ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཀྲེ་ཅང་གི་སྐུ་ཚབ་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2021-08-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ་7ཚེས་28ནས་30ཉིན་བར། ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡོན་ཅ་ཅུན་གྱིས་ཀྲེ་ཅང་ཞིང་ཆེན་གྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་བརྟག་ཞིབ་གནང་བར་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། དུས་རབས་གསར་པའི་ཀྲེ་ཅང་གི་ཁ་གཏད་བོད་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ་རེད།
            ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པའམ་ཡང་ན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
            ཀྲེ་ཅང་ཞིང་ཆེན་གྱི་རྒྱུན་ཨུ་ཧང་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཅང་ཡུང་དང་། ཀྲེ་ཅང་ཞིང་ཨུད་ཀྱི་རྒྱུན་ཨུ་ཉིང་པོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕེང་ཅ་ཞུའེ། ཀྲེ་ཅང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཁྲེན་དབྱི་ཅུན། ཀྲེ་ཅང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཀའོ་ཤིན་ཕུའུ་དང་བཅས་པ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
            ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པའམ་ཡང་ན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
            ཚེས་28ཉིན་གྱི་ཉིན་དགུང་། སྐུ་ཚབ་ཚོགས་པ་གནམ་གྲུ་ནས་བབས་མ་ཐག་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པའི་ཀྲེ་ཅང་གི་བོད་སྐྱོར་གྱི་ནག་ཆུ་ནས་ལྷ་སར་སྤོས་པའི“ཆ་རྐྱེན་ཚང་སར་བསྐྲུན་པའི”ཐོན་ལས་གླིང་དུ་ཕེབས་ནས། གླིང་ཁུལ་གྱི་འཆར་འགོད་དང་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། ཐོན་ལས་གླིང་འགོ་འཛུགས་པ་དང་རྣམ་གྲངས་ཀྱི་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་པ་མ་ཟད། ཡོན་ཅ་ཅུན་དང་ཝུའུ་དབྱིང་ཅེས་ལྷན་དུ“ཆ་རྐྱེན་ཚང་སར་བསྐྲུན་པའི”ཐོན་ལས་གླིང་གི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད།
            ཟླ་7ཚེས་28ཉིན་གྱི་ཕྱི་དྲོར། ཀྲེ་ཅང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཡོན་ཅ་ཅུན་དང་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་། བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ། ཆེ་དགྲ་ལྷ་དང་ཀའོ་ཤིང་ཧྥུའུ་ཡིས་ཞིང་ཆེན་དང་རང་སྐྱོང་ལྗོངས་ས་ཁུལ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རོགས་སྐྱོར་བྱ་ཡུལ། བོད་སྐྱོར་བཅས་ཀྱི་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
            ཝུའུ་དབྱིང་ཅེས་ཀྲེ་ཅང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱ་མཚོའི་རླུང་འཚུབ“ཤོག་སྦག”ལ་འགོག་རྒོལ་བྱེད་པའི་དམིགས་བསལ་དུས་སྐབས་སུ། ཧྲུའུ་ཅི་ཡོན་ཅ་ཅུན་གྱིས་ཀྲེ་ཅང་ཞིང་ཆེན་གྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་བོད་སྐྱོར་ལས་དོན་གྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱེད་པར་ཕེབས་པ་ལས། ཀྲེ་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་དང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མངོན་ཡོད་ལ། ཀྲེ་ཅང་མི་དམངས་ཀྱིས་བོད་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ཡང་གང་ལེགས་མངོན་གྱི་ཡོད་ཅེས་གསུངས་པ་དང་། ཁོང་གིས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་སྐུ་ཚབ་ཚོགས་པ་དང་བཅས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཀྲེ་ཅང་ཞིང་ཆེན་གྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ཀྱིས་བོད་ཀྱི་ལས་དོན་ལ་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
            ཝུའུ་དབྱིང་ཅེས་བོད་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་བཀོད་སྒྲིག་གི་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས། ད་ཐེངས་ཧྲུའུ་ཅི་ཡོན་ཅ་ཅུན་གྱིས་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་བོད་སྐྱོར་ལས་དོན་སྦྲེལ་མཐུད་གནང་བ་ལས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་དང་། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པའི་ང་ཚོའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་། ཀྲེ་ཅང་ཞིང་ཆེན་གྱིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ནས་སྔར་བཞིན་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ནག་ཆུའི་དབུལ་སྒྲོལ་གྲུབ་འབྲས་བརྟན་དུ་གཏོང་བ་དང་། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཟབ་ཏུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན། གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་ལེགས་སུ་གཏོང་བ་སོགས་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐད་མཛུབ་ཁྲིད་དང་རོགས་རམ་དེ་བས་མང་བ་བྱེད་པ་དང་། ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ། བོད་ལྗོངས་ཀྱི་ས་བབ་ཤིན་ཏུ་མཐོ་བའི་གནས་སྤོ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་རོགས་རམ་དང་བོད་ཀྱི་ནུས་རྒྱུ་གཙང་མའི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པའི་རེ་བ་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པར་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ནུས་པ་གང་ལེགས་འདོན་ཆེད་ཆ་རྐྱེན་དེ་བས་ལེགས་པ་གཏོད་པ་དང་། ནག་ཆུ་ནས་ལྷ་སར་སྤོས་པའི“ཆ་རྐྱེན་ཚང་སར་བསྐྲུན་པའི”ཐོན་ལས་གླིང་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་ལེ་ལག་ཚང་བའི་གཟིགས་སྐྱོང་སྲིད་ཇུས་མཁོ་འདོན་བྱས་ཏེ། ཀྲེ་ཅང་གི་ཚོང་པ་དེ་བས་མང་བ་བོད་དུ་མ་འཇོག་ལས་དར་བྱེད་པར་ཡོང་བར་དགའ་བསུ་ཞུ་གི་ཡིན་ཞེས་མཛུབ་སྟོན་གནང་བ་རེད།
            ཡོན་ཅ་ཅུན་གྱིས་བོད་ཀྱིས་ཀྲེ་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་ཡུན་རིང་གནང་བ་དང་། ལྷག་པར་དུ་ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70སོང་རིང་། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གངས་ལྗོངས་ས་མཐོར་ལོ་ངོ་སྟོང་གི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་བ་དང་། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཡར་ཐོན་བྱུང་བ་ལས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལག་ལེན་གྱི་རླབས་ཆེན་སྟོབས་ཤུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་གྱི་ཡོད་ཅེས་གསུངས་པ་རེད།
            ཡོན་ཅ་ཅུན་གྱིས། བོད་ལྗོངས་ནག་ཆུར་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཀྲེ་ཅང་གི་འདོར་ཐབས་མེད་པའི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད་ལ། ཀྲེ་ཅང་གིས་ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བ་དང་འཛུགས་སྐྲུན་བྱེད་པར་ལྡན་དགོས་ངེས་ཀྱི་འོས་འགན་ཞིག་ཀྱང་རེད། ཀྲེ་ཅང་ཞིང་ཆེན་གྱིས་བོད་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། ཀྲེ་ཅང་དང་བོད་ལྗོངས་ཀྱི་སྔར་ཡོད་ཀྱི་མཉམ་ལས་ཡག་པོའི་རྨང་གཞིའི་ཐོག་མཉམ་ལས་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང། མཉམ་ལས་ཀྱི་རིམ་པ་མཐོ་རུ་གཏོང་བ། མཉམ་ལས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། བོད་དང་ལྷག་པར་དུ་ནག་ཆུའི་འཕེལ་རྒྱས་དང་། བརྟན་ལྷིང་། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ལ་སྤུས་ཚད་མཐོ་པོས་རོགས་རམ་བྱེད་པ་དང་། དབུལ་སྒྲོལ་མང་ཚོགས་དབུལ་པོ་བསྐྱར་ལོག་མ་ཐེབས་སྔོན་འགོག་དང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་ཧུར་ཐག་བྱེད་པ། མཉམ་ལས་ཁྱབ་ཁོངས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་ནང་དོན་རྒྱུན་མཐུད་ཕུན་སུམ་ཚོགས་སུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཞོགས་འདེགས་ཧུར་ཐག་བྱེད་པ། ཁ་གཏད་རོགས་སྐྱོར་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ། ཀྲེ་ཅང་དང་བོད་ལྗོངས་ཀྱི་སྤེལ་རེས་དང་མཉམ་ལས་ཀྱི་ལེའུ་གསར་པ་སླར་ཡང་རྩོམ་པ་བཅས་ཀྱིས་བོད་དང་ལྷག་པར་དུ་ནག་ཆུ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
            ཉིན་དེའི་ཕྱི་དྲོར། ཡོན་ཅ་ཅུན་དང་ཝུའུ་དབྱིང་ཅེ་རྣམ་གཉིས་ཀྱིས་ད་དུང་བོད་དུ་ཡོད་པའི་ཀྲེ་ཅང་གི་ཚོང་པའི་འཐུས་མིར་གཟིགས་པ་རེད།
            ཚེས་29ཉིན། སྐུ་ཚབ་ཚོགས་པ་དང་བཅས་པ་ནག་ཆུ་གྲོང་ཁྱེར་དུ་ཕེབས་པ་དང་། ཡོན་ཅ་ཅུན་དང་ཝུའུ་དབྱིང་ཅེས་ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།