གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ནང་སའི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་རིགས་གཅིག་མཁས་ཅན་བོད་དུ་ཡོང་ནས་སྨན་དོན་མི་སྣ་བརྒྱ་ལྷག་ཙམ་ལ་གསོ་སྦྱོང་བྱས་པ།

སྤེལ་དུས 2018-06-26 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
            ཚེས་22ཉིན་རྒྱལ་ཡོངས་ཀྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་རིགས་གཅིག་མཁས་ཅན་25བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་ཡོང་ནས“རང་བརྟེན”རྣམ་པའི་སྨན་བཅོས་བོད་སྐྱོར་བྱེད་འགོ་བརྩམས་ཏེ། རིག་གཞུང་ཚན་ཁག་འཛུགས་སྐྱོང་དང་། སྨན་ཁང་དོ་དམ་གྱི་འདུ་ཤེས་དང་སྨན་བཅོས་འཕྲུལ་ཆས་ཚད་ལྡན་ཅན་བེད་སྤྱོད་བཅས་བྱེད་པའི་ཐད་བོད་ཀྱི་གཞི་རིམ་སྨན་དོན་མི་སྣ་100ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད།
               རྣམ་གྲངས་འདི་ནི་2016ལོར་འགོ་ཚུགས་པའི“སྨན་བཅོས་མཉམ་འགྲོགས་བྱ་སྤྱོད”ཀྱི་བོད་སྐྱོར་ཆེད་སྦྱོང་ཚན་ཁག་འཛུགས་སྐྱོང་དང་དོ་དམ་ནུས་པ་གསོ་སྦྱོང་གི་རྣམ་གྲངས་ཤིག་ཡིན་པ་དང་། འདི་ནི་དེ་སྔའི་རྒྱལ་ཁབ་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་སྨན་ཁང་དོ་དམ་ཞིབ་འཇུག་སུའོ་ཡིས་གཙོ་གཉེར་བྱས་པ་དང་། ནུབ་རྒྱུད་མཐའ་མཚམས་ས་ཁུལ་སྨན་ཁང་གི་ཁ་གཏད་རོགས་སྐྱོར་མཉམ་ལས་ལ་དམིགས་པའི་སྤྱི་ཕན་རྣམ་གྲངས་ཤིག་རེད། དེའི་དམིགས་ཡུལ་ནི་ནུབ་རྒྱུད་སྨན་ཁང་གི་སྨན་བཅོས་ལག་རྩལ་གྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་བཏང་ནས་སྨན་ཁང་གི་སྤྱི་ཡོངས་ཀྱི་དོ་དམ་ཆུ་ཚད་དང་དེ་བཞིན་སྨན་པ་དཀའ་བཅུ་པའི་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།
               རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་དོན་སྨན་ཁང་དོ་དམ་ཅུས་ལས་རིགས་སྤྱོད་ཚུལ་འཛུགས་སྐྱོང་ཁྲུའི་ཁྲུའུ་ཀྲང་ཁྲེན་ཧུའུ་ཡིས་ལོ་2ལྷག་ཙམ་རིང“སྨན་བཅོས་མཉམ་འགྲོགས་བྱ་སྤྱོད”ཀྱིས་བོད་དུ་ཆེད་དོན་གསོ་སྦྱོང་ཐེངས་4བྱས་པས་ས་གནས་དེ་གའི་སྨན་དོན་མི་སྣ་400ལྷག་ཙམ་ལ་ཕན་པ་ཐོབ་ཡོད། རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་ཀྱིས་སྨན་ཁང་དོ་དམ་ཚད་ལྡན་དུ་བཏང་བ་དང་རིག་གཞུང་ཚན་ཁག་འཛུགས་སྐྱོང་བྱེད་པ་བརྒྱུད་ད་ཡོད་ཀྱི་ཤེས་ལྡན་པ་གནས་ཐུབ་པར་བྱས་ཏེ་སྨན་བཅོས་ཐད“རང་བརྟེན”ཐུབ་རྒྱུའི་རེ་བ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
               ད་ཐེངས་ཀྱི་བོད་སྐྱོར“སྨན་བཅོས་མཉམ་འགྲོགས་བྱ་སྤྱོད”རྣམ་གྲངས་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ཚང་མ་ནི་ས་གནས་ཁག་གི་སྨན་བཅོས་རིག་གཞུང་ཚན་ཁག་འཛུགས་སྐྱོང་དང་སྨན་བཅོས་དོ་དམ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཤ་སྟག་ཡིན་ཞིང་། དེ་དག་ནི་ཧྲང་ཧའེ་དང་། ཀོང་ཏུང་། ཧེ་ལུང་ཅང་། ཧོ་པེ། ཅང་སུའུ། ཧུའུ་པེ། ཁྲུང་ཆིང་། ཧྲའན་ཤིས་སོགས་ས་གནས་ཀྱི་སྨན་བཅོས་སྒྲིག་གཞི་ཁག་སོ་སོ་ནས་ཡོང་བ་ཞིག་ཡིན་པ་རེད།