དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཀོང་ཏུང་གིས་ཉིང་ཁྲིར་ཁ་གཏད་རོགས་སྐྱོར་བྱས་པའི་རྣམ་གྲངས་26གཅིག་སྡུད་ལས་འགོ་ཚུགས་པ།

སྤེལ་དུས 2020-06-23 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀོང་ཏུང་ཞིང་ཆེན་གྱིས་ཉིང་ཁྲིར་ཁ་གཏད་རོགས་སྐྱོར་བྱས་པའི་རྣམ་གྲངས་169ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་23.4བཏང་བ་དེས་རྒྱལ་ཡོངས་ཀྱི་བོད་སྐྱོར་མ་དངུལ་གྱི་11%བཟུང་བ།
          ཉེ་དུས་གསར་འགོད་པར་ཀོང་ཏུང་ཞིང་ཆེན་གྱིས་ཉིང་ཁྲིར་ཁ་གཏད་རོགས་སྐྱོར་བྱས་པའི་2020ལོའི་དུས་ཚིགས་གཉིས་པའི་རྣམ་གྲངས་གཅིག་སྡུད་ལས་འགོ་ཚུགས་པའི་མཛད་སྒོ་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་གཉིས་པར་གཅིག་སྡུད་ལས་འགོ་འཛུགས་རྒྱུའི་རྣམ་གྲངས་26གི་གྲས་སུ་འཆར་གཞིའི་རྣམ་གྲངས་20དང་འཆར་གཞིའི་ནང་མ་ཚུད་པའི་རྣམ་གྲངས་6ཡོད་པར་ཁྱོན་མ་དངུལ་སྒོར་ཁྲི་30221བཏང་བ་དེ་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། རིག་གནས་ཡུལ་སྐོར། ཞིང་འབྲོག་ལས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་དང་། སྔོན་དཔག་བྱས་ན། ཞིང་འབྲོག་པ་650ལྷག་ཙམ་ལས་ཞུགས་གཞན་སྒྱུར་ཐུབ་རྒྱུ་དང་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་470ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།
          ཉེ་བའི་ལོ་ཤས་རིང་། ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས“དམངས་འཚོའི་བོད་སྐྱོར་སྣེ་འདྲེན་དུ་བྱེད་རྒྱུ་དང་། ཐོན་ལས་བོད་སྐྱོར་དང་རིག་སྟོབས་བོད་སྐྱོར་བྱེད་ཐབས་གཉིས་སུ་བྱེད་པའི”བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་མཐའ་འཁྱོངས་ཀྱིས་རོགས་སྐྱོར་བྱ་ཡུལ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀོང་ཏུང་ཞིང་ཆེན་གྱིས་ཉིང་ཁྲིར་གཏད་རོགས་སྐྱོར་བྱས་པའི་རྣམ་གྲངས་169ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་23.4བཏང་བ་དེས་རྒྱལ་ཡོངས་ཀྱི་བོད་སྐྱོར་མ་དངུལ་གྱི་11%བཟུང་ནས་དམངས་སེམས་ལ་ཟུག་པའི་སྤུས་ལེགས་རྣམ་གྲངས་འབོར་ཆེན་བཏོད་ཡོད།
          ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་རུ་ཁག་ཁག་དགུ་པ་བོད་དུ་སླེབས་ཚུན། ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གཏིང་ཟབ་སྤེལ་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ལྔ་ལྡན་ཉིང་ཁྲི”འཛུགས་སྐྲུན་ལ་དམ་པོར་དམིགས་ནས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་ཨང་དང་པོར་བརྩིས་ཡོད། 2019ལོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.02བཏང་བའི་རྣམ་གྲངས་56ཚང་མ་བསྐྲུན་ཟིན་པ་དང་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཐུབ་ཚད་100%ཟིན་པ། 2016ལོ་ནས་2019ལོ་བར“ལོ་ལྔ་ཚན་བཅུ་གསུམ་པའི”བོད་སྐྱོར་འཆར་གཞིའི་མ་དངུལ་བསྡོམས་འབོར་གྱི་77%ལེགས་གྲུབ་ཟིན་ཡོད། 2020ལོར་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཉིང་ཁྲིའི་འཆར་གཞིའི་ནང་གི་རྣམ་གྲངས་51ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.43བཏང་ཡོད། ཟླ་5པའི་ཟླ་མཇུག་བར་རྣམ་གྲངས་5བསྐྲུན་ཟིན་པ་དང་རྣམ་གྲངས་30ལས་འགོ་བཙུགས་པར་ཁྱོན་མ་དངུལ་སྒོར་ཁྲི་15089བཏང་བ་དེས་འཆར་གཞིའི་མ་དངུལ་བསྡོམས་འབོར་གྱི་28%བཟུང་ཡོད། འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་34ལ་ཁྱོན་མ་དངུལ་སྒོར་ཁྲི་20510བཏང་བ་དང་། རྣམ་གྲངས་1བསྐྲུན་ཟིན་པ་དང་རྣམ་གྲངས་23ལས་འགོ་བཙུགས་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་4891བཏང་ཡོད་པ་རེད།