ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

བོད་ལྗོངས་སུ་ས་གནས་རིམ་པའི“ཨང་རིམ་གསུམ་པའི་ཚད་རིམ་དང་པོ”ཅན་གྱི་ཕྱོགས་བསྡུས་སྨན་ཁང་ཐོག་མའི་སྒོ་བྱང་དངོས་སུ་བཀལ།

སྤེལ་དུས 2018-01-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
    
པར་རིས་འདི་ནི་སྒོ་བྱང་འགེལ་བའི་མཛད་སྒོའི་ཡུལ་དངོས་རེད།  
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ1པོའི་ཚེས3ཉིན། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས“ཨང་རིམ་གསུམ་པའི་ཚད་རིམ་དང་པོ”ཅན་གྱི་ཕྱོགས་བསྡུས་སྨན་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་རིམ་པའི“ཨང་རིམ་གསུམ་པའི་ཚད་རིམ་དང་པོ”ཅན་གྱི་ཕྱོགས་བསྡུས་སྨན་ཁང་ཐོག་མ་གྱུར་ཏེ། དེས་ལྷ་ས་གྲོང་ཁྱེར་དུ་སྤུས་ཚད་མཐོན་པོ་དང་། ཆུ་ཚད་མཐོ་བ། དེང་རབས་ཅན་གྱི“ཨང་རིམ་གསུམ་པའི་ཚད་རིམ་དང་པོ”ཅན་གྱི་ཕྱོགས་བསྡུས་སྨན་ཁང་ཡོད་པ་མཚོན། 

          རྒྱུས་ལོན་བྱུང་བ་ལྟར་ན།  2015 ལོའི་ཟླ8 པར། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས“ཨང་རིམ་གསུམ་པའི་ཚད་རིམ་དང་པོ”གསར་གཏོད་བྱ་རྒྱུ་དམ་འཛིན་བྱས་ཏེ། དམིགས་ཡུལ་མདོ་འདུས་དང་གནད་འཕིགས་ཤུགས་འདོན་བྱས་ཏེ་སྨན་བཅོས་ཞབས་ཞུའི་ནུས་པ་མངོན་གསལ་ཆེ་རུ་བཏང་སྟེ་སྨན་བཅོས་ཀྱི་སྤུས་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ནས་སྨན་ཁང་ལ་གནམ་ས་བླ་འོག་བརྗེ་འདྲའི་རྣམ་པ་རང་བཞིན་གྱི་འགྱུར་ལྡོག་བྱུང་།  2017ལོའི་ཟླ11པའི་ཚེས 10ཉིན། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལ“ཨང་རིམ་གསུམ་པའི་ཚད་རིམ་དང་པོའི”ཕྱོགས་བསྡུས་སྨན་ཁང་ཞེས་སུ་གཏན་འཁེལ་བྱུང་བ་དང་།  གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་བཅོས་དང་མཐོར་འདེགས་བཏང་སྟེ་ནད་གཞི་ཆེ་རིགས་བྱུང་ཚེ་ཕྱི་ལོག་ཏུ་འགྲོ་མི་དགོས་པར་བོད་རང་སྐྱོང་ལྗོངས་ནང་ཁུལ་ནས་སྨན་བཅོས་བྱེད་ཐུབ་པའི་ཐད་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་བླངས་ཤིང་། འདི་ནི་ལྷ་ས་གྲོང་ཁྱེར་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་དོན་འཁྱོལ་ཡོང་བའི་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ཡིན། 
          པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྥང་ལའེ་ཡིང་གིས་བརྩེ་བ་ལྡན་པའི་ངང“འདི་ནི་བོད་ཀྱི་ལོ་གསར་མ་སླེབས་སྔོན་དུ་ང་ཚོས་བོད་ལྗོངས་མི་དམངས་ལ་ཕུལ་བའི་ལོ་གསར་གྱི་ལེགས་སྐྱེས་ཆེན་པོ་ཞིག་ཡིན”ཞེས་བཤད།

པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྥང་ལའེ་ཡིང་།
          ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ཡུས་ཡཱ་པིན་གྱིས“‘ཨང་རིམ་གསུམ་པའི་ཚད་རིམ་དང་པོ’གསར་སྐྲུན་བྱེད་པའི་གོ་རིམ་ནི་སྨན་ཁང་གི་ནུས་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་བརྒྱུད་རིམ་ཡིན་ཞིང་། ‘ཨང་རིམ་གསུམ་པའི་ཚད་རིམ་གཉིས་པ’ནས ‘ཨང་རིམ་གསུམ་པའི་ཚད་རིམ་དང་པོའི’བར་ནི་ཡི་གེ་གཅིག་གི་མཐོར་འདེགས་དང་།  གཞི་ཁྱོན་གྱི་རྒྱ་བསྐྱེད་དང་ཞབས་ཞུར་ཤུགས་སྣོན་བཏང་བ་གཅིག་པུ་མ་ཡིན་པར།  དེ་བས་ཀྱང་བསམ་བློའི་འདུ་ཤེས་དང་། ནང་དོན་གྱི་སྤུས་ཚད། འགན་འཁྲིའི་མཐོར་གཏོང་ཡིན་པ་དང་། སྨན་ཁང་དང་ཕུགས་རྒྱང་གི་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན།”ཞེས་གསུངས།

པར་རིས་འདི་ནི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བའི་ཡུལ་དངོས་རེད།  
          ཡུས་ཡཱ་པིན་གྱིས་བསྟན་དོན། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ“ཨང་རིམ་གསུམ་པའི་ཚད་རིམ་དང་པོ”གསར་གཏོད་ལེགས་འགྲུབ་བྱུང་བ་གོ་སྐབས་སུ་བྱས་ཏེ་རང་འགུལ་ངང“ནད་པ་གཙོ་བོར་བརྩི་བའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྨན་ཁང་དེ་ཉིད་ཏང་དང་སྲིད་གཞུང་གིས་དམངས་འཚོར་དོ་ཁུར་བྱེད་པའི་ཟམ་པ་དང་སྒྲོག་ཐག་ལྟ་བུར་འཛུགས་སྐྲུན་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པ་མངོན་འགྱུར་ཡོང་བར་སྟོབས་ཆེ་ནུས་ལྡན་གྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་འགན་སྲུང་བྱ་རྒྱུ་མཁོ་འདོན་བྱས་ཤིང་།  དུས་མཚུངས་སུ་ཚན་སློབ་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ། “སྨན་ཁང་དུ་སྡོད་པའི་སྨན་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་རྟེན་གཞི”འཛུགས་སྐྲུན་བྱ་བར་ཤུགས་སྣོན་བརྒྱབ་ནས་རིམ་པ་མང་བ་དང་།  ཕྱོགས་ཡོངས་ཀྱི་གསོ་སྦྱོང་དོ་དམ་ལམ་ལུགས་འཐུས་ཚང་ཅན་འཛུགས་སྐྲུན་བྱས་ཏེ།  དགེ་རྒན་གྱི་སྟོབས་ཤུགས་དང་། ཁྲིད་སྟོན་གྱི་ཆུ་ཚད། ཁྲིད་གཞི་གསར་གཏོད་སོགས་ཀྱི་ཐད་སློབ་ཆེན་གྱི་སློབ་གསོའི་རེ་བ་དང་མཐུན་པའི་ནད་ཐོག་སྨན་བཅོས་ཀྱི་སློབ་ཁྲིད་གསོ་སྦྱོང་གི་མ་ལག་ཅིག་བཙུགས་ཏེ། “གསོ་སྦྱོང་སློབ་ཁྲིད - ནད་ཐོག་ལག་ལེན”གཉིས་ཕན་ཚུན་སྐུལ་འདེད་དང་ཐུན་མོང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གསར་གཏོད་བྱ་རྒྱུ་དང་།  ཞབས་ཞུ་སྒྲུབ་ནུས་མུ་མཐུད་དུ་མཐོ་རུ་བཏང་སྟེ་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གོ་སྐབས་བཟང་པོ་དམ་འཛིན་དང་། ནད་ཐོག་གསོ་རིག་སློབ་གསོ་ཞིབ་འཇུག་ལྟེ་བའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྷ་ས་གྲོང་ཁྱེར་དུ་རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་དོན་འཁྱོལ་ཡོང་བའི“སྣེ་འདྲེན”སྨན་ཁང་གི་ནུས་པར་ཤུགས་སྣོན་རྒྱག་རྒྱུ་དང་། གཞི་གཅིག་ཅན་དང་། ཀུན་ནུས་ཀྱི་ཞབས་ཞུའི་རྣམ་པ་དར་སྤེལ་གཏོང་བར་འཚོལ་ཞིབ་བྱས་ཏེ་དམངས་བདེ་དམངས་ཕན་གྱི་ཚན་པ་སོ་སོའི་བྱེད་ཐབས་ཟམ་མི་ཆད་པར་འཐུས་ཚང་དང་གསར་གཏོད་བྱས་ཏེ་ཞབས་ཞུ་ཁྱད་དུ་འཕགས་པ་མཁོ་འདོན་བྱ་དགོས་ཞེས་གསུངས། 

པར་རིས་འདི་ནི་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་ཧྲི་ཀྲང་གོ་གོག་རེད། 
          “ཨང་རིམ་གསུམ་པའི་ཚད་རིམ་དང་པོ”བཙུགས་པ་ནི་འགོ་འཛུགས་ས་ཙམ་ཡིན་ཞིང་། “ཨང་རིམ་གསུམ་པའི་ཚད་རིམ་དང་པོ”སྟོབས་ཆེར་གཏོང་རྒྱུ་ནི་ད་གཟོད་དམིགས་ཡུལ་ཡིན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་ཧྲི་ཀྲང་གོ་གོག་གིས་བསྟན་དོན། “ཨང་རིམ་གསུམ་པའི་ཚད་རིམ་དང་པོ”ཅན་གྱི་ཕྱོགས་བསྡུས་སྨན་ཁང་བདེ་ལེགས་ངང་བཙུགས་པ་དེས་ལྷ་ས་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་ལ་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡང་། འདི་ནི་སྨན་ཁང་གོང་དུ་འཕེལ་བའི་མཐའ་སྣེ་མ་ཡིན་པར་འགོ་འཛུགས་ས་གསར་རྐྱང་ཞིག་ཡིན་པས། སྨན་ཁང་གི་ལས་བྱེད་ལས་བཟོ་པ་ཡོངས་ཀྱིས་མུ་མཐུད་དུ་དཀའ་སྤྱད་འབད་འཐབ་དང་། འབད་འཐབ་ལྷོད་མེད་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། གོ་སྐབས་དམ་འཛིན་དང་དུས་བསྟུན་འཕེལ་རྒྱས་སུ་བཏང་སྟེ “ཨང་རིམ་གསུམ་པའི་ཚད་རིམ་དང་པོ”ཅན་གྱི་གཟི་བརྗིད་ཀྱི་མཚན་སྙན་དེ་གོམས་སྦྱོང་བརྡར་གསུམ་དང་། འཕེལ་རྒྱས་ཚད་བརྒལ་གྱི་འགོ་འཛུགས་ས་གསར་པ་ཞིག་ཏུ་བྱེད་དགོས་ཤིང་།  སྒྱུར་བཅོས་ཁྲོད་འཚོལ་ཞིབ་དང་། དོ་དམ་གྱི་ཐད་ནས་གསར་གཏོད་དང་། ལས་རིགས་སྟེང་ནས་བྱང་ཆུབ་དང་ཞིབ་ཕྲ་སྤེལ་ནས་མང་ཚོགས་ཀྱིས་སེམས་བདེ་བ་དང་། ལས་བཟོ་པའི་བློ་ཡིད་ཚིམ་པ། སྲིད་གཞུང་གིས་ཁས་ལེན་བྱས་པའི“ཨང་རིམ་གསུམ་པའི་ཚད་རིམ་དང་པོའི”ཕྱོགས་བསྡུས་སྨན་ཁང་ཞིག་ཏུ་གཏོང་དགོས་ཞེས་གསུངས།

པར་རིས་འདི་ནི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བའི་ཡུལ་དངོས་རེད།  
          ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས2020ལོར་ནུབ་རྒྱུད་ཞིང་ཆེན་གྲོང་ཁྱེར་གྱི“ཨང་རིམ་གསུམ་པའི་ཚད་རིམ་དང་པོའི”སྨན་ཁང་གི་ཆ་སྙོམས་ཀྱི་ཆུ་ཚད་ལ་སླེབས་སུ་འཇུག་རྒྱུའི་འཆར་གཞི་ཡོད་ཅིང་།  གྲོང་ཁྱེར་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་ཆེད་དང་། བོད་ལྗོངས་ཀྱི་སྤྱི་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་བྱས་རྗེས་དེ་བས་ཆེན་པོ་འཇོག་རྩིས་འདུག