ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

བོད་སྐྱོར་བྱེད་སྟངས་གསར་པ་བཏོད། “རང་བརྟེན”ནུས་པ་ཆེ་རུ་བཏང་།

སྤེལ་དུས 2018-05-21 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
ཀྲུང་ཧྲན་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར་གཅིག་བཏང་ནས་སྤྱི་འཇོག་བོད་སྐྱོར་ཀུང་སི་བཙུགས་པ།
                    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་ཧྲན་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་རྒྱལ་ཡོངས་ཀྱི་སྔོན་ལ་སྤྱི་འཇོག་བོད་སྐྱོར་ཀུང་སི་སྟེ། བོད་ལྗོངས་ཀྲུང་གོ་བཟོ་ལས་ཧུའེ་ཞིང་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ཤིང་། “སྲིད་གཞུང་གིས་ཁྲིད་སྟོན་དང་། གཞུང་ཁོངས་རྒྱུ་ནོར་ཚན་པས་གཉེར་སྐྱོང་། ཁྲོམ་རའི་འཁོར་རྒྱུག ཐོན་ལས་སྐུལ་སྤེལ”གྱི་བྱེད་ཐབས་བཅས་ལ་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་དང་ཁྱད་ལྡན་ལེགས་ལྡན་ཐོན་ལས་གོང་འཕེལ་ལ་སྐུལ་མ་བཏང་སྟེ་སྤྱི་དབང་མ་འཇོག་གིས་བོད་ལྗོངས་ཐོན་ལས་གཉེར་སྐྱོང་བྱེད་པའི་བགྲོད་ལམ་གསར་པ་བཤངས་པ་རེད།
                    ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན། ཀྲུང་ཧྲན་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་བཀོད་སྒྲིག་གཞིར་བཟུང་། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་15171བཏང་ནས་ཐོན་ལས་རིགས་ཆེ་གྲས་13དང་དམངས་འཚོའི་བོད་སྐྱོར་རྣམ་གྲངས་ལག་བསྟར་གྱིས་རྫོང་དེ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་དཔལ་འབྱོར་འཕེལ་རྒྱས་ལ་གཞོགས་འདེགས་དང་སྐུལ་འདེད་ནུས་ལྡན་བཏང་བ་རེད། 2017ལོའི་ཟླ་11པར། ཀྲུང་ཧྲན་གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་གྱིས་ཀྲུང་ཧྲན་གྲོང་ཁྱེར་འགྲིམ་འགྲུལ་ཚོགས་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ཚོགས་པ། ཀྲུང་ཧུའེ་ཚོགས་པ། ཞིང་ཀྲུང་ཚོགས་པ་སོགས་རྒྱལ་ཁབ་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་སྒྲིག་འཛུགས་ཀྱིས་ཀོང་པོ་རྒྱ་མདའ་རྫོང་དུ་བསྐྱོད་ནས་གཞུང་ཁོངས་རྒྱུ་ནོར་གྱི་བོད་སྐྱོར་ལ་བརྟག་ཞིབ་བྱས་པ་དང་། ས་གནས་ས་ཐོག་ཏུ་རྟོག་ཞིབ་དང་བརྟག་ཞིབ་ཁུངས་སྐྱེལ་བྱས་ཁར། ཀོང་པོ་རྒྱ་མདའ་རྫོང་ལ་འདྲི་རྩད་དང་གྲོས་མོལ་ཐེངས་མང་བྱས་པ་བརྒྱུད། རྒྱལ་ཁབ་ཁེ་ལས་ཚོགས་པའི་མ་དངུལ་མཉམ་གཏོང་གི་མ་འཇོག་ཀུང་སི་དང་ཐོན་ལས་གླིང་དང་། དེ་བཞིན་ཐོན་ལས་འཁོར་འབྲེལ་གཏོད་པ་སོགས་ཀྱི་བསམ་འཆར་གྲུབ་ཡོད། ད་ལོའི་ལོ་འགོར། ཀྲུང་ཧྲན་གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་དང་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་གྲོང་ཁྱེར་སྲིད་གཞུང་ལ《གཞུང་ཁོངས་རྒྱུ་ནོར་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་ཀའི་ཇུས་གཞི》མཉམ་འབྲེལ་ཐོག་བསྐྱལ་བ་རེད། གྲོང་ཁྱེར་སྲིད་གཞུང་གིས་མཐོང་ཆེན་པོ་བྱས་ཁར་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་དང་ཞིབ་འཇུག་གྲོས་བསྡུར་ནན་ཏན་བྱས་པ་བརྒྱུད། ཟླ་3པའི་ཟླ་མཇུག་ཏུ་ལག་བསྟར་བྱ་རྒྱུའི་ཆོག་མཆན་བཀོད་ཅིང་། ཟླ་5ཚེས་7ཉིན། གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་གྱི་འཐུས་མི་ཁག་དང་པོ་ཀོང་པོ་རྒྱ་མདའ་རྫོང་དུ་བཅའ་སྡོད་བྱས་པ་དང་བསྟུན་ནས་ཀྲུང་ཧྲན་གཞུང་ཁོངས་རྒྱུ་ནོར་ཚོགས་པའི་བོད་སྐྱོར་ལས་དོན་དངོས་སུ་ལག་བསྟར་གྱི་དུས་མཚམས་སུ་སླེབས་ཡོད་པ་རེད།