དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

བོད་ལྗོངས་ཀྱི་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་གང་ལེགས་ཐོབ་རྒྱུ།

སྤེལ་དུས 2020-07-31 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ།
          ཉེ་དུས།  རྒྱལ་ཡོངས་སྨན་བཅོས་ཤེས་ལྡན་པའི་སྤྱི་ལོ2020ལོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་རིམ་གསུམ་སྨན་ཁང་ནས།  བོད་ལྗོངས་དབུལ་ཕོངས་རྫོང་གི་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྐུལ་སྤེལ་བརྙན་ལམ་ཚོགས་འདུ་འཚོགས་པ་རེད།
          རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧེ་ཧྲེང་ནས་པེ་ཅིང་གི་ཚོགས་ར་གཙོ་བོར་གསུང་བཤད་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་གྲེན་ཡུང་ཇི་ཡིས་བོད་ལྗོངས་ཡན་ལག་ཚོགས་རར་ཤིས་ཚིག་སྒྲོན་གནང་བ་རེད།
          ཝང་ཧེ་ཧྲེང་གིས་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་དང་ཁ་གཏད་རོགས་སྐྱོར་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  ནད་ཡམས་འགོག་ཟོན་རྒྱུན་རྣམ་ཅན་དུ་དམ་འཛིན་ཡག་པོ་བྱེད་པ་དང་།  སྨན་ཁང་གི་གོང་འཕེལ་སྒུལ་ཤུགས་མི་འདེང་བ་དང་ཤེས་ལྡན་པ་གསོ་སྐྱོང་འཕེལ་རིམ་འགོར་བ།  རྟ་སྒ་ཆ་སྒྲིག་གི་བྱ་ཐབས་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཐོག  གཙོ་གནད་ས་གནས་དང་གཙོ་གནད་ལས་འགན་ལ་མིང་སྦྱར་ལྟ་སྐུལ་གཉེར་སྒྲུབ་བྱས་ནས།  ནད་ཡམས་འགོག་ཟོན་དང་བདེ་ཐང་དབུལ་སྐྱོར་གྱི་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
          གྲེན་ཡུང་ཇིས་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར།  འབྲེལ་ཡོད་ཚན་པ་བཅས་ཀྱིས་ཤེས་ལྡན་པ་གསོ་སྐྱོང་དང་གཙོ་གནད་ཚན་ཁག་འཛུགས་སྐྱོང་།  དེང་རབས་སྨན་ཁང་དོ་དམ།  ས་མཐོའི་གསོ་རིག་ཞིབ་འཇུག་སོགས་ཐད་མུ་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།།