ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

ཞིང་ལས་བོད་སྐྱོར་གྱིས་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྦྱིན་པ།

སྤེལ་དུས 2017-08-29 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          དེ་སྔ་ལ་ཕུག་དང་། པད་ཚལ། ཞོག་ཁོག་བཅས་ནི་བོད་ཀྱི་ཞིང་འབྲོག་ཁུལ་དུ་འབེལ་ཤོས་ཀྱི་ཚལ་རིགས་ཡིན་པ་དང་ས་ཁམས་དང་གནམ་གཤིས་ཀྱི་ཚོད་འཛིན་ཕོག་པ་ལས་ས་མཐོར་སྔོ་ཚལ་གྱི་སྣ་ཁ་ཉུང་ལ་འདེབས་དཀའ་བ་ཞིག་ཡོད་པ་དང་ཤིང་འབྲས་དེ་བས་ཉུང་ཉུང་རེད།

           བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་དོན་གྲུབ་ཀྱིས"ང་འདི་ལོ་ལོ་69ཡིན་ལོ་60ལ་སླེབས་སྐབས་གཞི་ནས་ཤིས་ཀྭ་ཟ་རྒྱུ་བྱུང"ཞེས་བཤད། ད་ཆ་པ་སྣམ་རྫོང་འདི་ཉིད་སྔོ་ཚལ་ཐོན་སྐྱེད་རྫོང་ཆེན་ལ་གྱུར་ནས"བོད་ཀྱི་སྔོ་ཚལ་སྣ་ཁ་འཛོམས་ཤོས་པ་སྣམ་དུ་ཡོད"ཅེས་བརྗོད་ཀྱི་ཡོད། 2001ལོར་ཧྲན་ཏུང་གི་བོད་སྐྱོར་རོགས་རམ་འོག་བན་ཚང་གྲོང་ཚོར་འགྱིག་ཤོག་དྲོད་ཁང་ཆེ་མོ་70བརྒྱབ་ནས་པ་སྣམ་གྱི་སྔོ་ཚལ་རྟེན་གཞི་བསྐྲུན་ཡོད། 2004ལོར་འགྱིག་ཤོག་དྲོད་ཁང་70གྲོང་མི་ཚོར་བགོ་བཤའ་བརྒྱབ་པ་མ་ཟད། ད་དུང་ཆེད་ལས་ཞིང་ལས་ལག་རྩལ་པས་ཁོང་ཚོར་སྔོ་ཚལ་དང་ཀྭ་རིགས་འདེབས་འཛུགས་ལག་རྩལ་བསླབ་ཡོད་པ་རེད།

         སྤེན་པ་དོན་གྲུབ་ཀྱིས"བོད་སྐྱོར་ལས་བྱེད་པས་ངར་ཤིས་ཀྭ་དང་ཀྲོ་མ་ཀྲུ་འདེབས་སྟངས་བསླབ་བྱུང་། ད་ཆ་འདེབས་འཛུགས་ཀྱི་ལག་རྩལ་ཁོང་དུ་རྦད་དེ་ཆུད་དེ་ལོ་ལྟར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཡོང་གི་འདུག སྔོ་ཚལ་དང་ཀྭ་རིགས་བཏབ་རྗེས་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་ཧ་ཅང་མང་དུ་ཕྱིན་སོང"ཞེས་བཤད། སྤེན་པ་དོན་གྲུབ་དང་བོད་སྐྱོར་ལས་བྱེད་པའི་སྣེ་འཁྲིད་འོག་བན་ཚང་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་དེ་སྔའི་སྒོར་2300ནས་སྒོར་10717བར་མང་དུ་ཕྱིན་ཡོད། ད་ཆ་བོད་དུ་སྔོ་ཚལ་སྐྱེ་འཚར་ལེགས་པའི་སྐབས་མཁོ་སྤྲོད་བྱེད་ཚད་85%ཟིན་གྱི་ཡོད་པ་མ་ཟད་རང་ཁ་རང་གསོ་ཐུབ་པ་ཕུད་ད་དུང་སྔོ་ཚལ་མི་ཉུང་བ་ཞིག་ནང་སར་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།

          ཞིང་ལས་བོད་སྐྱོར་དེ་བོད་ཀྱི་ཞིང་ལས་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་ལ་སྐུལ་མ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཞིང་ལས་པུའི་འབྲེལ་ཡོད་འགན་འཁུར་བས་བོད་ཀྱི་ཞིང་ལས་མི་འབོར་གྱིས་སྤྱིའི་མི་འབོར་གྱི་བཅུ་ཆ་བདུན་ཡན་བཟུང་གི་ཡོད་པས་ཞིང་འབྲོག་ལས་ནི་རྨང་གཞིའི་རང་བཞིན་གྱི་ཐོན་ལས་དང་དམངས་འཚོའི་ཐོན་ལས་ཤིག་ཡིན་མོད། འོན་ཀྱང་རང་བྱུང་ཆ་རྐྱེན་ཞན་པ་དང་བོད་ཀྱི་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པས་རྨོ་ཞིང་མང་དག་ཅིག་གནམ་ཆུར་བརྟེན་དགོས་པ་དང་། གནམ་ལ་བརྟེན་ནས་ཕྱུགས་རིགས་གསོ་བའི་རྣམ་པ་སྔར་བཞིན་གནས་ཡོད་སྟབས་ཞིང་འབྲོག་པའི་རྩ་འཛུགས་ཅན་གྱི་ཆུ་ཚད་ཞན་ཙམ་དང་འབབ་འཕར་ཡོང་དཀའ་ཙམ་ཡོད་པ་རེད། ཞིང་ལས་པུའི་འཕེལ་རྒྱས་འཆར་འགོད་སིའི་སི་ཀྲང་གཞོན་པ་ལིའུ་པེ་ཧྭ་ཡིས"ལོ་ལྔ་ཚན་བཅུ་གཉིས་པའི"རིང་ཞིང་ལས་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བོད་ལ་ཞིང་དར་ཞིང་ཕན་དང་ཞིང་ཕྱུག་མ་དངུལ་སྒོར་དུང་ཕྱུར་149བཏང་བ་དེ"ལོ་ལྔ་ཚན་བཅུ་གཅིག་པའི"ལྡབ་5.4ཡིན་པས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བྱུང་ནས་དམངས་འཚོར་ལེགས་བཅོས་ཤུགས་ཆེན་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

          ཞིང་ལས་པུའི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་བོད་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་གཞོན་པ་མོ་ཀོང་ཀང་གིས"ཤེས་ལྡན་མི་སྣ་དཀོན་པ་ནི་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཞན་ཆ་ཆེ་ཤོས་དེ་ཡིན་པས་སེམས་གནས་ཐུབ་པ་དང་སྤྱོད་ཐུབ་པའི་ས་གནས་དེ་རང་གི་ཤེས་ལྡན་མི་སྣའི་དཔུང་ཁག་གཅིག་སྐྱེད་སྲིང་ཧུར་ཐག་བྱེད་དགོས་ངེས་རེད"ཅེས་བཤད། ཁོང་ཚོས་ལོ་ལྟར་ཞིང་ལས་ལག་རྩལ་མཛུབ་ཁྲིད་པ་ཆིག་སྟོང་ཙམ་དང་གྲོང་གསེབ་ཀྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣའི་སྣེ་ཁྲིད་པ་200སྒྲིག་འཛུགས་བྱས་ནས་ལས་རིགས་ཞིང་འབྲོག་པ་གསར་པ་1300ལ་གསོ་སྦྱོང་བྱེད་ཀྱི་ཡོད་པ་དང་ད་དུང"གཅིག་སྡུད་གསོ་སྦྱོང་དང་ཁ་ཐོར་གསབ་ཁྲིད་དང་ས་གནས་ས་ཐོག་ཏུ་ལྟ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་ནང་སྦྱོང་བྱ་རྒྱུ"ཟུང་འབྲེལ་གྱིས་ལོ་ལྔ་ཡི་ནང་ཞིང་འབྲོག་པ་མི་ཐེངས་ཁྲི་4ལྷག་ཙམ་གསོ་སྦྱོང་བྱས་ཡོད་པ་རེད།

          ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་གྲོང་ཚོའི་གྲོང་མི་སྤེན་པས"དེ་སྔ་ང་ཚོས་ནས་ཁོ་ན་ལས་འདེབས་ཤེས་ཀྱི་མེད་པས་མུའུ་རེར་ཡོང་འབབ་སྒོར་བརྒྱ་གྲངས་ཁ་ཤས་ལས་མེད། རྗེས་སུ་བོད་སྐྱོར་ལས་བྱེད་པ་དང་ཤང་གྲོང་ལས་བྱེད་པའི་མཛུབ་ཁྲིད་འོག་དཔལ་འབྱོར་གྱི་ཡོང་འབབ་དེ་བས་མཐོ་བའི་སྨན་རྩྭ་མཱ་ཁ་འདེབས་པ་དང་ས་ཞིང་ལྡུམ་ཁུལ་ལ་བོགས་མར་བཏང་ཚེ་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་གི་ཡོང་འབབ་དེ་བས་མང་བ་ཡོད་པ་གཞི་ནས་ཤེས་རྟོགས་བྱུང"ཞེས་བཤད།

          ཉེ་བའི་ལོ་ཤས་ནང་། ལྷ་ས་གྲོང་ཁྱེར་གྱིས་ས་མཐོའི་སྐྱེ་ལྡན་ཞིང་འབྲོག་ལས་རྨང་གཞིར་བྱས་པ་དང་སྔོན་ཐོན་ལག་རྩལ་ལེགས་སུ་གཏོང་བ་དང་སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་གཙོ་གནད་དུ་བྱ་རྒྱུ་བཏོན་ནས་ས་མཐོའི་བཟའ་བཅའ་དང་སྨན་རྫས་དང་ཡུལ་སྐོར་ཐོན་ལས་སོགས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་མཉམ་འདྲེས་བྱེད་པའི་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཧུར་ཐག་བཏོད་ཡོད། ཞིང་ལས་པུའི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་ཧྲི་ཀྲང་གཞོན་པ་ཀྲོའུ་ཕུའུ་གོ་ཡིས་ས་གཙང་བདེ་ཐང་ཐོན་ལས་ཀྱིས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་ཐུབ་པ་བྱུང་བ་དང་ཞིང་འབྲོག་པའི་ཉེན་ཁའི་འདུ་ཤེས་དང་ཁྲོམ་རའི་འདུ་ཤེས་ཟབ་ཏུ་འགྲོ་ཐུབ་པ་བྱུང་ནས་མིག་སྔར། ས་གཙང་བདེ་ཐང་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་60ལྷག་ཙམ་བྱུང་སྟེ་ལྷ་ས་གྲོང་ཁྱེར་གྱི་མི་འབོར་དབུལ་པོ་ཁྲི་2ཙམ་ས་གཙང་བདེ་ཐང་ཐོན་ལས་ལ་བརྟེན་ནས་དབུལ་པོའི་གནས་ལས་སྒྲོལ་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

          སྤང་རྒྱན་མེ་ཏོག་བཟོ་ཚོང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝུའེ་ཡ་ཕིང་གིས"ཞིང་ལས་བོད་སྐྱོར་གྱིས་ང་ཚོར་མ་དངུལ་དང་། ཤེས་ལྡན་མི་སྣ། འདུ་ཤེས་བཅས་ཐད་ནས་རྒྱབ་སྐྱོར་བྱས་པས་ང་ཚོ་གཞི་ནས་སྟོབས་ཆེར་འགྲོ་ཐུབ་པ་བྱུང"ཞེས་བཤད། ཁོང་ཚོས་ཁ་བཏགས་ཐོན་སྐྱེད་བྱེད་པ་དང་དུས་མཚུངས་ཆེད་ལས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཁ་གདན་འཐག་མཁན་ཚོགས་པ་བཙུགས་ཏེ་ལོ་ལྟར་དུས་བཀག་ལྟར་ས་གནས་དེ་གའི་ཁ་གདན་འཐག་མཁན་མི་ཐེངས་300ལ་གསོ་སྦྱོང་བྱེད་ཀྱི་ཡོད་པ་དང་ཁེ་ལས་དེའང་བོད་ཀྱི་རིག་གནས་ཐོན་ལས་ཀྱི་སྣེ་འཁྲིད་པར་གྱུར་ཡོད་པ་རེད།