚོན་ན་དུས་ཐོག་གི་ཆར་པ་ལྟ་བུ་རེད། ནུས་ཆེའི་ཐོགས་མེད་བགྲོད་ལམ་ཞབས་འདེགས་བརྒྱུད་གཟིགས་སྐྱོང་ཆེ་ཤོས་ཀྱི་བུན་སྐྱེད་ལོངས་སུ་སྤྱོད་ཐུབ་བྱུང”ཞེས་བཤད།
           དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཁག་གིས་ཐོན་སྐྱེད་གཉེར་སྐྱོང་ལ་རོགས་རམ་བྱས་པ་ཕུད། ད་དུང་བོད་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་ཀྱང“དངུལ་ཁང་དང་ཁྲལ་དོན་མཉམ་འགུལ”བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་མགྱོགས་སུ་བཏང་བ་རེད། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་ཡིད་རྟོན་རིམ་པ་རྒྱ་ཆེར་བཏང་ཐོག་ཆ་རྐྱེན་འཛོམས་པའི་ཁྲལ་འཇལ་མཁན་དུད་ཚང་16844ནས་39505བར་མང་དུ་བཏང་ནས། “བོད་ཀྱི་ཁེ་ལས་དང་ཁྲལ་དོན་དང་དངུལ་ཁང་བཅས་ཀྱི་ཕྱོགས་བསྡུས་རིག་ནུས་ཞབས་ཞུའི་ལས་སྟེགས”འཛུགས་པ་དང་། “དངུལ་ཁང་དང་ཁྲལ་དོན་མཉམ་འགུལ”གྱི་གྲངས་གཞིར་ཕྱོགས་གཉིས་ནས་སྟངས་འཛིན་བྱས་ནས། ཐུག་འཕྲད་བྱེད་མི་དགོས་པར་ཁྲལ་བསྡུའི་ཡིད་རྟོན་དངུལ་བུན་བླངས་ཡོད། མིག་སྔར་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་མཉམ་དུ“སྤྲིན་ཚོམ་ཁྲལ་དོན་དངུལ་བུན”དང“ཁྲལ་བསྡུའི་དངུལ་བུན་e”སོགས་དྲ་ཐོག་དངུལ་རྩའི་ཞབས་ཞུའི་ཐོན་རྫས་རིགས་གཉིས་བཏོན་ཡོད་པ་རེད།