ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཚ་ཤོས།

གནད་སྨིན་བོད་སྐྱོར་སྟོབས་ཤུགས་གཅིག་ཏུ་སྒྲིལ་། དམངས་ཕྱུག་བོད་དར་ལས་ལ་དམ་པོར་དམིགས།

—— ཅང་སུའུ་ཡི་བོད་སྐྱོར་ལས་དོན་སྐོར་གྱི་དངོས་བྲིས།

སྤེལ་དུས 2017-08-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཅང་སུའུ་ཡིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་ཚུན། ཅང་སུའུ་ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་དང་ཁག་གིས་བྱས་པས་ས་མཐོར་བརྩེ་བ་བཅངས་པ་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་དམངས་འཚོ་ནུས་ཤུགས་ཡོད་རྒུས་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་སར་བྱེད་པ་དང་རོགས་སྐྱོར་བྱ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི"རང་བརྟེན་ལམ་སྲོལ"ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱ་རྒྱུ་དེ་དོན་ལ་བབས་སར་བརྩིས་ནས། གནད་སྨིན་བོད་སྐྱོར་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་དམངས་ཕྱུག་བོད་དར་ལས་ལ་དམིགས་ཏེ་ལས་འགན་རེ་རེ་བཞིན་བསྒྲུབས་ནས་བོད་སྐྱོར་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་བོད་སྐྱོར་ཁྱབ་ཁོངས་རྒྱ་སྐྱེད་བཏང་སྟེ་ཐོན་ལས་བོད་སྐྱོར་དང་། སློབ་གསོའི་བོད་སྐྱོར། སྨན་བཅོས་བོད་སྐྱོར། རིག་སྟོབས་བོད་སྐྱོར་བཅས་བྱས་པས་ཕྱོགས་མང་པོ་དང་། ཁྱབ་རྒྱ་ཆེ་བ། རིམ་པ་མང་བ་བཅས་ཀྱི་བོད་སྐྱོར་ལས་ཀའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་ཧུར་ཐག་འདོན་སྤེལ་བྱས་པ་རེད།

          ཆུ་ཤུར་རྫོང་གིས་སྒྲིག་བཀོད་ཞིང་ལས་རྟེན་གཞི་ལས་གྲུབ་པའི་ཞིང་འབྲོག་ཐོན་ཁུངས་གཅིག་སྡུད་ཀྱི་ལེགས་ཆར་བརྟེན་ཏེ་སྣེ་ཁྲིད་ནུས་པ་ཆེ་བ་དང་ཐོན་རྫས་ཀྱི་ཞོར་སྣོན་རིན་ཐང་མཐོ་བའི་སྣེ་འདྲེན་ཁེ་ལས་ནང་འདྲེན་ཧུར་ཐག་བྱས་ནས་ཞིང་འབྲོག་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་སོགས་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་བྱེད་པ་དང་ཆབས་ཅིག་ཆུ་ཤུར་རྫོང་ཚལ་སྣེ་ཤང་ས་གཙང་བདེ་ཐང་ཐོན་ལས་གླིང་གི་རོགས་སྐྲུན་རྣམ་གྲངས་ཀྱི་དུས་མཇུག་གཉེར་སྐྱོང་དང་དོ་དམ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་གནད་སྨིན་དབུལ་སྐྱོར་ལས་དོན་དང་ཟུང་འབྲེལ་བྱས་པས་བོད་སྐྱོར་རྣམ་གྲངས་ཀྱི་སྣེ་ཁྲིད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

          སྟག་རྩེ་རྫོང་གིས་བོད་སྐྱོར་མ་དངུལ་བསྡུ་སྒྲིལ་གྱིས་ཞིང་འབྲོག་ལས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ཐད་བཏང་སྟེ་ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་ནས་ཞིང་འབྲོག་ལས་ཀྱི་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་བྱེད་པ་དང་ཞིང་འབྲོག་ཐོན་རྫས་ཀྱི་ཞོར་སྣོན་རིན་ཐང་མཐོ་རུ་བཏང་སྟེ་ཞིང་འབྲོག་པར་འབབ་འཕར་ཐུབ་རྒྱུ་དང་ཞིང་འབྲོག་ལས་ཀྱི་ཕན་འབྲས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། "ལོ་ལྔ་ཚན་བཅུ་གསུམ་པའི"རིང་ཅང་སུའུ་ཡིས་ཐོན་ལས་ལ་བརྟེན་ནས་བོད་སྐྱོར་བྱེད་པའི་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་འཆར་གཞིའི་ནང་གི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་5.6འཆར་འགོད་བཀོད་སྒྲིག་བྱས་པ་དེས"ལོ་ལྔ་ཚན་བཅུ་གསུམ་པའི"འཆར་འགོད་ཀྱི་བོད་སྐྱོར་མ་དངུལ་བསྡོམས་འབོར་གྱི་30%བཟུང་བ་དང་ཐོན་ལས་འཕེལ་རྒྱས་དང་རོགས་སྐྱོར་རྣམ་གྲངས་18བཀོད་སྒྲིག་བྱས་ཡོད། དེའི་ནང་སྟག་རྩེ་རྫོང་གི་ཞིང་འབྲོག་ཚན་རྩལ་གླིང་རོགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ལྗང་གསོའི་རྟེན་གཞི་དང་གྲང་ཉར་ཁང་སོགས་རྣམ་གྲངས་སྐྲུན་འགོ་བཙུགས་པ་དང་ཞིང་འབྲོག་ལས་ཀྱི་ཐོན་ལས་ཀྱི་འཁོར་འབྲེལ་གཏོད་དེ་དེང་རབས་ཅན་གྱི་ཞིང་འབྲོག་ལས་ཀྱི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་རམ་འདེགས་བྱས་པ་རེད།

         ལྷུན་གྲུབ་རྫོང་གིས་མ་རྨོས་ལོ་ཏོག་སྐྱེ་ལྡན་འདེབས་འཛུགས་དང་ཐོན་ལས་ཅན་གྱི་གསར་སྤེལ་རྣམ་གྲངས་སྒྲིག་འཛུགས་ལག་བསྟར་བྱས་ཏེ་འདེབས་འཛུགས་གཞི་ཁྱོན་ཆེ་རུ་བཏང་བ་དང་ཆབས་ཅིག་ལས་སྣོན་ཞིབ་ཚགས་ཀྱང་བྱས་ཡོད། ལྷུན་གྲུབ་རྭ་སྒྲེང་ཁུལ་གྱི་ཁོར་ཡུག་ལེགས་གཏོང་རྣམ་གྲངས་སྒྲིག་འཛུགས་ལག་བསྟར་བྱས་ནས་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་ཡུལ་སྐོར་དབུལ་སྐྱོར་ཟུང་འབྲེལ་བྱས་པས་བྱང་རྒྱུད་ཀྱི་ཐག་རིང་ལུང་ཁུག་རི་ཁུལ་གྱི་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་ཐུབ་ཡོད་པ་རེད།

         མལ་གྲོ་གུང་དཀར་རྫོང་གིས་ས་གནས་དེ་གའི་ལས་གྲྭའི་རྣམ་གྲངས་གལ་ཆེན་ལ་གཞིགས་ཏེ་ཆ་ལག་ཚང་བའི་ཁེ་ལས་ནང་འདྲེན་བྱེད་པ་དང་གླིང་འཕེལ་རྒྱས་འགྲོ་རྒྱུར་དམིགས་ཏེ་ནང་སའི་གླིང་ནང་འདྲེན་གྱིས་མཉམ་སྐྲུན་མཉམ་ལས་བྱས་པ་རེད། མིག་སྔར་ཅང་སུའུ་ཡིས་ཁ་གཏད་རོགས་སྐྱོར་བྱས་པའི་རྫོང་བཞིའི་དཔལ་འབྱོར་བསྡོམས་འབོར་དང་། ནོར་སྲིད་ཡོང་འབབ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སོགས་དམིགས་ཚད་ཁག་ཚང་མ་མགྱོགས་མྱུར་འཕར་ནས་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་དངོས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

འདི་ནི་ལྷ་ས་གྲོང་ཁྱེར་གྱི་ལས་གཏོད་གཞོན་ནུའི་འཐུས་མི་ཅང་སུའུ་རུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་སྐྱོད་པ།

འདི་ནི་ཆུ་ཤུར་རྫོང་ཚལ་སྣ་ཤང་དུ་ཡོད་པའི་ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་དཔེ་སྟོན་ཁུལ་ཡིན་པ།

འདི་ནི་ཅང་སུའུ་ཡི་བོད་སྐྱོར་སྨན་པས་འོས་འགན་སྨན་བཅོས་བྱེད་སྒོ་ཆེ་གྲས་སྤེལ་བའི་གནས་ཚུལ་ཡིན་པ།

འདི་ནི་ཅང་སུའུ་ཞིང་ཆེན་གྱི་ལོ་ལྔའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་དྲུག་གི"ཚོགས་སྒྲིག་རྣམ་པའི"སློབ་གསོས་ལྷ་ས་ལས་རིགས་སློབ་གྲྭ་གཉིས་པར་རོགས་སྐྱོར་བྱེད་པའི"6+1"གི་མིང་འགོད་མཛད་སྒོ་ཚོགས་ཡུལ་ཡིན་པ།

འདི་ནི་ས་གཙང་བདེ་ཐང་ཐོན་ལས་ཀྱི་ཚད་ལྡན་མ་ལག་ཞིབ་དཔྱད་ཚོགས་འདུ་ཚོགས་ཡུལ་ཡིན་པ།

འདི་ནི་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་སྒང་པ་གྲོང་ཚོའི་རྣམ་པ་གསར་པ་ཡིན་པ།

འདི་ནི་མལ་གྲོ་གུང་དཀར་རྫོང་གི་ས་གཙང་བདེ་ཐང་ཐོན་ལས་གླིང་ཁུལ་གྱི་ཞིབ་འཇུག་གསར་སྤེལ་རྟེན་གཞི་ཡིན་པ།