ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཚ་ཤོས།

ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་བོད་སྐྱོར་ལས་ཀའི་རྩིས་བཤེར་ལྟ་སྐུལ་འགོག་རགས་སྐྲུན་པ།

སྤེལ་དུས 2017-08-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་དུས། ཧུའུ་པེ་ཞིང་ཆེན་གྱིས་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་ཤེས་ལྡན་མི་སྣའི་ཚོགས་འདུ་འཚོགས་ནས་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་ཚོར་ལྷོ་ཁ་གྲོང་ཁྱེར་གྱི་དོན་དངོས་ལ་གཞི་ཚུགས་པ་དང་བོད་སྐྱོར་ལས་ཀའི་ཁྱད་ཆོས་ལ་གཞིགས་ཏེ་བོད་སྐྱོར་ལས་ཀའི་རྩིས་བཤེར་ལྟ་སྐུལ་འགོག་རགས་ཧུར་ཐག་བསྐྲུན་ཏེ་རྩིས་བཤེར་གྱི་ཁ་གཏད་བོད་སྐྱོར་ལས་ཀའི་འགན་ནུས་འདོན་སྤེལ་གང་ལེགས་ཀྱིས་ཀུལ་གསལ་བོད་སྐྱོར་དང་། སྤྱོད་གཙང་བོད་སྐྱོར། བདེ་འཇགས་བོད་སྐྱོར་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

          ཚོགས་འདུའི་ཐོག་རུ་མི་ཡོངས་ཀྱིས་རང་རྟོགས་ངང་རྩིས་བཤེར་ལྟ་སྐུལ་གྱི་བསམ་བློའི་འགོག་རགས་ཧུར་ཐག་གཏོད་དགོས་ཤིང་། བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཡོངས་ཀྱིས་རྩིས་བཤེར་གྱི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཤེས་རྟོགས་ཡང་དག་བྱས་ཏེ་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། བསམ་ཚུལ་གསར་པ་ལེགས་སྒྲིག བསམ་བློ་གསར་པ་འཕེལ་བ་བཅས་བྱས་ཏེ་རང་རྟོགས་ངང་རྩིས་བཤེར་ལྟ་སྐུལ་དང་ལེན་བྱེད་པའི་བསམ་བློའི་འགོག་རགས་སྔར་བས་བརྟན་པོ་བསྐྲུན་ཐོག་ལྟ་སྐུལ་སྣ་ཚོགས་འོག་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པ་བྱས་ཏེ་རྩིས་བཤེར་གྱི་ཁྱབ་ཁོངས་ཚང་མར་ཁྱབ་པའི་མ་དངུལ་གྱི་འགོག་རགས་ཧུར་ཐག་བསྐྲུན་དགོས། "བདེ་འཇགས་དང་ལས་ཕྱོད"ལ་དམ་པོར་དམིགས་ནས་རྩིས་བཤེར་སྡེ་ཚན་གྱིས་བོད་སྐྱོར་མ་དངུལ་ལ་རྩིས་བཤེར་བྱ་ཤུགས་ཆེ་རུ་གཏོང་བ་དང་ནམ་རྒྱུན་ནས་བོད་སྐྱོར་ལས་ཀར་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་འཆར་གཞིའི་མ་དངུལ་དང་འཆར་གཞི་ཕུད་རག་ཐབས་བྱས་པའི་མ་དངུལ་ཚང་མ་རྩིས་བཤེར་ལྟ་སྐུལ་ནང་བཅུག་སྟེ་ནུས་ཤུགས་ཡོད་རྒུས་རྩིས་བཤེར་གྱི་ཁྱབ་ཁོངས་ཚང་མར་ཁྱབ་པའི་མ་དངུལ་གྱི་འགོག་རགས་ཧུར་ཐག་གཏོད་དེ་ལྟ་སྐུལ་བྱ་ཡུལ་མི་ལུས་པ་དང་རྟག་ཏུ་རྩིས་བཤེར་གྱི་ཞབས་འདེགས་ཞུ་ཡུལ་དུ་གནས་ཐུབ་པ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལྐོག་ཟ་ཧམ་བཟུང་དང་གྱོང་གུན་ཆུད་ཟོས་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཐོན་རྒྱུར་དོགས་ཟོན་བྱེད་དགོས། རྩིས་བཤེར་གྱི་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་བྱེད་པའི་རྣམ་གྲངས་ཀྱི་འགོག་རགས་བསྐྲུན་དགོས། བོད་ཀྱི་རྣམ་གྲངས་ཀྱི་ཁྱད་ཆོས་ལ་དམིགས་ནས་རྩིས་བཤེར་ཇུས་གཞི་དང་ཞིབ་ཕྲའི་བརྒྱུད་རིམ་ཞིབ་བཟོ་ཏན་ཏིག་བྱེད་དགོས། སྔ་སྣུར་དུ་དེའི་ནང་ཞུགས་པ་དང་། ལས་དོན་སྤེལ་བའི་ཁྲོད་རྩིས་བཤེར་བྱེད་པ། བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་སོགས་རྣམ་པ་སྣ་ཚོགས་བརྒྱུད་འགོག་ཟོན་ལ་དམིགས་པ་དང་ཚད་ལྡན་ལ་ཤུགས་སྣོན་བརྒྱབ་ནས་བོད་སྐྱོར་རྣམ་གྲངས་ཀྱི་ལྷུ་ཚིག་ཧྲིལ་པོ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩིས་བཤེར་ལྟ་སྐུལ་བརྒྱུད"སྤགས་གོང"ལས་གྲྭ་དང་དོན་དངོས་དང་མི་འཚམ་པའི་རྣམ་པ་ཙམ་གྱི་ལས་གྲྭ། "འདྲ་ཆགས"ལས་གྲྭ་བཅས་བཅས་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་ཧུའུ་པེའི་བོད་སྐྱོར་རྣམ་གྲངས་ཚང་མ་སྤུས་ལེགས་ལས་གྲྭ་དང་། སྤྱོད་གཙང་ལས་གྲྭ མི་དམངས་བློ་ཡིད་ཚིམས་པའི་ལས་གྲྭ་བཅས་ལ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།