ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཚ་ཤོས།

མངའ་རིས་ས་ཁུལ་གྱི་སྨན་བཅོས་ཤེས་ལྡན་མི་སྣའི"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ལས་དོན་གྱི་སྒྲིལ་གླེང་།

སྤེལ་དུས 2017-08-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          2016ལོ་ནས་བཟུང་མངའ་རིས་ས་ཁུལ་གྱིས་སྨན་བཅོས་ཤེས་ལྡན་མི་སྣའི"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ལས་དོན"དམངས་བདེ་དོན་གཉེར། དམངས་ལ་ཕན། དམངས་ཀྱི་སེམས་པ་ཐོབ་པར་བྱེད"པའི་དམངས་སེམས་འདུ་འགོད་ལ་བརྩིས་ནས་སྨན་བཅོས་ཤེས་ལྡན་མི་སྣའི"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ལས་དོན་ལ་ཕན་པ་དངོས་ཐོབ་རྒྱུར་རོགས་རམ་ཧུར་ཐག་བྱས་ནས་ས་ཁུལ་མི་དམངས་སྨན་ཁང་གི"ཀ་པ་རིམ་པ་གཉིས་པའི"དཔྱད་ཞིབ་བདེ་བླག་ཡོང་རྒྱུར་སྐུལ་མ་བཏང་བས། ཞབས་ཞུའི་ནུས་པ་མཐོ་རུ་ནུས་ལྡན་ཕྱིན་ཏེ་ལག་རྩལ་གསར་པའི་རྣམ་གྲངས་མང་པོ་ཞིག་གིས་མངའ་རིས་ས་ཁུལ་གྱི་སྨན་བཅོས་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་པ་དང་། རྨང་གཞིའི་འཛུགས་སྐྲུན་སྐས་རིམ་གསར་པར་སླེབས་པ། མཁྲེགས་ཆས་སྒྲིག་བཀོད"ཁ་པ་རིམ་པ་གསུམ་པའི"ཚད་གཞིར་རགས་ཙམ་སླེབས་ཡོད། འདུ་ཤེས་གསར་གཏོད་ཀྱིས་དོ་དམ་ཞིབ་ཚགས་སུ་གཏོང་བ་སོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། སྨན་བཅོས་དོ་དམ་ཆུ་ཚད་མཐོར་གཏོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་པས། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་བརྒལ་གསར་པ་བྱུང་སྟེ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་བྱུང་ཡོད།

          སྨན་བཅོས་ཤེས་ལྡན་མི་སྣའི"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། མངའ་རིས་ས་ཁུལ་གྱིས་གསར་དུ་འཕར་བའི་ཆེད་དོན་རྣམ་གྲངས་ཀྱི་སྒྲིག་ཁོངས་མི་གྲངས70མང་དུ་བེད་སྤྱོད་ཡག་པོ་བཏང་ནས་ཚན་ཁག་འཛུགས་སྐྱོང་གི་དགོས་མཁོ་གཞིར་བཟུང་། སྨན་བཅོས་ཤེས་ལྡན་མི་སྣའི་80%ཡི་བསྡུར་གྲངས་ཀྱི་བླང་བྱ་ལྟར་ལྗོངས་ཕྱི་ནང་ནས་ཁ་ཚ་དགོས་གཏུག་གི་སྨན་བཅོས་ཤེས་ལྡན་མི་སྣ་33གདན་དྲངས་ཏེ་ས་ཁུལ་མི་དམངས་སྨན་ཁང"ཀ་པ་རིམ་པ་གཉིས་པའི"སྨན་ཁང་དུ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིངས་པ་རེད། སྨན་བཅོས་ཤེས་ལྡན་མི་སྣའི་བོད་སྐྱོར་བརྗེ་རེས་ལ་སྐུལ་མ་ཧུར་ཐག་བཏང་བས"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ལས་དོན་མི་སྣ་ཁག་དང་པོའི་16ནས་ཁག་གཉིས་པའི་18བར་མང་དུ་བཏང་བ་དང་། འཛུགས་སྐྲུན་མ་དངུལ་སྒོར་ཁྲི་6558ས་ཁུལ་མི་དམངས་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་དང་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྤྱད་པ་རེད། སྨན་བཅོས་ཤེས་ལྡན་མི་སྣའི"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ལས་དོན་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་མ་དངུལ་སྒོར་ཁྲི་80ལྷག་ཙམ་བཏང་ནས"སྨན་བཅོས་ཤེས་ལྡན་མི་སྣའི'ཚོགས་སྒྲིག་རྣམ་པའི'བོད་སྐྱོར་ལས་དོན་གྱི་པར་གཞི་ཐུང་གྲས"སོགས་བཟོས་པར་བརྟེན། སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་དང"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

          རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི"ཀ་པ་རིམ་པ་གཉིས་པ"བསྐྲུན་རྒྱུའི་གཙོ་གནད་ལས་འགན་གྱི་རྨང་གཞིའི་ཐོག སྨན་བཅོས་ཤེས་ལྡན་མི་སྣའི"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ལས་དོན་རུ་ཁག་གིས་ལས་དོན་དེ"ཁ་པ་རིམ་པ་གསུམ་པར"སླེབས་པ་བྱ་རྒྱུ་དང་། སྨན་ཁང་གི་སྨན་བཅོས་ནུས་པ་ཆེ་རུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་སྨན་བཅོས་དཔུང་ཁག་སྐྲུན་པ། སྨན་བཅོས་འཁོར་རྒྱུག་དོ་དམ་ཚད་ལྡན་བཟོ་བ་སོགས་དུས་ཐོག་ཏུ་སྒྲུབ་དགོས་པའི་དམིགས་ཚད་དང་ལས་འགན་ལ་གཏན་འཁེལ་བྱས་ནས། 《མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་ལོ་གསུམ་གྱི་འཕེལ་རྒྱས་འཆར་འགོད》འཐུས་སྒོ་ཚང་དུ་བཏང་བ་དང《མངའ་རིས་ས་ཁུལ་གྱི་གཅིག་གིས་བདུན་གྱི་སྣེ་ཁྲིད་པའི་རྫོང་རིམ་པའི་མི་དམངས་སྨན་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་ལག་བསྟར་བསམ་འཆར》སོགས་འབྲེལ་ཡོད་ཡིག་ཆ་ཞིབ་འཇུག་བྱས་ནས་བཏོན་ཅིང་། སྨན་ཁང་གིས་དངོས་སུ་བཏོན་པའི་ནད་བརྟག་སྨན་བཅོས་ཀྱི་གསལ་ཐོ་དང་ཟུང་འབྲེལ་བྱས་ནས་གསལ་ཐོའི་ནང་གི་ནད་རིགས་64ས་ཁུལ་དེ་རང་དུ་སྨན་བཅོས་ཐུབ་པའི་འགན་ལེན་བྱས་པ་རེད།

          མིག་སྔར་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས"དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ"དང"གཅིག་གཏད་གཅིག" "གཅིག་གིས་མང་པོར་རོགས་རམ་བྱེད་པ"སོགས་ཀྱི་རོགས་སྐྱོར་སློབ་ཁྲིད་ཀྱི་རྣམ་པ་སྤྱད་དེ་མངའ་རིས་ལ་སྨན་བཅོས་རྐང་འཛིན་པ་35གསོ་སྐྱོང་བྱས་པ་རེད། སྨན་པ་དཀའ་བཅུ་པས་ནད་ཁང་བརྟག་དཔྱད་བྱེད་པའི་ལམ་ལུགས་དང་ནད་དེབ་དོ་དམ་སོགས་ལྟེ་བའི་ལམ་ལུགས་30ལྷག་ཙམ་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ནས་མི་ཧྲག་སྒྲིག་འཛུགས་བྱས་ཏེ་ཡིག་འབྲུ་ཁྲི་120ལྷག་ཙམ་ཡོད་པའི《མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་ནད་བརྟག་སྨན་བཅོས་ཀྱི་རྒྱུན་སྲོལ》གྱི་རིམ་སྤེལ་དཔེ་ཚོགས་རྩོམ་འབྲི་བྱས་ནས་ལས་ཀའི་ཚད་གཞི་ལེགས་སུ་བཏང་བ་དང་། ལས་རིགས་བྱ་སྤྱོད་ཚད་ལྡན་བཟོས་པ། སྨན་བཅོས་དོ་དམ་ནན་དུ་བཏང་ཡོད།