ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་རུ་ཐོག་རྫོང་གི་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་ནང་སོག་དང་ཤིན་ཅང་དུ་སློབ་སྦྱོང་དང་ལྟ་སྦྱོང་བྱེད་པར་བསྐྱོད་པ།

སྤེལ་དུས 2021-08-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཉེ་ཆར། ཧོ་པེའི་བོད་སྐྱོར་རུ་ཐོག་ལས་དོན་ཚོགས་ཆུང་གིས་རུ་ཐོག་རྫོང་ཞིང་འབྲོག་ཅུས་དང་ཁུལ་ལྡན་ར་དཀར་པོའི་དཔེ་སྟོན་དུད་ཚང་སོགས་ཀྱི་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་ལས་ལྟ་སྦྱོང་རྟོག་ཞིབ་ཚོགས་པ་བཙུགས་ནས། ཤིན་ཅང་ཐེན་ཧྲན་ཚོགས་པ་དང་ནང་སོག་ཨ་ཙུའོ་ཆིར་བསྐྱོད་དེ་ཁུལ་ལྡན་ར་དཀར་པོའི་ཐོན་ལས་ཧྲིལ་པོར་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་རེད།
            རྟོག་ཞིབ་ཚོགས་པས་ཝུའུ་ལུའུ་མུའུ་ཆིའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པའི་ཤིན་ཅང་ཐེན་ཧྲན་ཚོགས་པའི་བལ་འཁེལ་འཐག་ཐོན་སྐྱེད་རྟེན་གཞིར་རྟོག་ཞིབ་བྱས་ཏེ་དེ་སྔའི་ཁུ་ལུ་འཁྲུ་བ་དང་། ཤད་རྒྱག་པ། ཚོས་རྒྱག་པ། འཁེལ་འཐག་བཅས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ཆ་ཚང་དང་ཐོན་སྐྱེད་བཟོ་རྩལ་ལ་ལྟ་སྦྱོང་ནན་ཏན་བྱས་པ་དང་། ཐེན་ཧྲན་འཁེལ་འཐག་གི་འབྲེལ་ཡོད་འགན་འཁུར་བས་ཐོན་རྫས་མ་དཔེར་བྱས་ཏེ་ལྟ་སྦྱོང་བྱེད་མཁན་ཚོར་ཐོན་སྐྱེད་ཁུལ་མི་འདྲ་བའི་ཁུ་ལུ་ཐོན་རྫས་ཀྱི་རིན་གོང་ཚད་གཞི་དང་ཐོན་རྫས་ཀྱི་ཧེ་བག་ཅན་གྱི་ཆུ་ཚད་ལ་ངང་རྒྱུད་རིང་པོས་དབྱེ་ཞིབ་དང་འགྲེལ་བཤད་བརྒྱབ་པ་རེད།
            རྟོག་ཞིབ་ཚོགས་པས་ནང་སོག་ཨ་ཙུའོ་ཆིར་དུས་ཡུན་ཉིན་3གྱི་རྟོག་ཞིབ་སློབ་སྦྱོང་བྱས་ཤིང་། སྔ་རྗེས་སུ་ཨ་ལ་ཧྲན་ཙུའོ་ཆི་ཁྲའོ་ཀེ་ཐུའུ་ཧུའུ་རེ་སུའུ་མུའུ་དང་ཝུའུ་ལན་ཆོན་ཅེ་ཀ་ཁྲར་ལྟ་སྐོར་བྱས་ཏེ། ཨ་ཙུའོ་ཆིའི་སྒོ་ཕྱུགས་ཀྱི་རྒྱུད་པ་ལེགས་བཅོས་ས་ཚིགས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཨ་ཙུའོ་ཆིའི་ཁུལ་ལྡན་ར་དཀར་པོའི་ཐོན་སྐྱེད་ཀྱི་ཁྱད་ཆོས་དང་། རྒྱུད་བཟང་གསོ་སྤེལ་མ་ལག་འཛུགས་སྐྱོང་། ཐོན་ལས་འཕེལ་རྒྱས་ཀྱི་ད་ཆའི་གནས་ཚུལ། ཐོན་ལས་སྲིད་ཇུས། ལྟེ་བའི་ཚོགས་པ། མི་ཐབས་ལ་བརྟེན་ནས་ཁམས་དཀར་འཇུག་པའི་ས་ཚིགས་བཅས་ཀྱི་འཛུགས་སྐྲུན་འཁོར་སྐྱོད་དང་དོ་དམ་གནས་ཚུལ་ངོ་སྤྲོད་བྱས་པ་ཉན་པ་རེད། ལས་དོན་མི་སྣ་ཡོངས་ཀྱིས་སློབ་སྦྱོང་དང་ལྟ་སྦྱོང་བྱས་པ་མ་ཟད། ས་གནས་དེ་གའི་ལྟེ་བའི་ཁུ་ལུ་ཐོན་སྐྱེད་ཚོགས་པའི་འབྲོག་པས་ས་གནས་ས་ཐོག་ཏུ་དཔེ་སྟོན་བྱས་པའི་ཨ་ལ་ཧྲན་ཁུལ་ལྡན་ར་དཀར་པོའི་ཁུ་ལུ་འཐོག་སྟངས་དང་ཁུ་ལུ་རིམས་དབྱེ་ལེགས་སྒྲིག་ལག་རྩལ་ཉམས་ལེན་བྱས་པ་དང་ཆབས་ཅིག ཁུལ་ལྡན་ར་དཀར་པོའི་ཐོན་ལས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ཨ་ལ་ཧྲན་ས་ཁུལ་གྱི་ཞིང་འབྲོག་ལས་དང་ཁུལ་ལྡན་ར་དཀར་པོའི་ཐོན་ལས་འཕེལ་རྒྱས་ཀྱི་གཞི་རྩའི་གནས་ཚུལ་དང་། ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས། སྐུལ་འདེད་གཏོང་ཐབས་དང་ཉམས་མྱོང་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་ནས། ཇི་ལྟར་བྱས་ཏེ་ས་ཁུལ་གཉིས་དབར་གྱི་ཁུལ་ལྡན་ར་དཀར་པོའི་ཐོན་ལས་སྤུས་མཐོ་ནུས་ཆེར་སྐུལ་འདེད་གཏོང་བ་དང་། ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཛུགས་པ། སྤུས་རྟགས་གཏོད་པ། མཉམ་ལས་ཁང་གི་སྦྲེལ་མཐུད་ནུས་པ་འདོན་སྤེལ། ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། སྤུས་ལེགས་ཀྱི་ཁུལ་ལྡན་ར་དཀར་པོ་འདེམས་གསོ་སོགས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ཀྱི་གླེང་མང་བའི་གནད་དོན་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་བསམ་འཆར་བརྗེ་རེས་ཀྱང་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།