ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཚ་ཤོས།

ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་སྨན་བཅོས་འཕྲོད་བསྟེན་གྱི་བོད་སྐྱོར་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

སྤེལ་དུས 2017-08-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          2016ལོའི་ཟླ་7པར། ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་སྨན་བཅོས་འཕྲོད་བསྟེན་ལས་བྱེད་ཤེས་ལྡན་པ་9ཡིས་ལེ་དབར་ཁྲི་སྟོང་བརྒྱབ་ནས་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་དང་། ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་། ལྷོ་རོང་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། དཔལ་འབར་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སོགས་སུ་བོད་སྐྱོར་ལས་དོན་སྒྲུབ་པར་ཡོང་བ་རེད།

          ཁོང་ཚོས་ཁྱིམ་ཚང་ཆུང་ངུ་དོར་ནས་དམངས་ལ་བརྩེ་སེམས་བཅངས་ཏེ་དཀའ་ངལ་ཁྱད་བསད་ཀྱིས་ཆབ་མདོའི་སྨན་བཅོས་ལས་དོན་ནང་ཧུར་ཐག་ཞུགས་ནས་ཆབ་མདོའི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུར་འབད་བརྩོན་ལྷོད་མེད་བྱས་པ་དང་། ཕུན་སུམ་ཚོགས་པའི་ཉམས་མྱོང་དང་རྩེར་སོན་གྱི་ལག་རྩལ་སྦ་གསང་མེད་པར་ས་གནས་ཀྱི་སྨན་དོན་པར་བསླབ་པས། ཁོང་ཚོའི་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་དང་སྨན་པའི་ཀུན་སྤྱོད་བཟང་པོར་ས་གནས་དེ་གའི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་རེད།
ནད་ཐོག་སྨན་བཅོས་བྱས་ནས་དཀའ་ངལ་བསལ།

          "ས་གནས་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་དང་རྨང་གཞིའི་ལས་དོན་ནས་འགོ་བརྩམས་ཏེ་གོམ་པ་རེ་རེ་བཞིན་རྨང་གཞི་འདིང་བ་དང་ཞན་ཆ་གསབ་སྟེ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་སྲུང་ཡོལ་བསྐྲུན་ནས་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རིམ་བཞིན་མཐོ་རུ་བཏང་སྟེ་མང་ཚོགས་ནད་བསྟེན་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད"དེ་ནི་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་སྨན་བཅོས་འཕྲོད་བསྟེན་ལས་བྱེད་ཤེས་ལྡན་པ་སྒྲིག་འཛུགས་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱི་ད་ཡོད་ལས་དོན་ལ་དམིགས་ནས་བཏོན་པའི་སྤྱིའི་བསམ་ཕྱོགས་རེད།

          དེར་བརྟེན་ལས་དོན་རུ་ཁག་གིས་འཆར་གཞིའི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.9བསྡུ་རུབ་བྱས་པའི་ནང་ནས"2+4"འཕྲོད་བསྟེན་རྣམ་གྲངས་ཏེ་ཆབ་མདོ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་མཛོ་སྒང་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རྣམ་གྲངས་དང་། ཁ་གཏད་རྫོང་སྨན་ཁང་4འཛུགས་སྐྲུན་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་གཙོ་གནད་དུ་གོང་མཐོར་གཏོང་རྒྱུ་རེད། མིག་སྔར་རྣམ་གྲངས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།

         ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་ནད་བརྟག་སྨན་བཅོས་དཀའ་བའི་ནད་གཞི་དང་ནད་གཞི་ལྕི་པོ་སྨན་བཅོས་བྱ་ཆེད་བོད་སྐྱོར་སྨན་པས་སེམས་ནུས་དང་རྔུལ་ཆུ་མང་པོ་བཏོན་ཡོད།

ཁ་བཤད་དཔེ་སྟོན་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་བྱས།
          ས་གནས་སྨན་དོན་མི་སྣའི་ཆེད་ལས་ལག་རྩལ་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། "ནམ་ཡང་གནས་ཐུབ་པའི་བོད་སྐྱོར་སྨན་བཅོས་རུ་ཁག"གཅིག་གཏོད་ཆེད། ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་གིས"བརྒྱུད་རོགས་ཁྲིད་སློབ"བཅས་ཀྱི་བྱ་ཐབས་བཞི་བཏོན་པ་རེད།
ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གིས"སློབ་ཁྲིད་དང་། བགྲོ་གླེང་། དཔྱད་བསྡུར"བཅས"གསུམ་གཞི་གཅིག"གི་སློབ་ཁྲིད་བྱ་ཐབས་བཏོན་ནས་བརྒྱུད་རོགས་ཁྲིད་ཀྱི་ལས་དོན་ཤུགས་ཆེན་སྤེལ་ཏེ་གཤག་བཅོས་བྱེད་སྟངས་བསླབ་པ་རེད།

          བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་དང་ཧྥུའུ་ཅན་དང་ཆབ་མདོ་ས་གནས་གཉིས་ཀྱི་འབྲེལ་ཡོད་ཚན་པའི་དབར་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད། ལག་རྩལ་གྱི་བོད་སྐྱོར་དང་ཤེས་ལྡན་པའི་བོད་སྐྱོར་ཐད་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ཅིང་། མིག་སྔར་ཧྥུའུ་ཅན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། ཞིང་ཆེན་ལས་ནད་དང་རྫས་འགྱུར་གྱི་དུག་ཕོག་ཚོད་འཛིན་ལྟེ་གནས་ཀྱིས་ཆབ་མདོ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཁ་གཏད་རྫོང་བཞིའི་སྨན་བཅོས་སྒྲིག་གཞི་དང་དེ་བཞིན་དེ་མཚུངས་ཀྱི་ས་གནས་དང་གྲོང་ཁྱེར་གྱི་སྨན་བཅོས་ཚན་པ་དང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་པའམ་ཡང་ན་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་བཞག་པ་རེད།

འོས་འགན་སྨན་བཅོས་བྱས་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན།
          འདི་ལོའི་ཟླ་ལྔ་པར། དཔལ་འབར་རྫོང་གི་ལྷ་རྩེ་ཤང་དུ་བྱེས་བགྲོད་རླངས་འཁོར་མང་པོ་འབྱོར་ནས་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་གྱི་གཞི་རིམ་དུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད།
འོས་འགན་སྨན་བཅོས་བྱེད་རིང་ས་གནས་དེ་གའི་མང་ཚོགས་སྨན་བཅོས་བྱེད་པར་ཡོང་མཁན་རྒྱུན་མི་ཆད་པ་དང་ཁྲག་ཤེད་མཐོ་བ་དང་། དོས་དྲག་གམ་དལ་བའི་རང་བཞིན་གྱི་ཕོ་རྒྱུའི་ནད། ཆམ་ནད། དབུགས་ལམ་ལ་གཉན་ཁ་རྒྱས་པ། གྲུམ་བུ་ཚིགས་ཆེན་གྱི་ནད། བྱིས་པའི་གཞན་བརྟེན་སྲིན་འབུའི་ནད་སོགས་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཚོས་སྔ་དྲོ་ནས་ཉིན་དགུང་བར་སྨན་བཅོས་ལས་ལ་བྲེལ་བ་དང་། གཞི་རྩའི་ཁྲག་ཤེད་ལྟ་བ་དང་ལུས་དྲོད་བརྟག་དཔྱད་བྱེད་པ་ནས་སྨན་ཐོ་འབྲི་བ་དང་སྨན་སྤྲོད་པ་དང་འབྲེལ་སྨན་སྤྱོད་སྟངས་གསལ་བཤད་ཞིབ་ཕྲ་བྱས་ཡོད།
ས་བབ་མཐོ་ཡང་ལས་ཀའི་ཚད་གཞི་དམའ་རུ་ཕྱིན་མེད། གསོ་རླུང་དཀོན་ཡང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མི་ཉམས་ཡུན་དུ་གནས་ཡོད།